ཁྲིམས་མིའི་མ་རྐང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2021-03-29 15:22ལ་འགྲུབ།

ཁྲིམས་མིའི་མ་རྐང་།

ཁྲིམས་མིའི་མ་རྐང་།
ཁྲིམས་མིའི་མ་རྐང་ཞེས་པ་ནི་ཁེ་ལས་ཁྲིམས་མིའམ་ཁྲིམས་མིའི་ཐོབ་ཐང་ལྡན་པའི་བྱ་ལས་སྡེ་ཚན་དང་སྤྱི་ཚོགས་ཚོགས་པས་ཁྲིམས་ལྟར་བཀོལ་སྤྱོད་ཆོག་པའི་རྒྱུ་ནོར་ལ་བརྟེན་ནས་མ་རྐང་ཚད་ཡོད་ཀུང་སིའི་ཚོང་རར་མི་ཞུགས་པའི་འཁོར་རྒྱུག་རྐང་དབང་ཁག་ཅིག་ལ་མ་དངུལ་བཏང་ནས་གྲུབ་པའི་མ་རྐང་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
法人股
ཕྱི་ཡིག་གི་མིང་།
Legal Shares
གཏོགས་ཁོངས།
རྐང་དབང་སྒྲིག་འགོད།
1 ངོ་སྤྲོད།

ཁྲིམས་མིའི་མ་རྐང་ཞེས་པ་ནི་ཁེ་ལས་ཁྲིམས་མིའམ་ཁྲིམས་མིའི་ཐོབ་ཐང་ལྡན་པའི་བྱ་ལས་སྡེ་ཚན་དང་སྤྱི་ཚོགས་ཚོགས་པས་ཁྲིམས་ལྟར་བཀོལ་སྤྱོད་ཆོག་པའི་རྒྱུ་ནོར་ལ་བརྟེན་ནས་མ་རྐང་ཚད་ཡོད་ཀུང་སིའི་ཚོང་རར་མི་ཞུགས་པའི་འཁོར་རྒྱུག་རྐང་དབང་ཁག་ཅིག་ལ་མ་དངུལ་བཏང་ནས་གྲུབ་པའི་མ་རྐང་ལ་ཟེར། གལ་ཏེ་ཁྲིམས་མི་དེ་རྒྱལ་དབང་ཁེ་ལས་དང་། བྱ་ལས། ལས་ཁུངས་གཞན་དག་བཅས་ཡིན་ན། ཁྲིམས་མི་དེའི་མ་རྐང་དེ་རྒྱལ་དབང་ཁྲིམས་མིའི་མ་རྐང་དུ་བརྩི་རྒྱུ་དང་། གལ་ཏེ་རྒྱལ་དབང་མིན་པའི་ཁྲིམས་མིའི་རྒྱུ་ནོར་དེ་ཚོང་རར་ཞུགས་པའི་ཀུང་སིར་མ་དངུལ་བཏང་ནས་གྲུབ་པའི་མ་རྐང་ནི་སྤྱི་ཚོགས་ཁྲིམས་མིའི་མ་རྐང་ཡིན།

2 མཚན་ཉིད།

ཁྲིམས་མིའི་མ་རྐངLegal Sharesགི་མ་དངུལ་འཇོག་མཁན་མི་འདྲ་བ་གཞིར་བཟུང་ནས་རྐང་དབང་འཛུགས་པར་རྣམ་པ་བཞི་ཡོད་དེ། རྒྱལ་ཁབ་ཀྱི་མ་རྐང་དང་། ཁྲིམས་མིའི་མ་རྐང་། མི་སྒེར་གྱི་མ་རྐང་། ཕྱི་དངུལ་མ་རྐང་བཅས་ཡིན།

