ཉེས་ཆད་མ་ལགསྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-04-25 17:50ལ་འགྲུབ།

ཉེས་ཆད་མ་ལག

ཉེས་ཆད་མ་ལག
ཉེས་ཆད་མ་ལག་ཅེས་པ་ནི་རྒྱལ་ཁབ་ཀྱིས་ཉེས་ཆད་གཅོད་པའི་ནུས་པ་འདོན་སྤེལ་དང་། ཉེས་ཆད་གཅོད་པའི་དམིགས་ཡུལ་མངོན་འགྱུར་བྱེད་པར་ཕན་ཐོགས་ཡོད་པ་དེ་མཛུབ་ཁྲིད་ཀྱི་རྩ་དོན་དུ་བྱས་ཤིང་། ཉེས་ཁྲིམས་ཀྱི་གཏན་འབེབས་ལ་བརྟེན་ནས་གྲུབ་པ་དང་། ཉེས་ཆད་ཀྱི་རྣམ་གྲངས་ངེས་ཅན་ཞིག་དེའི་ལྕི་ཡང་ལ་གཞིགས་ནས་གྲུབ་པའི་གོ་རིམ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刑罚体系
གྲུབ་ཆའི་རྒྱུ་རྐྱེན།
ཞིབ་ཕྲའི་ཉེས་ཆད་གཅོད་སྟངས་ནི་ཉེས་ཆད་ཀྱི་རྣམ་གྲངས་ཡིན།
1 ​གོ་དོན།

ཉེས་ཆད་མ་ལག་ལ་གཤམ་གྱི་ཁྱད་ཆོས་དག་ལྡན། 

1.ཉེས་ཆད་མ་ལག་གི་གྲུབ་ཆའི་རྒྱུ་རྐྱེན་ནི་ཞིབ་ཕྲའི་ཉེས་ཆད་གཅོད་སྟངས་ཤིག་ཡིན་པ་སྟེ། 

2.ཉེས་ཆད་མ་ལག་གི་རྒྱུ་རྐྱེན་གཙོ་བོ་གྲུབ་པའི་ཉེས་ཆད་ཀྱི་རྣམ་གྲངས་ནི་ཁྲིམས་འཛུགས་མཁན་གྱིས་གདམ་ག་བྱས་པ་བརྒྱུད་གཏན་འཁེལ་བྱས་པ་ཞིག་ཡིན། རང་རྒྱལ་གྱི་ཉེས་ཁྲིམས་ཀྱི་རྣམ་གྲངས་ནི་ཁྲིམས་འཛུགས་མཁན་གྱིས་དུས་ཡུན་རིང་པོའི་ནང་རང་རྒྱལ་གྱི་ཉེས་དོན་ཁྲིམས་བཟོའི་གཏན་འབེབས་སྣ་ཚོགས་ཀྱི་ཉེས་ཆད་སྣ་རིགས་དང་དེ་བཞིན་བེད་སྤྱོད་ཕན་འབྲས་ལ་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག་གཏན་འཁེལ་བྱས་པ་ཞིག་རེད། 

3.ཉེས་ཆད་མ་ལག་གི་རྒྱུ་རྐྱེན་གཙོ་བོ་གྲུབ་པའི་ཉེས་ཆད་རྣམ་གྲངས་ཁག་ནི་ཚད་གཞི་ངེས་ཅན་ཞིག་ལ་གཞིགས་ནས་བསྒྲིགས་པ་ཡིན། རང་རྒྱལ་གྱི་ཉེས་ཁྲིམས་ནང་གི་ཉེས་ཆད་མ་ལག་གི་ཉེས་ཆད་གཙོ་བོ་དང་ཟུར་འགེལ་ཉེས་ཆད་ཚང་མ་ནི་རང་སོ་སོའི་ནན་པོ་གཏོང་བའི་ཚད་གཞི་ལྟར་ཡང་བ་ནས་ལྕི་བའི་བར་རིམ་བཞིན་བསྒྲིགས་པ་ཞིག་རེད། 

4.ཉེས་ཁྲིམས་མ་ལག་ནི་ཉེས་ཁྲིམས་ནང་གཏན་འབེབས་གསལ་པོ་བྱས་ཡོད། དང་པོ། ཉེས་ཁྲིམས་མ་ལག་གི་རྒྱུ་རྐྱེན་གཙོ་བོ་གྲུབ་པའི་ཉེས་ཆད་ཀྱི་རིགས་ནི་ཉེས་ཁྲིམས་ནང་གཏན་འབེབས་གསལ་པོ་བྱས་ཡོད། གཉིས། ཉེས་ཆད་གཙོ་བོ་དང་ཟུར་འགེལ་ཉེས་ཆད་ཀྱི་དབྱེ་བ་ནི་ཉེས་ཁྲིམས་ནང་གཏན་འབེབས་བྱས་པ་ཞིག་ཡིན། གསུམ་པ། ཉེས་ཆད་ཀྱི་རིགས་སྔ་རྗེས་སུ་བསྒྲིགས་པ་ནི་ཉེས་ཁྲིམས་ཀྱི་གཏན་འབེབས་ཡིན། 

