བུ་ལོན་གཙང་འཇལ།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2021-03-29 15:22ལ་འགྲུབ།

བུ་ལོན་གཙང་འཇལ།

བུ་ལོན་གཙང་འཇལ།
བུ་ལོན་གཙང་འཇལ་ཞེས་པ་ནི་བུ་ལོན་འགན་འཇལ་མཁན་གྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་སམ་ཡང་ན་གན་རྒྱའི་ཁ་དན་ལྟར་རང་ཉིད་ཀྱི་བུ་ལོན་འགན་འཇལ་ལག་བསྟར་བྱས་ནས་བུན་དབང་དང་བུ་ལོན་གྱི་འབྲེལ་བ་མེད་པར་བཟོ་བའི་བྱེད་ལས་ལ་ཟེར། བུ་ལོན་གཙང་འཇལ་ནི་ཁེ་ལས་ཀྱི་བུ་ལོན་འགན་འཇལ་གཉེར་སྐྱོང་གོ་རིམ་གྱི་གནད་འགག་གལ་ཆེན་ཞིག་ཡིན་ལ། ཁེ་ལས་ཀྱིས་བསྟུད་མར་བུ་ལོན་འཁུར་བའི་ལས་གཉེར་མངོན་འགྱུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། དུས་མཚུངས་སུ་བུ་ལོན་གཙང་འཇལ་བྱ་རྒྱུ་ནི་ཁེ་ལས་ཀྱི་རྒྱུན་ལྡན་གྱི་གཉེར་སྐྱོང་བྱེད་སྒོའི་ནང་གི་ནོར་དོན་གྱི་ལས་ཀ་གལ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
债务清偿
ཕན་འབྲས།
ཁེ་ལས་ཀྱི་ཉམས་ཉེན་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ།
སྔོན་འགྲོ།
ཁེ་ལས་ཀྱིས་བསྟུད་མར་བུ་ལོན་ཟུག་པའི་གཉེར་སྐྱོང་མངོན་འགྱུར་བྱེད་པ།
རྩ་དོན།
རྩ་དོན་དངོས་སུ་ལག་བསྟར་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་རྩ་དོན་སོགས།
1 ངོ་སྤྲོད།

བུ་ལོན་གཙང་འཇལ་ཞེས་པ་ནི་བུ་ལོན་འགན་འཇལ་མཁན་གྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་སམ་ཡང་ན་གན་རྒྱའི་ཁ་དན་ལྟར་རང་ཉིད་ཀྱི་བུ་ལོན་འགན་འཇལ་ལག་བསྟར་བྱས་ནས་བུན་དབང་དང་བུ་ལོན་གྱི་འབྲེལ་བ་མེད་པར་བཟོ་བའི་བྱེད་ལས་ལ་ཟེར། བུ་ལོན་གཙང་འཇལ་ནི་ཁེ་ལས་ཀྱི་བུ་ལོན་འགན་འཇལ་གཉེར་སྐྱོང་གོ་རིམ་གྱི་གནད་འགག་གལ་ཆེན་ཞིག་ཡིན་ལ། ཁེ་ལས་ཀྱིས་བསྟུད་མར་བུ་ལོན་འཁུར་བའི་ལས་གཉེར་མངོན་འགྱུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། དུས་མཚུངས་སུ་བུ་ལོན་གཙང་འཇལ་བྱ་རྒྱུ་ནི་ཁེ་ལས་ཀྱི་རྒྱུན་ལྡན་གྱི་གཉེར་སྐྱོང་བྱེད་སྒོའི་ནང་གི་ནོར་དོན་གྱི་ལས་ཀ་གལ་ཆེན་ཞིག་ཡིན། བུ་ལོན་གཙང་འཇལ་བྱེད་པ་དེ་ཁེ་ལས་བྱེ་བྲག་གི་ངོས་ནས་བཤད་ན། ཁེ་ལས་ཀྱི་མཚན་སྙན་བཟང་པོ་ཞིག་རྒྱུན་འཁྱོངས་བྱེད་པར་ཕན་ཐོགས་ཡོད་པ་དང་། ཁེ་ལས་ཀྱིས་བུ་ལོན་སྔར་ལས་ལྷག་པར་ལེན་པར་རྨང་གཞི་འདིང་དགོས། ཁེ་ལས་ཀྱི་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཁེ་ལས་ཀྱི་ཕན་འབྲས་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་ཕན། ཁེ་ལས་ཀྱིས་དུས་ཐོག་ཏུ་དེའི་ནོར་དོན་གྲུབ་ཚུལ་ལེགས་སྒྲིག་བྱས་ནས་དཔལ་འབྱོར་གྱི་ཕན་ནུས་ཆེ་རུ་གཏོང་བར་ཆ་རྐྱེན་བསྐྲུན་དགོས།