རང་རྒྱལ་གྱི་ཁྲོམ་འགྲེམས་ཀུང་སིའི་རྐང་དབང་གྲུབ་ཆའི་ཁྲོད་ཁྲིམས་མིའི་མ་རྐང་གིས་ཆ་སྙོམས་ཁྲོད་བརྒྱ་ཆའི20ཡས་མས་ཟིན་ཡོད། ཁྲིམས་མིའི་མ་རྐང་ཉོ་རྒྱུ་ཁས་ལེན་བྱ་ཡུལ་ལ་གཞིགས་ནས་ཁྲིམས་མིའི་མ་རྐང་དེ་སྔར་ལས་ལྷག་པར་རྒྱལ་ནང་གི་གྲོས་འགོ་འདོན་མཁན་གྱི་མ་རྐང་དང་། ཕྱི་རྒྱལ་གྱི་མ་དངུལ་ཁྲིམས་མིའི་མ་རྐང་། བསྡུ་རུབ་ཁྲིམས་མིའི་མ་རྐང་བཅས་ཁག་གསུམ་དུ་དབྱེ་ཆོག རྒྱུན་ལྡན་གྱི་རྐང་དངུལ་འཛིན་ལོར་ཚོང་རའི་ནང་བཤད་པའི་མ་རྐངCནི་གྲོས་མཐུན་ནང་བཤུག་གཏོང་བའི་ཁྲིམས་མིའི་མ་རྐང་ཡིན། 

3 མ་རྐང་ཉར་བ།

ཁྲིམས་མིའི་མ་རྐང་ཉར་བའི་ནང་གཙོ་བོ་གྲོས་འགོ་འདོན་མཁན་སྡེ་ཚན(གསར་འཛུགས་མ་རྐང་ཀུང་སིར་མཚོན་ནས་བཤད་ན)དང་དེ་བཞིན་ངོ་བོ་སྣ་ཚོགས་ལྡན་པའི་ཁྲིམས་མི(སྡེ་ཚན)གཞན་དག་གིས་རང་ལ་དབང་བའི་མ་དངུལ་གྱིས་ཉོ་རྒྱུ་ཁས་བླངས་པའི་མ་རྐང་ཚུད་ཡོད། དེ་སྔའི་ཐུན་མོང་ཁེ་ལས་ཀྱིས་རང་ཉིད་ཀྱི་རྒྱུ་ནོར་ལ་བསྐྱར་དུ་ཚོད་དཔག་བྱས་རྗེས་མ་རྐང་དུ་ཕབ་རྩིས་བརྒྱབ་ཆོག སྔར་ཡོད་ཁེ་ལས་དེ་མ་རྐང་ཀུང་སིར་བཅོས་སྒྲིག་བྱེད་སྐབས་ཁེ་ལས་སྔ་མའི་ལྷག་མ་ལས་མེད་པའི་ལས་བཟོ་པའི་བྱ་དགའི་ཐེབས་རྩ་དེ་ལས་བཟོ་པའི་ཐུན་མོང་གི་མ་རྐང་དུ་བསྒྱུར་པ་དང་། དེའི་བདག་དབང་སྔར་བཞིན་སྡེ་ཚན་ལ་དབང་བ་ལས་སྒེར་གྱིས་བེད་སྤྱོད་དང་། བཟུང་སྤྱོད། ཐག་གཅོད་བཅས་བྱེད་དབང་མེད། འབྲེལ་ཡོད་གཏན་འབེབས་ལྟར་མ་རྐང་འཛིན་ཤོག་འཛིན་ཆོག་པའི་དངུལ་ཁང་ངམ་དངུལ་རྩའི་ལས་ཁུངས་གཞན་དག་གིས་མ་དངུལ་བཞག་ནས་ཉར་བའི་མ་རྐང་བཅས་ཡིན། ཁྲིམས་མིའི(སྡེ་ཚན)མ་རྐང་ནི་རང་རྒྱལ་གྱི་མ་རྐང་ལམ་ལུགས་ཁེ་ལས་ཀྱི་རྐང་དབང་གྲུབ་ཚུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དུས་མཚུངས་སུ་རང་རྒྱལ་གྱི་དངུལ་འཛིན་ཚོང་ར་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་དཀའ་ངལ་ཆེས་མང་བའི་མ་རྐང་ཞིག་ཀྱང་ཡིན། སྤྱི་ལོ1992ལོར་རང་རྒྱལ་གྱིས་ཁྲིམས་མིའི་མ་རྐང་ཉོ་ཚོང་མ་ལགSTAQའམNETཁྲིམས་མིའི་མ་རྐང་མ་ལག་བཙུགས་པས། ཁྲིམས་མིའི་མ་རྐང་ལ་ཆེད་དམིགས་ཀྱི་འཁོར་རྒྱུག་ཚོང་ར་ཡོད་པ་རེད། འོན་ཀྱང་འཁོར་སྐྱོད་བྱེད་པའི་བརྒྱུད་རིམ་ཁྲོད་གནད་དོན་མང་པོ་བྱུང་བའི་ཁར་སྤྱི་ལོ1999ལོར་ལག་བསྟར་བྱས་པའི《དངུལ་འཛིན་བཅའ་ཁྲིམས》དང་འགལ་བ་ཡོད་པས་འཁོར་སྐྱོད་བྱེད་མཚམས་བཞག་པ་རེད།