5.མ་ལག་གཏན་འཁེལ་བྱས་པའི་གཞི་འཛིན་ས་ནི་ཉེས་ཁྲིམས་ཀྱི་ནུས་པ་འདོན་སྤེལ་དང་དམིགས་ཡུལ་མངོན་འགྱུར་བྱེད་པར་ཕན་པ་ཡོད། རང་རྒྱལ་གྱི་ཉེས་ཁྲིམས་མ་ལག་ཁྲོད་དུ་ཉེས་ཁྲིམས་ཀྱི་རིགས་དང་ཉེས་ཆད་ཀྱི་རིགས་དབྱེ་གང་ཡིན་རུང་། ཡང་ན་ཁྲིམས་ཆད་ཀྱི་རིགས་ལྟར་བསྒྲིགས་པ་དང་ཚང་མ་ཁྲིམས་འཛུགས་མཁན་གྱིས་ཉེས་ཁྲིམས་ཀྱི་བྱེད་ནུས་འདོན་སྤེལ་དང་ཉེས་ཁྲིམས་ཀྱི་དམིགས་ཡུལ་མངོན་འགྱུར་ཡོང་བར་ཕན་པ་ནས་གཏན་འཁེལ་བྱས་པ་ཞིག་ཡིན་པ་ལས། རང་སྣང་གང་ཤར་གྱིས་གཏན་འབེབས་བྱས་པ་ཞིག་མ་རེད། 

2 མ་ལག་བྱེད་ལས།

1.སློབ་གསོའི་ནུས་པ། ཉེས་ཆད་ཀྱི་རྣམ་གྲངས་བཀོད་སྒྲིག་ཅེས་པ་ནི་མི་རྣམས་ལ་ཉེས་པ་གསོག་མི་དགོས་པའི་སློབ་གསོ་བྱེད་ཆེད་ཡིན། དེ་འདྲ་མ་བྱས་ཚེ་ཉེས་ཆད་ཕོག་རྒྱུ་ཡིན་ལ་མི་རྣམས་ལ་ཉེས་གསོག་བྱེད་སྤྱོད་ལ་འཐབ་རྩོད་ཧུར་ཐག་བྱེད་རྒྱུའི་ལྕག་སྐུལ་ཡང་བྱ་རྒྱུ་རེད། 

2.ཟིལ་ཤུགས་ཀྱི་ནུས་པ། ཉེས་ཆད་གཅོད་པའི་བཙན་པོ་རང་བཞིན་གྱིས་ཉེན་ཁ་ཅན་དང་གཏན་འཇགས་མིན་པའི་མི་དེ་དག་ལ་ཟིལ་གྱིས་གནོན་སྲིད་པ་དང་། ཤེས་བཞིན་དུ་ཁྲིམས་ལ་ཚོད་ལྟ་མི་བྱེད་པར་རང་གི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་འཛིན་དགོས། 

3.ཚན་རིག་ཅན་གྱི་ནུས་པ། ཉེས་ཁྲིམས་མ་ལག་གི་ཚན་རིག་རང་བཞིན་གྱིས་ཉེས་ཁྲིམས་མ་ལག་གི་ཚན་རིག་རང་བཞིན་ལ་སྔར་བས་རྨང་གཞི་བཏིང་ཡོད། 

4.ཉེས་ཆད་ཀྱི་དམིགས་ཡུལ་མངོན་འགྱུར་བྱེད་པའི་ནུས་པར་ཕན་པ་ཡོད། ཚན་རིག་དང་མཐུན་པའི་ཁྲིམས་ཆད་མ་ལག་དེས་ཉེས་གསོག་སྔོན་འགོག་ལ་ཕན་པ་དང་། དེས་ཉེས་ཆད་ཀྱི་དམིགས་ཡུལ་མངོན་འགྱུར་ཡོང་རྒྱུར་ཕན་པ་ཡོད། 

3 རང་རྒྱལ་གྱི་ཁྱད་ཆོས།

ཕྱི་རྒྱལ་གྱི་ཁྲིམས་ཆད་མ་ལག་དང་བསྡུར་ན། རང་རྒྱལ་གྱི་ཁྲིམས་ཆད་མ་ལག་ལ་ཁྱད་ཆོས་འགའ་ཡོད་པ་གཤམ་གསལ་ལྟར། 

1.རྒྱུ་ཆ་ཀུན་འཛོམ་དང་གྲུབ་ཚུལ་ལུགས་མཐུན། རྒྱུ་རྐྱེན་ཀུན་འཛོམ་ནི་ཉེས་ཁྲིམས་ཀྱི་སྣ་རིགས་མང་བ་དང་། ལྕི་ཡང་མི་འདྲ་བ། ཚོད་འཛིན་གྱི་དབང་ཆ་ཡོད་པ། བཙན་འཕྲོག་བྱས་ཡོད་པ། ཡང་རིགས་བཙོན་འཇུག་མི་བྱེད་མཁན་ལ་ལྗིད་ཤོས་ལ་སྲོག་ཁྲིམས་གཅོད་དགོས། གྲུབ་ཚུལ་ལུགས་མཐུན་ཡིན་ན། ཐོག་མར་ཉེས་ཆད་གཙོ་བོ་དང་ཟུར་འགེལ་ཉེས་ཆད་གཉིས་ཟུང་འབྲེལ་བྱས་ནས་སྤྱོད་རྒྱུ་དང་། ཉེས་ཆད་གཙོ་བོ་སྔོན་ལ་གཅོད་རྒྱུ། ཟུར་འགེལ་ཉེས་ཆད་རྗེས་སུ་གཅོད་རྒྱུ། དེ་ནས་ཉེས་ཆད་ཀྱི་རྣམ་གྲངས་སོ་སོའི་གྲུབ་ཚུལ་ལུགས་མཐུན་ཡིན་པ་དང་།ཉེས་ཆད་གཙོ་བོ་ཁག་དང་ཡང་ན་ཟུར་འགེལ་ཉེས་ཆད་ཁག་དབར་གྱི་སྟར་སྒྲིག་ནི་རང་སོ་སོའི་ནན་པོ་ཚད་ནས་ཡང་བ་ནས་ལྕི་བར་བརྩི་དགོས། 

