ལིས་ཀང་།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2021-03-30 14:10ལ་འགྲུབ།

ལིས་ཀང་།

ལིས་ཀང་།
ཁོང་ནི་སྤྱི་ལོ1966ལོའི་ཟླ9པར་སྐྱེས། ཧུ་ནན་ཧུའེ་པིན་ནས་ཡིན། སྤྱི་ལོ1985ལོའི་ཟླ1པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1982ལོའི་ཟླ11པར་བྱ་བར་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མ་ཡིན། ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
吕刚
སྐྱེས་ལོ།
སྤྱི་ལོ1966ལོའི་ཟླ9པ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧུ་ནན་ཧུའེ་པིན།
ཏང་ཞུགས་ཀྱི་ལོ།
སྤྱི་ལོ1985ལོའི་ཟླ1པོ།
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་ཏང་གི་སློབ་གྲྭ།
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ1966ལོའི་ཟླ9པར་སྐྱེས། ཧོ་ནན་ཧོའེ་པིན་ནས་ཡིན། སྤྱི་ལོ1985ལོའི་ཟླ1པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1982ལོའི་ཟླ11པར་ལས་ཀར་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མ་ཡིན།

ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1982ལོའི་ཟླ11པ་ནས་སྤྱི་ལོ1983ལོའི་ཟླ9པའི་བར། མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་ཁྲལ་དོན་ཅུས་ཀྱི་རྩིས་གཉེར་པའི་འགན་བཞེས།

སྤྱི་ལོ1983ལོའི་ཟླ9པ་ནས་སྤྱི་ལོ1985ལོའི་ཟླ7པའི་བར། མཚོ་སྔོན་ཞིང་ཆེན་ནོར་དཔལ་སློབ་གྲྭའི་འཆར་གཞི་བསྡོམས་རྩིས་ཆེད་ལས་ལ་སློབ་སྦྱོང་བྱས།

སྤྱི་ལོ1985ལོའི་ཟླ7པ་ནས་སྤྱི་ལོ1995ལོའི་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་ངལ་རྩོལ་མི་དོན་ཐིང་སྒྲིག་ཁོངས་ཨུ་ལྷན་གཞུང་དོན་ཁང་གི་ཁའོ་ཡོན་དང་། ཀྲུའུ་རེན་ཁའོ་ཡོན། ཀྲུའུ་རེན་ཁའོ་ཡོན་བཅས་ཀྱི་འགན་བཞེས།(སྤྱི་ལོ1986ལོའི་ཟླ4བ་ནས་སྤྱི་ལོ1994ལོའི་ཟླ6པའི་བར། མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གསོའི་རྩིས་གཉེར་ཆེད་ལས་ཀྱི་རང་སྦྱོང་ཡིག་རྒྱུགས་ནང་ཞུགས་ནས་ཆེད་སྦྱོང་རིམ་པའི་བསླབ་གནས་བླངས།)

སྤྱི་ལོ1995ལོའི་ཟླ4པ་ནས་སྤྱི་ལོ1997ལོའི་ཟླ11པའི་བར། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ངལ་རྩོལ་མི་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་བཞེས།(སྤྱི་ལོ1994ལོའི་ཟླ8པ་ནས་སྤྱི་ལོ1996ལོའི་ཟླ12བའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཡིག་སྤྲིངས་སློབ་གླིང་གི་དངོས་གཞིའི་འཛིན་གྲྭ་ནས་ཏང་སྲིད་དོ་དམ་ཆེད་ལས་ལ་སློབ་སྦྱོང་བྱས།)