4 རིགས་དབྱེ།

ཁྲིམས་མིའི་མ་རྐང་བདག་དབང་གི་རིགས་བགར་བ།

(1)མ་རྐང་འཇོག་མཁན་གྱི་ཁེ་དབང་ལྟར་མ་རྐང་དཀྱུས་མ་དང་སྔོན་ཐོབ་མ་རྐང་གཉིས་སུ་དབྱེ་ཡོད།

སྤྱིར་བཏང་གི་མ་རྐང་ནི་ཀུང་སིའི་གཉེར་སྐྱོང་དོ་དམ་དང་། ཁེ་སྤོགས། རྒྱུ་ནོར་བགོ་བཤའ་རྒྱག་པའི་ཐད་སྤྱིར་བཏང་གི་ཁེ་དབང་ལོངས་སུ་སྤྱོད་པའི་མ་རྐང་ལ་ཟེར་ཞིང་། ཀུང་སིའི་ཁེ་སྤོགས་དང་རྒྱུ་ནོར་ལྷག་མའི་བགོ་བཤའི་གོ་རིམ་སྟེང་བུན་བདག་དང་སྔོན་ཐོབ་ཀྱི་མ་རྐང་འཛིན་མཁན་གྱི་རྗེས་སུ་ཀུང་སིའི་དེས་མ་རྩའི་རྨང་གཞི་གྲུབ་པ་དང་། ཆེས་རྒྱུན་མཐོང་དང་། ཆེས་ཁྱབ་ཆེ་བ། ཆེས་གཞི་རྩའི་མ་རྐང་བདག་དབང་གི་རྣམ་པ་ཞིག་ཡིན། མ་རྐང་འཇོག་མཁན་དཀྱུས་མར་ཀུང་སིའི་གཉེར་སྐྱོང་ཇུས་ཐག་གཅོད་པར་ཞུགས་དབང་དང་། ཁེ་སྤོགས་བགོ་བཤའི་དབང་ཆ། སྔོན་ལ་མ་རྐང་འཛིན་དབང་དང་རྒྱུ་ནོར་ལྷག་མ་བགོ་བཤའ་རྒྱག་དབང་སོགས་གཞི་རྩའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད།