2.དམ་ལྷོད་ཟུང་འབྲེལ་དང་འབྲེལ་མཐུད་དམ་པོ། ཁྲིམས་ཆད་ནན་མོའི་སྲོག་ཁྲིམས་དང་། རྩིས་སྤྲོད་དོ་དམ། ལྕི་ཡང་སྡེབ་སྒྲིག དམ་ལྷོད་ཟུང་འབྲེལ་བཅས་བྱས་ཡོད། དེ་ནི་བཙན་ཉར་ལས་སྐུལ་གྱི་གོང་མཚམས་ཟླ6ཡིན་པ་དང་དུས་བཙོན་གྱི་འོག་གི་ཟླ6དང་འབྲེལ་བ་ཡོད་ཅིང་། དུས་བཙོན་གྱི་གོང་མཚམས་ལོ15དང་ཚེ་བཙོན་གྱི་བར་དུའང་འབྲེལ་བ་ཡོད། 

3.ནང་དོན་ལུགས་མཐུན་དང་བྱེད་ཐབས་མི་ཆོས་དང་མཐུན་པ། ཉེས་ཆད་ཀྱི་རྣམ་གྲངས་བཀོད་སྒྲིག་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ཞིང་། ལོ་མང་རིང་གི་ཁྲིམས་འཛིན་ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་པས། རྒྱལ་ཁབ་གཞན་དག་གི་གཏན་འབེབས་དང་འདྲ་མཚུངས་ཡོད་ཅིང་། དེའི་ཐོག་ནས་ཉེས་ཆད་ཡང་པོར་གཏོང་བའི་འཕེལ་ཕྱོགས་མཚོན་གྱིན་ཡོད། རང་རྒྱལ་གྱི་ཉེས་ཁྲིམས་ནང་དུ་ལུས་ཆད་དང་བརྙས་བཅོས་ཉེས་ཆད་མེད་པར་བཟོས་ཡོད་ཅིང་། སྲོག་ཁྲིམས་ཡོད་ཀྱང་ལག་བསྟར་བྱེད་པའི་ཐད་དུ་ཉིན་བཞིན་ཡ་རབས་སུ་འགྱུར་བཞིན་ཡོད། མི་ཆོས་ཀྱི་རང་བཞིན་ལྡན་པའི་མཚོན་ཚུལ་གཙོ་བོ་ནི་ཉེས་ཆད་ལག་བསྟར་བྱེད་རིང་ཉེས་ཅན་ལ་བརྩི་རྒྱུ་དང་། ཁོང་ཚོའི་མིའི་ཐོབ་ཐང་ལ་བརྩི་འཇོག་བྱ་རྒྱུ། མི་ཆོས་རིང་ལུགས་ཀྱི་ཐོབ་ཐང་སྤྲོད་རྒྱུ་བཅས་ཡིན། 

4 རྒྱལ་ཁབ་ཁག་གི་མ་ལག
4_1 རགས་བཤད། 

གནད་དོན་ལ་དཔྱད་བསྡུར་མ་བྱས་སྔོན་ལ། ང་ཚོས་ཐོག་མར་ཉེས་ཆད་ཀྱི་མ་ལག་དང་རིགས་མི་འདྲ་བའི་བར་གྱི་འབྲེལ་བ་ཁ་གསལ་བཟོ་དགོས། གང་ལ་མ་ལག་ཟེར། མ་ལག་ཅེས་པ་ནི་འབྲེལ་ཡོད་བྱ་དངོས་འགའ་ཞིག་ཕན་ཚུན་འབྲེལ་ནས་གྲུབ་པའི་ཚོགས་སྤྱི་ཞིག་ལ་ཟེར། རིགས་ནི་བྱ་དངོས་ཉིད་ཀྱི་ངོ་བོའམ་ཁྱད་ཆོས་ལ་གཞིགས་ནས་དབྱེ་བའི་རིགས་ལ་ཟེར། ཉེས་ཆད་ལ་མཚོན་ནས་བཤད་ན། ཉེས་ཆད་གཅོད་སྟངས་མི་འདྲ་བ་ནི་རིགས་ཀྱི་ཁྱད་པར་ཡིན་པ་སྟེ། ཉེས་ཆད་ཀྱི་རིགས་མི་འདྲ། རྨང་གཞི་དེའི་ཐོག་རིགས་དབྱེ་ནས་དབྱེ་ན་ཉེས་ཆད་གཅོད་པའི་རིགས་སུ་གྲུབ་ཡོད་ཅིང་། རིགས་མི་འདྲ་བའི་ཉེས་ཆད་ནི་འབྲེལ་བ་གང་རུང་ཞིག་ལ་གཞིགས་ནས་ཧྲིལ་པོ་ཞིག་ཏུ་གྲུབ་པ་སྟེ། དེ་ནི་ཁྲིམས་ཆད་ཀྱི་མ་ལག་ཡིན། 

