པེ་ཨེན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ དཔལ་ལྷ་མོ།  ནས 2021-04-21 17:12ལ་འགྲུབ།

པེ་ཨེན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།

པེ་ཨེན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།
པེ་ཨན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་སྤྱི་ལོ1948ལོའི་ཟླ11པའི་ཚེས1ཉིན་བཙུགས་ཤིང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་ད་ལྟ་པེ་ཨན་གྲོང་ཁྱེར་རྨ་ཆུའི་ལམ་གྱི་ཤིས་ཕིང་ཨན་ཁྲོམ་གཞུང་ལྷོ་མར་ཡོད། ད་ལྟ་ལས་ཐོག་ཁྲིམས་དཔོན་དང་ལས་བཟོ་བ108ཡོད་པ་དང་། དེའི་ཁྲོད་ཤེས་རམས་པའི་སློབ་མ13དང་རབ་འབྱམས་ཞིབ་འཇུག་སློབ་མ2 ཞིབ་འཇུག་སློབ་མ4 དངོས་གཞིའི་སློབ་མ89བཅས་ཡོད། དངོས་གཞིའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མིས་སྤྱི་མི་གྲངས་ཀྱི98.2%ཟིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
北安市人民法院
འབྲེལ་ཡུལ།
0456-6421658
ཁུལ་ཁོངས།
པེ་ཨན་གྲོང་ཁྱེར་ལྕགས་ལམ་ནུབ་ཁུལ།
བཙུགས་ལོ།
སྤྱི་ལོ1948ལོའི་ཟླ11པའི་ཚེས1ལ་བཙུགས།
གནས་ཡུལ།
པེ་ཨེན་གྲོང་ཁྱེར་རྨ་ཆུ་ནུབ་ལམ་ཕིན་ཨེན་སྲང་ལམ་ལྷོ་མ།
མི་གྲངས།
108
སྦྲག་སྲིད་ཨང་རྟགས།
164000
1 ངོ་སྤྲོད།

པེ་ཨན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་སྤྱི་ལོ1948ལོའི་ཟླ11ཚེས1ཉིན་བཙུགས་པ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་ད་ལྟ་པེ་ཨན་གྲོང་ཁྱེར་རྨ་ཆུའི་ལམ་གྱི་ཤིས་ཕིང་ཨན་ཁྲོམ་གཞུང་གི་ལྷོ་ཕྱོགས་སུ་གནས་ཡོད། ད་ལྟ་ལས་ཐོག་ཁྲིམས་དཔོན་དང་ལས་བཟོ་བ108ཡོད་པ་དང་། དེའི་ཁྲོད་ཤེས་རམས་པའི་སློབ་མ13དང་རབ་འབྱམས་ཞིབ་འཇུག་སློབ་མ2 ཞིབ་འཇུག་སློབ་མ4 དངོས་གཞིའི་སློབ་མ89བཅས་ཡོད། དངོས་གཞིའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མིས་སྤྱི་མི་གྲངས་ཀྱི98.2%ཟིན།

2 སྒྲིག་གཞི་སྒྲིག་བཀོད།

པེ་ཨན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1948ལོའི་ཟླ11པར་བཙུགས། དེར་འགན་ནུས་སྒྲིག་གཞི20ཡོད་པ་སྟེ། གྱོད་དོན་ཐོ་འགོད་ཀྱི་ཁྲིམས་ར་དང་ཉེས་དོན་འདྲི་གཅོད་ཀྱི་ཁྲིམས་ར། ལོ་ཆུང་གི་ཁྲིམས་ར། དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ར་གཉིས་པ། སྲིད་འཛིན་འདྲི་གཅོད་ཀྱི་ཁྲིམས་ར། འདྲི་གཅོད་ལྟ་སྐུལ་ཁང་། ལག་བསྟར་ཅུའུ་ཡི་ཁྲིམས་ར་དང་པོ།ལག་བསྟར་ཁྲིམས་ར་གཉིས་པ། ཆབ་སྲིད་ལས་དོན་ཁང་། སྒྲིག་བཤེར་ཚོགས་ཆུང་། ལྟ་ཞིབ་ཁང་། གཞུང་ལས་ཁང་། འདྲི་གཅོད་དོ་དམ་གཞུང་ལས་ཁང་། ཁྲིམས་འཛིན་ཉེན་རྟོག་རུ་ཆེན་བཅས་ཡིན། དེའི་འོག་ཏུ་གྲོང་ཁྱེར་ཉེ་འདབས་ཀྱི་མི་དམངས་ཁྲིམས་ར་དང་ཐུང་པེ་མི་དམངས་ཁྲིམས་ར། ཀྲའོ་ཀོང་མི་དམངས་ཁྲིམས་ར། ཧྲི་ཆོན་མི་དམངས་ཁྲིམས་ར། ཧའེ་ཞིན་མི་དམངས་ཁྲིམས་ར། ཏུང་ཧྲེང་མི་དམངས་ཁྲིམས་ར། ཨར་ཅིང་མི་དམངས་ཁྲིམས་ར་བཅས་གཞི་རིམ་གྱི་མི་དམངས་ཁྲིམས་ར7བཙུགས་ཡོད།