སྔོན་ཐོབ་མ་རྐང་ནི་སྤྱིར་བཏང་གི་མ་རྐང་དང་དོ་མཉམ་པའི་མ་རྐང་དབང་ཆ་ཡིན་ལ། མ་རྐང་འཇོག་མཁན་ལ་སྔོན་ཐོབ་ཀྱི་ཁེ་དབང་ཁ་ཤས་ཡོད། གཙོ་བོ་གཤམ་གསལ་ཕྱོགས་གཉིས་ཀྱི་ཐད་ནས་བཤད་ན། དང་པོ། སྔོན་ཐོབ་མ་རྐང་ལ་གཏན་འཇགས་ཀྱི་མ་རྐང་གི་སྐྱེད་ཀ་ཡོད་པ་མ་ཟད། མ་རྐང་དཀྱུས་མའི་མ་རྐང་འཇོག་མཁན་ལས་སྔོན་ལ་མ་རྐང་གི་སྐྱེད་ཀ་ལེན་ཐུབ། གཉིས་པ། ཀུང་སིའི་མ་རྩ་སྟོངས་བའི་སྐབས། སྔོན་ཐོབ་ཀྱི་མ་རྐང་འཛིན་མཁན་གྱིས་མ་རྐང་དཀྱུས་མའི་མ་རྐང་འཇོག་མཁན་ལས་སྔོན་ལ་ཀུང་སིའི་རྒྱུ་ནོར་ལྷག་མ་བླངས་ཆོག འོན་ཀྱང་མ་རྐང་སྔོན་ཐོབ་དེ་སྤྱིར་བཏང་དུ་ཀུང་སིའི་ཁེ་སྤོགས་བགོ་བཤའ་རྒྱག་པར་མི་ཞུགས་པ་དང་། མ་རྐང་འཛིན་མཁན་ལའང་བརྡས་ཐག་གཅོད་དབང་མེད་པས་བརྡས་ཐག་གཅོད་དབང་ལ་བརྟེན་ནས་ཀུང་སིའི་གཉེར་སྐྱོང་དོ་དམ་ནང་ཞུགས་མི་ཆོག

(2)མ་རྐང་དབང་ཆའི་རྒྱུན་འཁོར་རང་བཞིན་གྱི་སྒོ་ནས་དབྱེ་ན་མ་རྐང་འཁོར་རྒྱུག་དང་མ་རྐང་འཁོར་རྒྱུག་མིན་པ་གཉིས་ཡོད།

མ་རྐང་འཁོར་རྒྱུག་ཞེས་པ་ནི་རིམ་པ་གཉིས་པའི་ཚོང་རར་རང་མོས་ཀྱིས་འཁོར་རྒྱུག་དང་བཤུག་སྤྲོད་བྱས་ཆོག་པའི་མ་རྐང་འཛིན་དབང་ལ་ཟེར། རང་རྒྱལ་དུ་གཙོ་བོར་རྒྱལ་ནང་གི་ཁྲོམ་རར་བཏོན་པའི་མི་དམངས་ཤོག་སྒོར་གྱི་མ་རྐང་དཀྱུས་མ(མ་རྐངA)དང་། མངའ་ཁོངས་ནང་གི་ཁྲོམ་རར་ཞུགས་པའི་ཕྱི་དངུལ་གྱི་མ་རྐང་།(མ་རྐངB)ཕྱི་རྒྱལ་གྱི་ཁྲོམ་རར་ཞུགས་པའི་ཕྱི་རྒྱལ་གྱི་མ་རྐང(མ་རྐངHདང་། མ་རྐངNསོགས)བཅས་ཚུད་ཡོད།

རྒྱུན་འཁོར་མ་ཡིན་པའི་མ་རྐང་ཞེས་པ་ནི་རིམ་པ་གཉིས་པའི་ཚོང་རའི་སྟེང་རང་མོས་ཀྱིས་འཁོར་རྒྱུག་དང་བཤུག་སྤྲོད་བྱེད་མི་ཆོག་པའི་མ་རྐང་འཛིན་དབང་ལ་ཟེར།

(3)མ་རྐང་འཇོག་མཁན་གྱི་རང་བཞིན་ལྟར་རྒྱལ་ཁབ་ལ་དབང་བའི་མ་རྐང་། ཁྲིམས་མིའི་མ་རྐང་། སྤྱི་དམངས་ཀྱི་མ་རྐང་། ཕྱི་དངུལ་མ་རྐང་བཅས་སུ་དབྱེ་ཡོད།

