ཧེ་ཧུ་གྲོང་ཁྱེར་སྤྱི་བདེ་ཅུའུ།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2021-04-14 09:12ལ་འགྲུབ།

ཧེ་ཧུ་གྲོང་ཁྱེར་སྤྱི་བདེ་ཅུའུ།

ཧེ་ཧུ་གྲོང་ཁྱེར་སྤྱི་བདེ་ཅུའུ།
ཧེ་ཧུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་ཏང་ཨུ་དང་། སྲིད་གཞུང་། གོང་རིམ་སྤྱི་བདེ་ལས་ཁུངས་བཅས་ཀྱི་སྤྱི་བདེའི་ལས་དོན་སྐོར་གྱི་བྱེད་ཕྱོགས་ལག་བསྟར་བྱ་རྒྱུ་འགན་འཁྲི་གཙོ་བོར་བྱེད་པའི་སྲིད་གཞུང་གི་སྒྲིག་གཞི་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑河市公安局
ངོ་བོ།
སྲིད་གཞུང་སྡེ་ཁག
གནས་ཡུལ།
ཧེ་ཧུ་གྲོང་ཁྱེར།
འགན་འཁྲི།
ཁོངས་གཏོགས་ཁུལ་གྱི་བདེ་འཇགས་དོ་དམ་བྱ་བའི་འགན་འཁུར་རྒྱུ།
1 ​ངོ་སྤྲོད།

ཧེ་ཧུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་ཏང་ཨུ་དང་། སྲིད་གཞུང་། གོང་རིམ་སྤྱི་བདེ་ལས་ཁུངས་བཅས་ཀྱི་སྤྱི་བདེའི་ལས་དོན་སྐོར་གྱི་བྱེད་ཕྱོགས་ལག་བསྟར་བྱ་རྒྱུ་འགན་འཁྲི་གཙོ་བོར་བྱེད་པའི་སྲིད་གཞུང་གི་སྒྲིག་གཞི་ཞིག་ཡིན།

《ཧེ་ཧུ་གྲོང་ཁྱེར་སྒྲིག་ཁོངས་ཨུ་ལྷན་གྱི་ཧེ་ཧུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་འགན་འཁྲི་གཙོ་བོའི་ནང་ཁོངས་ཀྱི་སྒྲིག་གཞི་དང་མི་སྣའི་སྒྲིག་ཁོངས་གཏན་འབེབས་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(ཧེ་ཧུ་གྲོང་ཁྱེར་སྒྲིག་སྤེལ[2012]ཨང1པོ)ཡི་གཏན་འབེབས་ལྟར་ན། ཧེ་ཧུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྡེ་ཚན་ཞིག་ཡིན།

2 འགན་འཁྲི་ལེགས་སྒྲིག 

(གཅིག) གྲོང་ཁྱེར་སྲིད་གཞུང་གིས་སྤྱི་བསྒྲགས་བྱས་ནས་མེད་པར་བཟོས་པའི་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་མེད་པར་བཟོ་རྒྱུ། (གཉིས) སྤྱི་བདེ་ལས་ཁུངས་ཀྱིས་འཇིགས་སྐུལ་བྱ་སྤྱོད་ལ་དོགས་ཟོན་དང་རྡུང་རྡེག་གཏོང་བའི་འགན་འཁྲིར་ཤུགས་སྣོན་རྒྱག་དགོས།

(གསུམ) སྤྱི་བདེ་ལས་ཁུངས་ཀྱི་བབ་བསྟུན་ཉེན་སེལ་རོགས་སྐྱོབ་བྱེད་ནུས་ཆེ་རུ་གཏོང་རྒྱུའི་འགན་འཁྲི་འཁུར་རྒྱུ། 

(བཞི) སྤྱི་བདེའི་དཔུང་ཁག་གི་བསམ་བློའི་སྤྱོད་ཚུལ་དང་ལས་ཀའི་སྤྱོད་ཚུལ་ལེགས་སྐྱོང་ལ་མཛུབ་ཁྲིད་བྱེད་པའི་འགན་འཁྲིར་ཤུགས་སྣོན་རྒྱག་དགོས། 