3 གཟི་བརྗིད་མཚན་སྙན།

ཉེ་བའི་ལོ་ཤས་རིང་པེ་ཨན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས“བླ་ན་མེད་པ་གསུམ”གྱི་མཛུབ་ཁྲིད་བསམ་བློ་དང“སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་ཁྲིམས་འཛིན་བྱེད་པའི”ལས་ཀའི་བརྗོད་དོན་གཙོ་བོ་རྒྱུན་འཁྱོངས་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་བསྟར་བྱས་ནས་ཁྲིམས་ཁང་གི་དཔུང་ཁག་འཛུགས་སྐྱོང་དང་འདྲི་གཅོད་དོ་དམ། གཞི་རིམ་གྱི་རྨང་གཞི་འཛུགས་སྐྲུན་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས་ལས་དོན་ཁག་ཚང་མར་འཕེལ་རྒྱས་གསར་པ་བྱུང་ཡོད། སྔ་གཞུག་ཏུ་གུང་གཞོན་ཚོགས་པའི་ཀྲུང་དབྱང་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་ལས་གནས་གནང་། ཧེ་ལུང་ཅང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“དཔལ་ཡོན་ལས་ཁུངས”ཀྱི་མཚན་སྙན་གནང་།  ཧེ་ལུང་ཅང་ཉིན་རེའི་ཚགས་པར་ཁང་གི་གདེང་འཇོག་བྱེད་སྒོ་སྒྲིག་འཛུགས་ཨུ་ལྷན་གྱིས“ཧེ་ལུང་ཅང་ཞིང་ཆེན་གྱི་མི་སེར་གྱི་བསྔགས་བརྗོད་ཐོབ་པའི་ཚན་པ་ཡག་ཤོས”ལ་བདམས། ཧེ་ལུང་ཅང་ཞིང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱིས“ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་འཐབ་ཕྱོགས་ཀྱི་སྔོན་ཐོན་སྡེ་ཁག”གི་མཚན་སྙན་སྤྲད་པ་དང་། ཧེ་ལུང་ཅང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་དང་། ཧེ་ལུང་ཅང་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“ཞིང་ཆེན་ཡོངས་ཀྱིས་གཅིག་སྡུད་ཀྱིས་གཙང་བཤེར་དང་ལག་བསྟར་གསོག་གྱོད་བྱེད་སྒོའི་སྔོན་ཐོན་སྡེ་ཁག”གི་མཚན་སྙན་གནང་། ཧེ་ལུང་ཅང་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་མི་དམངས་ཁྲིམས་ཁང་གིས“ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང”དང་།“ཞིང་ཆེན་ཡོངས་ཀྱི་བརྟག་དཔྱད་ཞིབ་འཇུག་ལས་ཀའི་སྔོན་ཐོན་སྡེ་ཁག”“ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་སྐྱོང་བཟོ་གྲོང་ཁྱེར་སྔོན་ཐོན་སྡེ་ཁག་བྱེད་པ།”“རིམ་པ་གསུམ་གྱི་ཆེད་དོན་དྲ་བ་འཛུགས་སྐྱོང་གི་སྔོན་ཐོན་སྡེ་ཁག་བྱེད་པ།”“དཔྱད་བཤེར་གསུམ”བྱེད་སྒོའི་སྔོན་ཐོན་སྡེ་ཁག་བཅས་ཀྱི་མཚན་སྙན་གནང་ཡོད།


དཔྱད་གཞིའི་ཡིག་ཆ།