གཞུང་ཁོངས་མ་རྐང་ནང་རྒྱལ་ཁབ་ཀྱི་མ་རྐང་དང་གཞུང་ཁོངས་ཁྲིམས་མིའི་མ་རྐང་ཚུད་ཡོད། རྒྱལ་ཁབ་མ་རྐང་ཞེས་པ་ནི་རྒྱལ་ཁབ་ཀྱི་ཚབ་བྱས་ནས་མ་དངུལ་འཇོག་དབང་ཡོད་པའི་སྲིད་གཞུང་སྡེ་ཁག་གམ་ལས་ཁུངས་ཀྱིས་མ་རྐང་ཚད་ཡོད་ཀུང་སིར་མ་དངུལ་བཏང་ནས་གྲུབ་པའམ་ཁྲིམས་བཀོད་གོ་རིམ་ལྟར་ཐོབ་པའི་མ་རྐང་ལ་ཟེར། མ་རྐང་ཀུང་སིའི་མ་རྐང་བདག་དབང་ཐོ་འགོད་སྟེང་མིང་ལ་སྡེ་ཁག་གམ་ལས་ཁུངས་ཀྱིས་ཉར་བའི་མ་རྐང་ཟེར། རྒྱལ་ཁབ་ལ་དབང་བའི་ཁྲིམས་མིའི་མ་རྐང་ཞེས་པ་ནི་དམངས་ཡོངས་ལ་དབང་བའི་ཁེ་ལས(རྒྱལ་ཁབ་ཀྱི་ཚབ་ཏུ་མ་དངུལ་འཇོག་པའི་ཁེ་ལས་རང་བཞིན་གྱི་ལས་ཁུངས་ཚུད་མེད)ཀྱིས་རང་བདག་གིས་བཀོལ་སྤྱོད་བྱས་ཆོག་པའི་རྒྱུ་ནོར་མ་རྐང་ཀུང་སིར་མ་དངུལ་འཇོག་པའམ་ཡང་ན་ཁྲིམས་བཀོད་གོ་རིམ་ལྟར་ཐོབ་པའི་མ་རྐང་ལ་ཟེར། མ་རྐང་ཀུང་ཟིའི་མ་རྐང་བདག་དབང་ཐོ་འགོད་སྟེང་མིང་དེ་རྒྱལ་ཁབ་དེའི་ཁེ་ལས་སམ་ཡང་ན་བྱ་ལས་སྡེ་ཚན་དང་ལས་ཁུངས་གཞན་པས་བདག་གིར་བཟུང་བའི་མ་རྐང་ཡིན། 

5 བྱེད་ནུས།

ཁྲིམས་མིའི་མ་རྐང་ནུས་པ།

མ་རྐང་ལམ་ལུགས་ཚོད་ལྟ་བྱེད་སྐབས་རྒྱལ་ཁབ་ཀྱི་མ་རྐང་དང་ཁྲིམས་མིའི་མ་རྐང་སོགས་སྤྱི་ལ་དབང་བའི་མ་རྐང་ཇུས་འགོད་བྱེད་པའི་དམིགས་ཡུལ་ནི་མ་རྐང་ལམ་ལུགས་ཚོད་ལྟ་བྱེད་གནས་རིམ་བཞིན་སྐུལ་སྤེལ་དང་སྤྱི་ལ་དབང་བའི་དཔལ་འབྱོར་གྱི་མ་རྐང་ཚོད་འཛིན་གྱི་གོ་གནས་སྲུང་འཛིན་བྱེད་པའི་ཆེད་དུ་ཡིན། འཆར་གཞིའི་དཔལ་འབྱོར་དེ་ཚོང་རའི་དཔལ་འབྱོར་དུ་བསྒྱུར་སྐབས། ཁྲིམས་མིའི་མ་རྐང་དེ་མ་རྐང་ཀུང་སི་འཛུགས་པ་དང་འཁོར་སྐྱོད་བྱེད་པའི་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད།