(ལྔ) དམངས་བདེ་དང་སྤྱི་པའི་ཞབས་ཞུ་གཙོ་གནད་དུ་བྱེད་པའི་བདེ་འཇགས་སྲིད་འཛིན་དོ་དམ་སྒྱུར་བཅོས་ཀྱི་འགན་འཁྲིར་ཤུགས་སྣོན་རྒྱག་དགོས། 

3 འགན་འཁྲི་གཙོ་བོ། 

(གཅིག) སྤྱི་བདེ་ལས་དོན་སྐོར་གྱི་ཏང་ཨུ་དང་། སྲིད་གཞུང་། གོང་རིམ་སྤྱི་བདེ་ལས་ཁུངས་བཅས་ཀྱི་བྱེད་ཕྱོགས་དང་། སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལག་བསྟར་དོན་འཁྱོལ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་དོན་གྱི་འགན་འཁུར་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་དོན་གྱི་འགོ་ཁྲིད་དང་བཀོད་འདོམས་ལས་ཁུངས་དང་དངོས་འཐབ་ཚན་པ་བཅས་ཡིན། 

(གཉིས) གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་དཔུང་ཁག་གི་ལྟ་སྐུལ་དོ་དམ་ལས་ཀའི་སྒྲིག་སྲོལ་ལམ་ལུགས་བཟོ་རྒྱུ་དང་། སྤྱི་བདེའི་སློབ་གསོ་སྦྱོང་བརྡར་དང་དྲིལ་སྒྲོག་གི་བྱེད་ཕྱོགས་དང་འཆར་གཞི། སྒྲིག་ཆས་དང་། གྱོན་ཆས་སྒྲིག་སྦྱོར། འགྲོ་གྲོན་ཉེན་དོན་འགན་སྲུང་ལམ་ལུགས་སོགས་གཏན་འབེབས་བྱ་རྒྱུ། 

(གསུམ) གཏན་འབེབས་ཀྱི་དབང་ཚད་ལྟར་ལས་བྱེད་པར་དོ་དམ་བྱེད་དགོས། སྤྱི་བདེ་ལས་ཁུངས་ཀྱི་ལྟ་ཞིབ་ལས་དོན་སྒྲིག་འཛུགས་དང་མཛུབ་སྟོན་བྱས་ཏེ་ལས་བྱེད་པར་ལྟ་སྐུལ་བྱེད་པ་དང་། སྤྱི་བདེའི་དཔུང་ཁག་གི་སྒྲིག་འགལ་གྱོད་གཞི་ཞིབ་བཤེར་ཐག་གཅོད་དང་ལྟ་སྐུལ་བྱེད་དགོས། 

(བཞི) གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཚན་རིག་ལག་རྩལ་ལས་དོན་དང་མྱུལ་ཞིབ་ལས་དོན་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེས་དོན་ལག་རྩལ་དང་འགུལ་སྐྱོད་ལག་རྩལ་འཛུགས་སྐྲུན་བྱ་བར་འཆར་འགོད་དང་མཛུབ་སྟོན་བྱ་རྒྱུ། 

(ལྔ) གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་དོ་དམ་གྱི་ལས་ཀའི་འགན་འཁུར་རྒྱུ། གྱོད་གཞི་ཚབས་ཆེན་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་བདེ་འཇགས་ཀྱི་དོན་རྐྱེན་དང་ཟིང་ཆ་ཚབས་ཆེན་མཐུན་སྦྱོར་ངང་ཐག་གཅོད་བྱ་རྒྱུ། འོག་རིམ་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་བདེ་འཇགས་སྒྲིག་ལམ་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཁྲིམས་ལྟར་རྩད་ཞིབ་ཐག་གཅོད་བྱེད་པར་མཛུབ་སྟོན་དང་ལྟ་སྐུལ་བྱེད་དགོས། གྲོང་ཁྱེར་དེ་ཡོངས་ཀྱི་རྒྱལ་ནང་གི་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གནས་ཚུལ་གསལ་བོར་དབྱེ་ཞིབ་དང་། ཞིབ་འཇུག་བྱས་ནས་དེ་མཚུངས་ཀྱི་ཁ་གཏད་འཇལ་ཐབས་བཟོ་དགོས། 