དེང་གི་དུས་འདིར་བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་སྙིང་སྟོབས་དེ་ཤེས་དཔལ་རྒྱལ་ཁབ་ཁག་གིས་རིམ་བཞིན་དང་ལེན་བྱེད་ཀྱིན་ཡོད། དེའི་ཤུགས་རྐྱེན་ཐེབས་པའི་དབང་གིས་རྒྱལ་ཁབ་ཁག་གིས་ཉེས་ཁྲིམས་ཀྱི་ཁྲིམས་གཞུང་བཟོ་སྐབས་ཚང་མར་ཉེས་ཆད་ཀྱི་རྣམ་གྲངས་ལ་གཏན་འབེབས་གསལ་པོ་བྱས་ཡོད་ཅིང་། རྒྱལ་ཁབ་མང་ཆེ་བས་ད་དུང་ཉེས་ཁྲིམས་ཀྱི་སྣ་རིགས་ཀྱི་ངོ་བོ་དང་ཁྱད་ཆོས་གང་རུང་ཞིག་ལ་གཞིགས་ནས་རིགས་དབྱེ་དང་སྟར་སྒྲིག་བྱས་ཡོད། རྣམ་གྲངས་མང་བ་དང་། གནོད་འཚེ་འདྲ་མིན་སྣ་ཚོགས་ཀྱི་ཉེས་གསོག་སྣ་ཚོགས་ཀྱིས་ཉེས་ཆད་སྣ་རིགས་ཀྱི་སྣ་མང་རང་བཞིན་དང་ཉེས་ཆད་ཀྱི་ལྕི་ཚད་སྐས་རིམ་རང་བཞིན་གཏན་འཁེལ་བྱེད་ཀྱིན་ཡོད། དེ་ཡང་སྣེ་མང་རང་བཞིན་གྱི་ཉེས་ཆད་ཀྱི་རིགས་དང་སྐས་རིམ་རང་བཞིན་གྱི་ཉེས་ཆད་ལྕི་ཚད་ཀྱི་གཙོ་རྐང་དེ་གཉིས་བརྩི་སྲུང་ཞུ་བ་དང་ཆབས་ཅིག་ཉེས་ཆད་ཀྱི་དམིགས་ཡུལ་མངོན་འགྱུར་བྱ་རྒྱུའི་དམིགས་ཚད་དེར་དམིགས་ཏེ་ཉེས་ཆད་གཅོད་སྟངས་མི་འདྲ་བ་བང་རིམ་གཞན་གྱི་ཐོག་ནས་སྟར་སྒྲིག་བྱས་ཏེ་ཉེས་ཆད་གཅོད་པའི་མ་ལག་གྲུབ་ཡོད། རྒྱལ་ཁབ་ཁག་གི་རིག་གནས་རྒྱབ་ལྗོངས་དང་། རིན་ཐང་འདུ་ཤེས། ཁྲིམས་བཟོའི་ལག་རྩལ་བཅས་མི་འདྲ་བའི་དབང་གིས་རྒྱལ་ཁབ་ཁག་གི་ཉེས་དོན་ཁྲིམས་གཞུང་ནང་གི་ཉེས་ཆད་མ་ལག་ལ་རང་རང་གི་ཁྱད་ཆོས་ལྡན་ཞིང་སོ་སོར་ཁྱད་ཆོས་མི་འདྲ་བ་ཡོད། ང་ཚོས་རྒྱལ་ཁབ་ཁག་གི་ཉེས་ཁྲིམས་མ་ལག་དེ་མ་དཔེ་ཁ་ཤས་སུ་སྙིང་བསྡུས་བྱས་ཆོག་མོད། དཔེར་ན། བེད་སྤྱོད་བྱེད་ཡུལ་དང་ཉེས་གསོག་ལྕི་ཡང་ཕན་ཚུན་ཟུང་འབྲེལ་གྱིས་རིགས་དབྱེ་བའི་རྣམ་པ་དང་། ཁེ་དབང་བཙན་འཕྲོག་གི་ངོ་བོར་གཞིགས་ནས་རིགས་དབྱེ་བའི་རྣམ་པ། ཉེས་ཆད་དབར་གྱི་གཙོ་རྟེན་འབྲེལ་བ་གཞིར་བཟུང་བའི(བེད་སྤྱོད་དང་ལག་བསྟར་བྱེད་པའི་རང་ཚུགས་རང་བཞིན)རིགས་དབྱེ་བའི་རྣམ་པ་སོགས་ལ་ཟེར། འོན་ཀྱང་གལ་ཏེ་བྱེད་སྟངས་དེ་དག་ལ་བརྟེན་ནས་རྒྱལ་ཁབ་ཁག་གི་ཉེས་ཆད་ཕྱོགས་བསྡུས་ཞིབ་བསྡུར་བྱས་ཚེ། ཉེས་ཆད་ཀྱི་རིགས་སྙིང་བསྡུས་བྱས་ནས་གཅིག་ཀྱང་མ་ལུས་པར་མཚོན་ཐུབ་མོད། འོན་ཀྱང་ཉེས་ཆད་ཀྱི་མ་ལག་འདྲ་མིན་སྣ་ཚོགས་ཁ་ཐོར་དུ་གཏོང་སྲིད་པས། མི་རྣམས་ལ་དེའི་རྣམ་པ་ཡོངས་རྫོགས་མཐོང་དུ་འཇུག་མི་ཐུབ། ངོས་འཛིན་དེ་རིགས་ལ་གཞིགས་ནས་སྨྱུག་འཛིན་པས་རྒྱལ་ཁབ་ཁག་གི་ཉེས་ཁྲིམས་མ་ལག་སོ་སོར་ངོ་སྤྲོད་བྱས་ནས་མ་ལག་ངོ་སྤྲོད་བྱེད་པའི་ནང་ཉེས་ཆད་ཀྱི་རིགས་དབྱེ་བ་དང་འགྲེལ་བཤད་སྟབས་བདེ་རྒྱག་གིན་ཡོད། ཉེས་ཆད་ཀྱི་སྣ་རིགས་ལ་ཕྱོགས་བསྡུས་ཞིབ་བསྡུར་བྱེད་སྐབས་ཆེད་མངགས་ལེའུ་དང་ས་བཅད་བེད་སྤྱད་ནས་ཞིབ་འཇུག་བྱེད་དགོས། 

