ཧེ་ལུང་ཅང་ཞིང་ཆེན་ཆི་ཐའེ་ཧུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-04-12 08:56ལ་འགྲུབ།

ཧེ་ལུང་ཅང་ཞིང་ཆེན་ཆི་ཐའེ་ཧུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།

ཧེ་ལུང་ཅང་ཞིང་ཆེན་ཆི་ཐའེ་ཧུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།
ཧེ་ལུང་ཅང་ཞིང་ཆེན་ཆི་ཐའེ་ཧུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1984ལོའི་ཟླ5བར་བཙུགས་ཤིང་། ཧེ་ལུང་ཅང་ཞིང་ཆེན་ཆི་ཐའེ་ཧུ་གྲོང་ཁྱེར་ཐའོ་ཧྲན་ཆུས་ཞུའེ་ཧྥུའུ་ལམ་ཨང93པ་རུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑龙江省七台河市中级人民法院
ཁོངས་གཏོགས་ཆུས།
ཧེ་ལུང་ཅང་ཞིང་ཆེན་ཆི་ཐའེ་ཧུ་གྲོང་ཁྱེར་ཐའོ་ཧྲན་ཆུས།
སྦྲག་སྲིད་ཨང་རྟགས།
154600
འབྲེལ་གཏུག་ཁ་པར།
0464-8684090
མི་གྲངས།
མི81ཡོད།
ཡོན་ཀྲང་།
ཀུའོ་ཞ།
གནས་ཡུལ།
ཧེ་ལུང་ཅང་ཞིང་ཆེན་ཆི་ཐའེ་ཧུ་གྲོང་ཁྱེར་ཐའོ་ཧྲན་ཆུས་ཞུའེ་ཧྥུའུ་ལམ་ཨང93པ།
1 ངོ་སྤྲོད།

ཧེ་ལུང་ཅང་ཞིང་ཆེན་ཆི་ཐའེ་ཧུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1984ལོའི་ཟླ5བར་བཙུགས་ཤིང་། ཧེ་ལུང་ཅང་ཞིང་ཆེན་ཆི་ཐའེ་ཧུ་གྲོང་ཁྱེར་ཐའོ་ཧྲན་ཆུས་ཞུའེ་ཧྥུའུ་ལམ་ཨང93པ་རུ་གནས་ཡོད་པ་དང་། དེའི་མངའ་འོག་ཏུ་གཞི་རིམ་ཁྲིམས་ཁང་བཞི་དང་། (མངགས་གཏོང་མི་དམངས་ཁྲིམས་ར་བཅུ་གཅིག་ཡོད)སྒྲིག་ཁོངས་སུ་ཡོད་པའི་མི81ཡོད།

2 ནང་ཁུལ་གྱི་སྒྲིག་གཞི།

ཧེ་ལུང་ཅང་ཞིང་ཆེན་ཆི་ཐའེ་ཧུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་གྱོན་དོན་ཐོ་འགོད་ཁང་དང་། ཉེས་དོན་འདྲི་གཅོད་ཁང་། དམངས་དོན་འདྲི་གཅོད་ཁང་། དམངས་དོན་འདྲི་གཅོད་ཁང་དང་པོ། དམངས་དོན་འདྲི་གཅོད་ཁང་གཉིས་པ། སྲིད་འཛིན་འདྲི་གཅོད་ཁྲིམས་ར། འདྲི་གཅོད་ལྟ་སྐུལ་ཁང་། དྲི་གཅོད་ལྟ་སྐུལ་ཁང་གཉིས་པ། ལག་བསྟར་ཅུའུ། (ལག་བསྟར་ཁང་དང་པོ་དང་ལག་བསྟར་ཁྲིམས་ར་གཉིས་པ) ཁྲིམས་འཛིན་སྲིད་འཛིན་སྒྲིག་ཆས་དོ་དམ་ཁོའོ། ཞིབ་འཇུག་ཁང་། ཁྲིམས་དཔོན་སློབ་གླིང་། ཁྲིམས་འཛིན་ཉེན་རྟོག་ཉིང་ལག་རུ་ཁག་བཅས་ཁྱོན་བསྡོམས་སྡེ་ཁག19ཡོད།

3 ལས་ཐོག་འགོ་ཁྲིད།

ལིའུ་ཝེ། ཏང་ཙུའུ་ཧྲུའུ་ཅི་དང་ཡོན་ཀྲང་ལས་ཚབ།

ཉེ་ཕེང་ཁྲེང་། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་གཞོན་པ།

ཏིང་ཡོན་མིང་། ཏང་ཙུའུ་ཡི་ཁོངས་མི་དང་ཡོན་ཀྲང་གཞོན་པ།

ལིའུ་ལེང་། ཏང་ཙུའུ་ཡི་ཁོངས་མི་དང་ཡོན་ཀྲང་གཞོན་པ།

ལི་ཙུའོ་ཡུས། ཏང་ཙུའུ་ཡི་ཁོངས་མི་དང་ཆབ་སྲིད་པུའུ་ཡི་ཀྲུའུ་རེན།

ཝང་ཧྲའོ་ཧྭ། ཏང་ཙུའུ་ཡི་ཁོངས་མི། 

4 ​གཟི་བརྗིད་མཚན་སྙན།

སྤྱི་ལོ2013ལོར“རྒྱལ་ཡོངས་བུད་མེད་དང་བྱིས་པའི་ལས་དོན་གྱི་སྔོན་ཐོན་ཐུན་མོང”དང“ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཞུ་གཏུག་དང་ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྔོན་ཐོན་ཐུན་མོང”བཅས་ཀྱི་མཚན་སྙན་ཐོབ། 

སྤྱི་ལོ2005ལོར་དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པར“རྒྱལ་ཡོངས་ཁྲིམས་ཁང་གི་ཚོང་དོན་འདྲི་གཅོད་ལས་དོན་གྱི་སྔོན་ཐོན་ཐུན་མོང”གི་མཚན་སྙན་ཐོབ།

སྤྱི་ལོ2013ལོར་ཡིག་བསྐུར་ངོ་བཅར་གཞུང་དོན་ཁང་ལ“རྒྱལ་ཡོངས་ཁྲིམས་ཁང་གི་སྔོན་ཐོན་ཐུན་མོང”གི་མཚན་སྙན་ཐོབ།


དཔྱད་གཞིའི་ཡིག་ཆ།