ཧེ་ཧུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2021-04-14 09:12ལ་འགྲུབ།

ཧེ་ཧུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།

ཧེ་ཧུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།
ཧེ་ཧུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ནི་ཧེ་ཧུ་གྲོང་ཁྱེར་མི་དམངས་སྲིད་གཞུང་ཁོངས་གཏོགས་ཀྱི་ལས་དོན་སྡེ་ཁག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑河市司法局
ཁོངས་གཏོགས་སྡེ་ཁག
ཧེ་ཧུ་གྲོང་ཁྱེར་མི་དམངས་སྲིད་གཞུང་།
1 ​ངོ་སྤྲོད།

ཧེ་ཧུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ནི་ཧེ་ཧུ་གྲོང་ཁྱེར་མི་དམངས་སྲིད་གཞུང་ཁོངས་གཏོགས་ཀྱི་ལས་དོན་སྡེ་ཁག་ཅིག་ཡིན།

2 ལས་ཐོག་འགོ་ཁྲིད།

ཅུའུ་ཀྲང་། ཏའེ་ཁྲུན་ལེ།

3 འགན་འཁྲི་གཙོ་བོ།

(གཅིག) རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་བྱེད་ཕྱོགས་དང་། སྲིད་ཇུས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་འབྲིང་རིམ་དང་། ཡུན་རིང་གི་འཆར་འགོད། ལོ་འཁོར་གྱི་འཆར་གཞི་བཅས་བཟོ་འགོད་བྱས་ནས་ལག་བསྟར་དང་སྒྲིག་འཛུགས་བྱ་རྒྱུ།

(གཉིས) གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་ལས་དོན་གྱི་འགན་འཁུར་ནས་ཁྲིམས་ལུགས་གཞིར་བཟུང་གྲོང་ཁྱེར་སྐྱོང་རྒྱུའི་ལས་དོན་དང་ཕྱི་ཕྱོགས་ཁྲིམས་ལུགས་དྲིལ་སྒྲོག་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུ།

(གསུམ) གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བཅའ་ཁྲིམས་ཞབས་ཞུའི་ཁྲོམ་རར་དོ་དམ་བྱེད་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པ་དང་། ཁེ་ལས་ཀྱི་བཅའ་ཁྲིམས་བློ་འདྲི་བ། གཞུང་དཔང་། བཅའ་ཁྲིམས་རོགས་སྐྱོར་བཅས་ཀྱི་ལས་ཀར་མཛུབ་ཁྲིད་ལྟ་སྐུལ་བྱེད་རྒྱུ། གྲོང་ཁྱེར་ཡོངས་ཀྱི་འདུམ་གཅོད་ལས་ཁུངས་ཐོ་འགོད་དང་དོ་དམ་བྱ་བའི་འགན་འཁུར་ནས། གྲོང་ཁྱེར་ཁྲིམས་རྩོད་པའི་མཐུན་ཚོགས་དང་ཁྲིམས་རིག་ལྷན་ཚོགས་ལ་བདག་ཁུངས་དོ་དམ་བྱ་རྒྱུ།

(བཞི) གྲོང་ཁྱེར་ཡོངས་ཀྱི་མི་དམངས་འདུམ་འགྲིག་དང་། གཞི་རིམ་ཁྲིམས་འཛིན་ཁང་། གཞི་རིམ་བཅའ་ཁྲིམས་ཞབས་ཞུའི་ལས་དོན་དང་ཁྲིམས་འཛིན་ལས་རོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་བྱ་རྒྱུ་དང་། ཁྲིམས་ཆད་འཁུར་ཡུན་ལོངས་ནས་གློད་འགྲོལ་བཏང་བའི་མི་སྣ་དང་ངལ་རྩོལ་སློབ་གཅུན་བྱེད་ཁོངས་ནས་གྲོལ་མཁན་ལ་བཀོད་སྒྲིག་དང་སློབ་གསོ་བྱེད་རོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་འགན་འཁུར་རྒྱུ།

(ལྔ) གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཁྲིམས་འཛིན་ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་འགན་འཁུར་རྒྱུ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་གྱི་སྲིད་འཛིན་ཆད་གཅོད་དང་། སྲིད་འཛིན་བསྐྱར་གྲོས། ཁྲིམས་སར་ཞུགས་ནས་གཏུག་བཤེར། རྒྱལ་ཁབ་ཀྱི་གུན་གསབ་བཅས་ཀྱི་ལས་ཀར་མཛུབ་སྟོན་བྱ་རྒྱུ།

(དྲུག) གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ཞབས་ཞུར་ཕྱོགས་པའི་ཁྲིམས་འཛིན་གསལ་འབྱེད་རྩ་འཛུགས་ལ་དོ་དམ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་རྒྱུ་དང་། གྲོང་ཁྱེར་གྱི་ཁྲིམས་འཛིན་གསལ་འབྱེད་ཨུ་ཡོན་ལྷན་ཁང་གི་ཉིན་རྒྱུན་གྱི་བྱ་བར་འགན་འཁུར་དགོས།

(བདུན) གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཕྱི་ཕྱོགས་དང་འབྲེལ་བའི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ལ་དོ་དམ་བྱེད་རྒྱུ།

(བརྒྱད) གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་མེ་མདའ་དང་། གྱོན་ཆས། རླངས་འཁོར་སོགས་དངོས་ཟོག་སྒྲིག་ཆས་ལས་དོན་ལ་དོ་དམ་བྱེད་རྒྱུ།

(དགུ) གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུ། རྫོང(གྲོང་ཁྱེར)དང་ཆུས་ཀྱི་ཁྲིམས་འཛིན་ཅུའུ་ཡི་འགོ་ཁྲིད་ཚན་པའི་ལས་ཀར་དོ་དམ་བྱེད་རོགས་བྱ་རྒྱུ་དང་། ཐད་གཏོགས་སྡེ་ཚན་གྱི་ཚན་ཁག་འཛུགས་སྐྱོང་དང་ཁོའོ་རིམ་པའི་ལས་བྱེད་པར་དཔྱད་ཞིབ། བསྐོ་འཐེན། བཀོད་སྒྲིག་བཅས་ཀྱི་ལས་ཀའི་བྱེད་འགན་འཁུར་རྒྱུ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་མི་དམངས་ཉེན་རྟོག་པའི་ཉེན་རྟོག་ལས་དོན་དོ་དམ་གྱི་འགན་འཁུར་རྒྱུ་བཅས་ཡིན།


དཔྱད་གཞིའི་ཡིག་ཆ།