4_2 ཧྥ་རན་སིའི་མ་ལག

རྒྱལ་ཁབ་ཁག་གི་ཉེས་ཁྲིམས་ནང་ཧྥ་རན་སེའི་ཉེས་ཁྲིམས་ཀྱི་ཉེས་ཆད་སྐོར་ལ་དམིགས་བསལ་ཁྱད་ཆོས་ལྡན་པ་དང་ནང་དོན་གསར་པས་ཁེངས་ཡོད་པས་རྣམ་གྲངས་མང་བ་དང་། མ་ལག་ཆེ་བ། ནང་དོན་ཞིབ་ཕྲ་བཅས་རེད་ཅེས་བརྗོད་ཆོག བསྡོམས་རྩིས་བྱས་པ་ལྟར་ན། ཧྥ་རན་སིའི་ཉེས་ཁྲིམས་ནང་ཉེས་ཆད་རིགས11གཏན་འབེབས་བྱས་པ་དེ་དག་སོ་སོ་ནི། 1.ཚེ་བཙོན། 2.ཚེ་གང་བཀག་སྐྱིལ་བྱེད་པ། 3.དུས་བཙོན་ལོ་བཞི། དུས་བཀག་གི་བཀག་སྐྱིལ། 5.བཙོན་འཇུག་བྱེད་པ། 6.དངུལ་ཆད། 7.ཉིན་རེའི་དངུལ་ཆད། 8.སྤྱི་པའི་ཁེ་ཕན་གྱི་ངལ་རྩོལ། 9.དོན་ཚན་བརྒྱ་དང་སོ་གཅིག་ནས་དྲུག་བར་གཏན་འབེབས་བྱས་པའི་ཁེ་དབང་ངམ་ཡང་ན་ཚོད་འཛིན་བྱེད་དབང་། 10.དོན་ཚན་བརྒྱ་དང་སོ་གཅིག་ནས་བཅུ་བར་གཏན་འབེབས་བྱས་པའི་ཟུར་འགེལ་ཉེས་ཆད་རིགས། 11.དོན་ཚན133~39བར་དུ་བཀོད་པའི་ཉེས་ཆད། འོན་ཀྱང་ནན་ཏན་སྒོས་བརྩིས་བརྒྱབ་ན། དོན་དངོས་སུ་རིགས11(རིགས11དེ་ལས་ཀྱང་གནད་ལ་འཁེལ་བ་ཟེར)ཙམ་གྱིས་མི་ཚད། གང་ལགས་ཤེ་ན། དོན་ཚན131ནས6བར་ཁོ་ནར་རིགས11ཚུད་པ་དང་། དོན་ཚན131ནས10བར་ལ་རིགས6ཚུད་ཡོད། དོན་ཚན113ནས39བར་ལ་རིགས6ཚུད་ཡོད།

ཧྥ་རན་སིའི་ཉེས་དོན་ཁྲིམས་གཞུང་གི་ཉེས་ཁྲིམས་མ་ལག་ཧ་ཅང་རྙོག་འཛིང་ཆེ་ཞིང་། དེ་སྤྱོད་ཡུལ་གྱི་ཆ་ནས་དབྱེ་ན་ཡན་ལག་མ་ལག་གཉིས་སུ་དབྱེ་ཡོད་དེ། རང་བྱུང་མིའི་ཉེས་ཆད་དང་ཁྲིམས་མིར་སྤྱད་འཐུས་པའི་ཉེས་ཆད་གཉིས་ཡིན། ཡན་ལག་མ་ལག་རེ་རེའི་ཁྲོད་དུ། ཉེས་ཁྲིམས་ཀྱི་བྱས་ཉེས་ཀྱི་རིགས་དབྱེ་དང་འཚམ་ཞིང་། ཉེས་ཆད་དེ་ཉེས་པ་ལྕི་བའི་ཉེས་ཆད་དང་ཉེས་པ་ཡང་བའི་ཉེས་ཆད། ཉེན་རྟོག་ལས་འགལ་བའི་ཉེས་ཆད་བཅས་སུ་དབྱེ་ཡོད། 