སྤྱི་ལོ1997ལོའི་ཟླ11པ་ནས་སྤྱི་ལོ1999ལོའི་ཟླ4བའི་བར། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ངལ་རྩོལ་མི་དོན་ཅུས་ཀྱི་ཅུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1999ལོའི་ཟླ4པ་ནས་སྤྱི་ལོ2000ལོའི་ཟླ1པོའི་བར། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཁུལ་ངལ་རྩོལ་མི་དོན་ཅུས་ཀྱི་ཅུའུ་ཀྲང་གི་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2000ལོའི་ཟླ1པོ་ནས་སྤྱི་ལོ2002ལོའི་ཟླ9པའི་བར། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།(སྤྱི་ལོ1999ལོའི་ཟླ4པ་ནས་སྤྱི་ལོ2002ལོའི་ཟླ7པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཡིག་སྤྲིངས་སློབ་གླིང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཞུགས་ཏེ་དཔལ་འབྱོར་དོ་དམ་ཆེད་ལས་ལ་སློབ་སྦྱོང་བྱས།)

སྤྱི་ལོ2002ལོའི་ཟླ9པ་ནས་སྤྱི་ལོ2007ལོའི་ཟླ11པའི་བར། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཞིང་ཆེན་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས།(སྤྱི་ལོ2006ལོའི་ཟླ5པ་ནས་སྤྱི་ལོ2007ལོའི་ཟླ4པའི་བར། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་དཔྱད་ཞིབ་ཅུའུ་གསུམ་པའི་ཅུའུ་ཀྲང་གཞོན་པའི་འགན་བཞེས།)

སྤྱི་ལོ2007ལོའི་ཟླ112པ་ནས་སྤྱི་ལོ2010ལོའི་ཟླ4པའི་བར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ2010ལོའི་ཟླ4པ་ནས་སྤྱི་ལོ2011ལོའི་ཟླ10པའི་བར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཁུལ་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ2011ལོའི་ཟླ14པ་ནས་སྤྱི་ལོ2012ལོའི་ཟླ11པའི་བར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2012ལོའི་ཟླ11པ་ནས་སྤྱི་ལོ2017ལོའི་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྐོར་ཞིབ་པ་དང་པུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ3པ་ནས་སྤྱི་ལོ2018ལོའི་ཟླ11པའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་རྒྱུན་ལས་པུའུ་ཀྲང་གཞོན་པ་དང་སྐོར་ཞིབ་པའི་འགན་བཞེས། །(ཐིང་རིམ་པ་རྒན་པ)

སྤྱི་ལོ2018ལོའི་ཟླ11པ་ནས་སྤྱི་ལོ2021ལོའི་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱི་ཅུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2021ལོའི་ཟླ3པ་ནས་ད་ལྟའི་བར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁུལ་ཨུའི་ཨུ་ཡིན་དང་། རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན་ཡིན།

3 ལས་གནས་བསྐོ་འཐེན།

སྤྱི་ལོ2018ལོའི་ཟླ11པའི་ཚེས29ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལས་ཀའི་དགོས་མཁོར་གཞིགས་ནས་བློ་མཐུན་ལུས་ཀང་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱི་ཅུའུ་ཀྲང་ལ་བསྐོ་གཞག་བྱས།

སྤྱི་ལོ2021ལོའི་ཟླ3པར། ཀྲུང་གུང་མཚོ་སྔོན་ཞིང་ཨུའི་ཐག་བཅད་ལྟར། བློ་མཐུན་ལུས་ཀང་གིས་ཀྲུང་གུང་མཚོ་ལྷོ་ཁུལ་ཏང་ཨུའི་ཨུ་ཡོན་དང་། རྒྱུ་ལས་ཨུ་ཡོན། ཧྲུའུ་ཅི་བཅས་ཀྱི་འགན་བཞེས་པ་དང་། བློ་མཐུན་ཀྲང་ཝུན་ཁུའེ་ཡིས་ཀྲུང་གུང་མཚོ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་རྒྱུན་ལས་ཨུ་ཡོན། ཏང་ཨུའི་ཨུ་ཡོན་བཅས་ཀྱི་ལས་འགན་མཚམས་བཞག་པ་རེད།


དཔྱད་གཞིའི་ཡིག་ཆ།