(དྲུག) གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ཀྱི་བདེ་འཇགས་སྲུང་སྐྱོང་ལས་ཀ་དང་། མང་ཚོགས་རང་བཞིན་གྱི་བདེ་འཇགས་སྲུང་སྐྱོང་རྩ་འཛུགས་ཀྱི་བདེ་འཇགས་དོགས་ཟོན་ལས་ཀ་དང་དེ་བཞིན་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་ལས་དོན་བཅས་ལ་མཛུབ་ཁྲིད་དང་ལྟ་སྐུལ་དོ་དམ་བྱེད་རྒྱུ། 

(བདུན) ལོག་ཆོས་དང་རང་བྱུང་གནོད་སྐྱོན་ཡོད་པའི་རྩ་འཛུགས་ལ་དོགས་ཟོན་དང་ཐག་གཅོད་བྱེད་འགན་འཁུར་རྒྱུ་དང་། གྲོང་ཁྱེར་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་རྒྱུན་གཏན་ལས་དོན་ལ་འགན་འཁུར་རྒྱུ། 

(བརྒྱད) ཨུ་རུ་སུའི་ཉེན་རྟོག་དང་འགྲོ་འོང་དང་ལས་སྒོ་མཉམ་ལས་བྱས་ཏེ་འབྲེལ་ཡོད་རྒྱལ་སྤྱིའི་ཆིངས་ཡིག་དང་མཉམ་ལས་གྲོས་མཐུན་ཁྲིམས་ལྟར་ལག་བསྟར་བྱེད་དགོས། རྒྱལ་ཁོངས་ལས་ཐོན་པ་དང་རྒྱལ་ཁོངས་སུ་ཡོང་བ། ཕྱི་རྒྱལ་བ་ཀྲུང་གོའི་མངའ་ཁོངས་སུ་སྡོད་པ་དང་ཡུལ་སྐོར་དུ་འགྲོ་བ་བཅས་ཀྱི་འབྲེལ་ཡོད་དོ་དམ་ལས་ཀར་ཁྲིད་སྟོན་དང་སྒྲིག་འཛུགས་བྱ་རྒྱུ། 

(དགུ) གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་འཁུར་བའི་ཁྲིམས་ཆད་ལག་བསྟར་དང་ལྟ་སྐུལ། རྟོག་ཞིབ་བཅས་ཀྱི་ལས་ཀའི་བྱེད་འགན་འཁུར་རྒྱུ་དང་། དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཁོངས་གཏོགས་ཀྱི་ལྟ་སྲུང་ཁང་དང་། བདེ་འཇགས་བཀག་སྐྱིལ་ཁང་། བཙན་ཐབས་ལོགས་བཀར་དུག་གཅོད་ཁང་། བསྡུ་ཉར་སློབ་གསོ་ཁང་སོགས་དོ་དམ་དང་འཛུགས་སྐྲུན་ལས་ཀར་མཛུབ་སྟོན་དང་ལྟ་སྐུལ་དོ་དམ་བྱ་རྒྱུ། 

(བཅུ) གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་ལས་ཀའི་འགན་འཁུར་རྒྱུ། 

(བཅུ་གཅིག) གྲོང་ཁྱེར་ཡོངས་ཀྱི་མཐའ་སྲུང་དང་མེ་ཟོན་ལས་དོན་ལ་མཛུབ་ཁྲིད་སྒྲིག་འཛུགས་བྱེད་རྒྱུ། 

(བཅུ་གཉིས) ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་དེ་བཞིན་ཕྱི་རྒྱལ་གྱི་སྐུ་མགྲོན་གལ་ཆེན་དང་སྐྱེ་བོ་རྣམས་གྲོང་ཁྱེར་དུ་སྡོད་པའི་བདེ་འཇགས་ཉེན་སྲུང་གི་ལས་ཀའི་འགན་འཁུར་རྒྱུ། 

(བཅུ་གསུམ) གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྲད་པའི་ལས་དོན་གཞན་དག་གི་སྒྲུབ་འགན་འཁུར་རྒྱུ་བཅས་ཡིན། 


དཔྱད་གཞིའི་ཡིག་ཆ།