4_3 དབྱིན་ཇིའི་མ་ལག

དབྱིན་ཇིའི་ཉེས་ཆད་ཀྱི་ཁྱད་ཆོས་ནི་སྡེ་ཁུལ་གྱི་ཉེས་ཆད་ཧ་ཅང་ཆེན་པོ་ཡོད་པ་དེ་རེད། སྨྱུག་འཛིན་པས་བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། དབྱིན་ཇིའི་ཉེས་ཆད་གཙོ་བོ་རིགས13ཡོད་པ་དེ་དག་ནི་ཚེ་གང་བཙོན་འཇུག་དང་། བཙོན་འཇུག་ཡོད་པ། གཞོན་ནུ་ལོ་ཆུང་གི་ཉེས་ཅན་ལ་སྤྱོད་གོ་ཆོད་པའི་བཙོན་འཇུག ཁྲིམས་ཆད་ཕྱིར་འགྱངས(Supendd sentencesofimprisonment)དང་། སྲུང་སྐྱོང་ལྟ་ཞིབ་བཀའ་རྒྱ།(Prbombomon orders)སྡེ་ཁུལ་གྱི་ཞབས་ཞུའི་བཀའ་རྒྱ།(urfurfeorgers)སྲིད་འཛིན་སྡེ་ཁུལ། ལྟ་སྐུལ་དོ་དམ་བཅས་རེད། འོན་ཀྱང་ཨུ་རུ་སུའི་མཁས་དབང་གིས་ངོ་སྤྲོད་བྱས་པ་ལྟར་ན། དབྱིན་ཇིར་ཁྲིམས་ཆད་རྣམ་གྲངས13ཙམ་ལས་མེད་པ་མ་ཟད། མ་མཐར་ཡང་རྒྱུ་ནོར་གཞུང་བཞེས་དང་གཞོགས་འདེགས་རང་བཞིན་གྱི་ཁྲིམས་ཆད་གཞན་དག(དཔེར་ན། འདེམས་བྱེད་ཀྱི་དབང་ཆ་དང་གདམ་བྱའི་དབང་ཆ་བཙན་འཕྲོག་བྱེད་པ་དང་། ལོ་གསུམ་གྱི་ཁ་ལོ་པའི་དབང་ཆ་བཙན་འཕྲོག་བྱེད་པ)བཅས་ཚུད་ཡོད། དེ་ནི་ཁྲིམས་ཆད་ཀྱི་གཞི་རྩའི་འདུ་ཤེས་ཀྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས་ཡིན་ཞིང་། འདུ་ཤེས་དེས་ཉེས་ཅན་ལ་དེ་སྔའི་སྡེ་ཁུལ་ཁོར་ཡུག་ནང་ཡོ་བསྲང་བྱེད་དུ་འཇུག་པ་དང་། བཅའ་ཁྲིམས་བརྩི་སྲུང་བྱེད་དུ་འཇུག་པ། བཙོན་དུ་བཅུག་ནས་ཕན་ཚུན་འགོ་རུ་མི་འཇུག་པ་བཅས་ཀྱི་ངོས་འཛིན་བྱེད་ཀྱིན་ཡོད། དེའང་ཤུགས་རྐྱེན་དེ་ཐེབས་པའི་རྐྱེན་གྱིས་ཡིན་ཞིང་། དབྱིན་ཇིའི་ཁྲིམས་ཆད་དེ་བཙན་འཕྲོག་བྱེད་མིན་གྱི་རང་དབང་ལ་གཞིགས་ནས་རིགས་ཆེ་བ་གཉིས་སུ་དབྱེ་ཡོད་པ་སྟེ། བཙོན་འཇུག་གི་ཁྲིམས་ཆད་དང་བཙོན་འཇུག་མིན་པའི་ཁྲིམས་ཆད་གཉིས་ཡིན་པས་དབྱིན་ཇིའི་ཁྲིམས་ཆད་མ་ལག་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད། 

4_4 ཨ་རིའི་མ་ལག

ཨ་རིའི་ཁུལ་སོ་སོ་ཚང་མར་རང་ཉིད་ཀྱི་ཉེས་ཁྲིམས་ཡོད་པས། དེའི་ཉེས་ཁྲིམས་མ་ལག་ཀྱང་མི་འདྲ། ནུས་པ་ཞན་པའི་དབང་གིས་སྨྱུག་འཛིན་པར་རེ་རེ་བཞིན་ངོ་སྤྲོད་བྱེད་པའི་ནུས་པ་མེད།  གཤམ་དུ་ཀྲོའུ་མང་ཆེ་བའི་ཁྲིམས་ཆད་ལ་ལེགས་སྒྲིག་རགས་ཙམ་བྱས་པ་མ་ཟད། ཨ་རིའི་དཔེ་བཟང་གི་ཉེས་དོན་ཁྲིམས་གཞུང་གི་ཁྲིམས་ཆད་ལ་དབྱེ་བ་གཏན་འབེབས་བྱས་ཡོད། 