གཅིག ཁེ་ལས་ཀྱི་ལམ་ལུགས་བསྒྱུར་བཅོས་དང་ཚོང་རར་འདོན་སྐབས་ཁྲིམས་མིའི་མ་རྐང་གི་ནུས་པ།

རང་རྒྱལ་གྱི་མ་རྐང་ཀུང་སི་མང་ཆེ་བ་ནི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ལམ་ལུགས་བསྒྱུར་བཅོས་བྱས་ནས་གྲུབ་པ་ཡིན། ཁྲིམས་མིའི་མ་རྐང་དེ་ཁེ་ལས་ཀྱི་ལམ་ལུགས་བསྒྱུར་བཅོས་དང་ཚོང་རར་འདོན་རྒྱུའི་རེ་འདུན་ཞུ་སྐབས་ཀྱི་ནུས་པ་གཤམ་གསལ་ཕྱོགས་འགའ་ནས་མཚོན་ཡོད་དེ།

1 ཁྲིམས་མིའི་མ་རྐང་ནི་ཀུང་སི་འཛུགས་རྒྱུའི་རྨང་གཞིའི་མ་རྐང་ཡིན།

2 ཁྲིམས་མིའི་མ་རྐང་བསྡུ་ལེན་གྱིས་ཀུང་སིའི་མ་དངུལ་གྲབས་གསོག་ཐབས་ལམ་རྒྱ་ཆེར་བཏང་ཡོད།

3 ཁྲིམས་མིའི་མ་རྐང་ཀུང་སིའི་ཚོང་རར་ཞུགས་པར་ཆ་རྐྱེན་བསྐྲུན་ཡོད།

གཉིས། མ་རྩའི་ཚོང་རའི་འཁོར་སྐྱོད་ཁྲོད་ཀྱི་ཁྲིམས་མིའི་མ་རྐང་གི་ནུས་པ།

མ་རྩའི་ཚོང་རའི་འཁོར་སྐྱོད་ཁྲོད་ཁྲིམས་མིའི་མ་རྐང་གི་བྱེད་ནུས་གཤམ་གསལ་གྱི་ཕྱོགས་འགའ་ནས་མཚོན་ཡོད་དེ།

1 ཀུང་སིའི་དངུལ་འཇོག་གཙོ་ཤུགས་སྣ་མང་ཅན་དུ་འགྱུར་བར་ཕན།

2 ཀུང་སི་བར་ཕན་ཚུན་མ་རྐང་འཛིན་པར་ཕན།

3 རྐང་དངུལ་འཛིན་ལོར་ཚོང་ར་བརྟན་པོ་ཡོང་བར་ཕན།

4 རྒྱུ་ནོར་བསྐྱར་སྒྲིག་ལ་ཕན།

6 འབྲེལ་ཡོད་ཤེས་བྱ།

རྒྱལ་དབང་ཁྲིམས་མིའི་མ་རྐང་ཞེས་པ་ནི་ཁྲིམས་མིའི་ཐོབ་ཐང་ཡོད་པའི་རྒྱལ་དབང་ཁེ་ལས་དང་། ལས་དོན་དང་དེ་མིན་ལས་ཁུངས་གཞན་དག་གིས་ཁྲིམས་ལྟར་ཁྲིམས་མིའི་རྒྱུ་ནོར་བདག་བཟུང་བྱས་ཏེ་རང་ཉིད་ཀྱི་མ་རྐང་ཀུང་སིར་རང་ཚུགས་སུ་མ་དངུལ་བཏང་ནས་གྲུབ་པའམ་ཡང་ན་ཁྲིམས་བཀོད་གོ་རིམ་ལྟར་ཐོབ་པའི་མ་རྐང་ལ་ཟེར། རྒྱལ་ཁབ་ལ་དབང་བའི་ཁྲིམས་མིའི་མ་རྐང་ནི་རྒྱལ་ཁབ་ལ་དབང་བའི་མ་རྐང་འཛིན་དབང་ཡིན།


དཔྱད་གཞིའི་ཡིག་ཆ།