ཨ་རིའི་ས་ཁུལ་ཁག་གི་ཉེས་ཆད་གཙོ་བོ་འདི་ལྟ་སྟེ། སྲོག་ཐོག་གཏོང་བ་དང་། བཙོན་འཇུག་བྱེད་པ།ཁྲིམས་ཆད་ཕྱིར་འགྱངས་བྱེད་པ། ལྟ་སྐུལ་འོག་གློད་འགྲོལ་གཏོང་བ། སྐྱིན་ཚབ་འཇལ་བ། དངུལ་ཆད་གཏོང་བ། གཞུང་བསྡུ། གཞུང་བཞེས་གཏོང་བ། མཚམས་ལྡན་བཙོན་འཇུག སྡེ་ཁུལ་གྱི་ལྟ་སྐུལ་དོ་དམ། ཁྱིམ་ཚང་གི་བཀག་སྐྱིལ། སྡེ་ཁུལ་གྱི་ཞབས་ཞུ། སྡེ་ཁུལ་གྱི་ལྟ་སྐུལ། མཚོན་ཆ་འཁྱེར་མི་ཆོག་པ། མཚན་མོར་བཀག་སྡོམ། གནོད་འཚེ་ཕོག་མཁན་ལ་བརྡ་གཏོང་བ། ལས་རིགས་ཀྱི་ཚོད་འཛིན།དུག་རྫས་ཉོ་ཚོང་བྱེད་མཁན་དང་དུག་རྫས་འཛིན་མཁན་གྱི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཁེ་དབང་དང་ཡོམ་རྡེག་གི་ཇུས་གཞི་ཁས་མི་ལེན་པ་སོགས་རེད། དེའི་ནང་བཙོན་འཇུག་ལ་དུས་བཀག་བཙོན་བཅུག་དང་ཚེ་གང་བཙོན་འཇུག་རིགས་གཉིས་ཡོད། ཁྱོན་བསྡོམས་རིགས20དང་གྲངས་ཀ་དེ་ནི་རགས་ཙམ་སྙིང་བསྡུས་བྱས་པ་ཞིག་ཡིན་པ་ལས། ཨ་རི་ཡོངས་ཀྱི་གནས་ཚུལ་ཡོད་ཚད་ཡང་དག་པར་མཚོན་མི་ཐུབ་པ་ནི་སྨོས་ཅི་དགོས། 

5 རང་རྒྱལ་གྱི་མ་ལག
5_1 ཉེས་ཆད་གཙོ་བོ།

ཉེས་ཆད་གཙོ་བོ་ནི་ཉེས་ཅན་ལ་ཁེར་རྐྱང་དུ་སྤྱད་པའི་ཉེས་ཆད་གཅོད་ཐབས་ཤིག་ཡིན། ཉེས་ཆད་གཙོ་བོ་ཁེར་རྐྱང་དུ་སྤྱོད་དགོས་པ་ལས་ཟུར་འགེལ་དུ་སྤྱད་མི་ཆོག བྱས་ཉེས་གཅིག་ལ་ཉེས་ཆད་གཙོ་བོ་གཅིག་ལས་སྤྱད་མི་ཆོག་པ་དང་། ཉེས་ཆད་གཙོ་བོ་གཉིས་སམ་གཉིས་ཡན་ཡང་སྤྱད་མི་ཆོག་ལ། ཟུར་འགེལ་ཉེས་ཆད་གཅིག་པུར་གཅོད་སྐབས་ཉེས་ཆད་གཙོ་བོ་སྤྱད་མི་ཆོག འདིར་སོ་སོར་རྩིས་སྤྲོད་དོ་དམ་དང་། བཙན་ཉར་ལས་བསྐུལ། དུས་བཙོན། ཚེ་བཙོན། སྲོག་ཁྲིམས་བཅས་ཉེས་ཆད་གཙོ་བོ་རིགས5ངོ་སྤྲོད་བྱ་རྒྱུ།

5_2 རྩིས་སྤྲོད་དོ་དམ། 

རྩིས་སྤྲོད་དོ་དམ་ཞེས་པ་ནི་ཉེས་ཅན་བཙོན་འཇུག་མི་བྱེད་པར་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱས་ནས་དོ་དམ་དང་མི་དམངས་མང་ཚོགས་ལ་ལྟ་སྐུལ་བྱེད་དུ་བཅུག་སྟེ་རང་དབང་ངེས་ཅན་ཞིག་ཚོད་འཛིན་བྱེད་པའི་ཉེས་ཆད་གཅོད་ཐབས་ལ་ཟེར། རྩིས་སྤྲོད་དོ་དམ་དེ་མི་ལུས་རང་དབང་ལ་ཚོད་འཛིན་བྱེད་པའི་ཉེས་ཆད་ཅིག་ཡིན་པའི་ཆ་ནས། དེའི་དུས་ཚད་ནི་ཟླ་གསུམ་ཡན་དང་ལོ་གཉིས་མན་ཡིན། བྱས་ཉེས་དུ་མ་བསགས་པར་ཉེས་ཆད་སྡེབ་གཅོད་བྱ་རྒྱུའི་དུས་ཚོད་རིང་ཤོས་ལོ་གསུམ་ལས་བརྒལ་མི་ཆོག 《ཉེས་ཁྲིམས་དག་བཅོས་འཆར་ཟིན(བརྒྱད)》གྱི་དོན་ཚན2པའི་འབྲེལ་ཡོད་གཏན་འབེབས་ལྟར་ན། རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཕོག་པ་ཡིན་ན། བྱས་ཉེས་བསགས་ཚུལ་ལ་གཞིགས་ནས་དུས་མཚུངས་སུ་ཉེས་ཅན་གྱིས་ལག་བསྟར་བྱེད་རིང་དམིགས་བསལ་གྱི་བྱེད་སྒོ་སྤེལ་བ་དང་། དམིགས་བསལ་གྱི་ས་ཁོངས་དང་ལས་ཡུལ་དུ་བསྐྱོད་པ། དམིགས་བསལ་གྱི་སྐྱེ་བོ་དང་འབྲེལ་གཏུག་བྱེད་པ་བཅས་གཏན་འགོག་བྱས་ཆོག གོང་གསལ་གྱི་བཀག་སྡོམ་བཀའ་རྒྱ་ལས་འགལ་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས《བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ། 

རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་འཁུར་བའི་ཡུན་ཚད་ནི་དཔྱད་མཚམས་བཅད་དོན་ལག་བསྟར་བྱེད་ཉིན་ནས་བརྩི་རྒྱུ་དང་། དཔྱད་མཚམས་བཅད་དོན་ལག་བསྟར་མ་བྱས་གོང་ལ་བཙན་ཉར་བྱས་ཡོད་ན་བཙན་ཉར་བྱས་པའི་ཉིན1དེ་ཁྲིམས་ཆད་འཁུར་ཡུན་སྐོར2ལ་བརྩི་རྒྱུ་ཡིན། རྒྱུ་མཚན་ནི་དཔྱད་མཚམས་བཅད་དོན་ལག་བསྟར་མ་བྱས་གོང་སྔོན་ལ་བཙན་ཉར་བྱས་པ་དེ་ནི་རང་དབང་བཙན་འཕྲོག་གི་ཁོངས་སུ་གཏོགས་པ་དང་། རྩིས་སྤྲོད་དོ་དམ་ནི་རང་དབང་ཚོད་འཛིན་བྱས་པ་ཙམ་ཡིན་པས་རེད། 

《ཉེས་ཁྲིམས་དག་བཅོས་འཆར་ཟིན(བརྒྱད)》གྱི་དོན་ཚན2པའི་ནང་གསེས་དོན་ཚན3པའི་གཏན་འབེབས་ལྟར་ན། “རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཕོག་པའི་ཉེས་ཅན་ལ་ཁྲིམས་ལྟར་སྡེ་ཁུལ་ཡོ་བསྲང་ལག་བསྟར་བྱ་དགོས།” 

ཉེས་ཁྲིམས་ཀྱི་དོན་ཚན38པས་གཏན་འབེབས་བྱས་དོན། རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཕོག་པའི་ཉེས་ཅན་ལ་སྤྱི་བདེ་ལས་ཁུངས་ཀྱིས་ལག་བསྟར་བྱ་དགོས། 

ཉེས་ཁྲིམས་ཀྱི་དོན་ཚན་སོ་དགུ་པའི་གཏན་འབེབས་ལྟར་ན། རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཕོག་པའི་ཉེས་ཅན་གྱིས་ཉེས་ཆད་འཁུར་བའི་རིང་གཤམ་གསལ་གཏན་འབེབས་ཁག་ལ་བརྩི་སྲུང་ཞུ་དགོས་པ་སྟེ། 

1.བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་བརྩི་སྲུང་དང་། ལྟ་སྐུལ་ལ་བརྩི་བཀུར་ཞུ་དགོས། 

2.ལག་བསྟར་ལས་ཁུངས་ཀྱི་ཆོག་མཆན་མ་ཐོབ་པར་གཏམ་བརྗོད་དང་། དཔེ་སྐྲུན། འདུ་ཚོགས།ཚོགས་འཛུགས། ཁྲོམ་སྐོར་བཅས་བྱེད་པའི་རང་དབང་སྤྱད་མི་ཆོག 

3.ལག་བསྟར་ལས་ཁུངས་ཀྱི་གཏན་འབེབས་ལྟར་རང་ཉིད་ཀྱི་བྱ་སྤྱོད་སྙན་སེང་ཞུ་དགོས། 

4.མགྲོན་པོར་ཐུག་འཕྲད་སྐོར་གྱི་ལག་བསྟར་ལས་ཁུངས་ཀྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས། 

5.གནས་སྡོད་གྲོང་ཁྱེར་དང་རྫོང་ལས་བྲལ་བའམ་ཡང་ན་གནས་སྤོ་བྱས་ན་ལག་བསྟར་ལས་ཁུངས་ལ་ཆོག་མཆན་ཞུ་དགོས། 

རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་ཕོག་པའི་ཉེས་ཅན་གྱི་དོ་དམ་ཡུན་ཚད་ཐིམ་མཚམས་སུ་ལག་བསྟར་ལས་ཁུངས་ཀྱིས་དེ་འཕྲལ་སྐྱེ་བོ་དེ་ཉིད་དང་། དེའི་གནས་སའི་སྡེ་ཚན་ནམ་གནས་སྡོད་སའི་མང་ཚོགས་བཅས་ལ་རྩིས་སྤྲོད་དོ་དམ་ལས་གྲོལ་བའི་ཁྱབ་བསྒྲགས་བྱ་དགོས་པ་མ་ཟད། དེར་རྩིས་སྤྲོད་དོ་དམ་ལས་གྲོལ་བའི་བརྡ་ཐོ་ཡང་གཏོང་དགོས། ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་གི་ཟུར་འགེལ་ཉེས་ཆད་བཅད་རིགས་དང་། དུས་མཚུངས་སུ་ཆབ་སྲིད་ཁེ་དབང་སླར་གསོ་བྱ་རྒྱུའི་ཁྱབ་བསྒྲགས་བྱེད་པ།

དཔྱད་གཞིའི་ཡིག་ཆ།