2 རྩ་དོན།

བུ་ལོན་གཙང་འཇལ་ནི་ཁེ་ལས་ཀྱི་བུ་ལོན་གྱི་ལས་འགུལ་ཏེ་བུ་ལོན་གཡར་ཐེངས་གཅིག་ལ་བུ་ལོན་འཇལ་བའི་ཁྲོད་ཀྱི་དགོས་ངེས་ཀྱི་སྣང་ཚུལ་དང་གནད་འགག་གལ་ཆེན་ཞིག་ཡིན། ཁེ་ལས་ཀྱིས་བུ་ལོན་འཁུར་བའི་གཉེར་སྐྱོང་བྱེད་སྒོ་ཡག་པོ་སྤེལ་དགོས་ན། རང་རྒྱལ་ཁེ་ལས་བར་གྱི་རྒྱུན་ལྡན་མིན་པའི་བུ་ལོན་ཆད་འགྱངས་བྱེད་པའི་སྣང་ཚུལ་ངེས་པར་དུ་དོར་དགོས་པ་དང་། བུ་ལོན་གཙང་འཇལ་བྱེད་པའི་ཁྲོད་བརྩི་སྲུང་ཞུ་དགོས་པའི་རྩ་དོན་ཁ་ཤས་བརྩི་སྲུང་བྱ་དགོས།

(1) དོན་དངོས་ཀྱི་ལག་བསྟར་རྩ་དོན་ལ་དངོས་པོ་ལག་བསྟར་བྱེད་པའི་རྩ་དོན་ཡང་ཟེར། དེ་ནི་བུན་བདག་དང་བུ་ལོན་གསབ་འཇལ་མཁན་གྱིས་ངེས་པར་དུ་གཟབ་ནན་གྱིས་གན་རྒྱའི་ནང་གཏན་ལ་ཕབ་པའི་དམིགས་བྱའི་ལྟར་རང་སོ་སོས་ལག་བསྟར་བྱ་དགོས་པའི་འོས་འགན་འགྲུབ་པར་བྱ་དགོས། གན་རྒྱ་ལག་བསྟར་བྱེད་སྐབས་དམིགས་བྱའི་དངོས་རྫས་གཞན་དག་གིས་གན་རྒྱ་ལག་བསྟར་བྱེད་པའི་ཚབ་བྱེད་མི་རུང་། གན་དོན་ལས་འགལ་བའི་དངུལ་ཆད་སྤྲོད་ཐབས་དང་གྱོང་གུན་གསབ་ཐབས་སྤྱད་དེ་གན་དོན་ལག་ལེན་བསྟར་བའི་ཚབ་བྱེད་མི་ཐུབ། འདི་ལྟར་བྱས་ན་ད་གཟོད་འབྲེལ་ཡོད་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་ནུས་ལྡན་བྱེད་ཐུབ། འོན་ཀྱང་འགོག་ཐབས་བྲལ་བའི་རྐྱེན་ངན་སོགས་ཀྱི་དབང་གིས་དོན་དངོས་ཐོག་ལག་བསྟར་བྱེད་མི་ཐུབ་པའི་སྐབས་སུ། གནས་ཚུལ་ལ་གཞིགས་ནས་ལག་བསྟར་དུས་འགྱངས་བྱེད་པ་དང་། ཆ་ཤས་ལག་བསྟར་བྱེད་པའམ་ཡང་ན་ལག་བསྟར་མི་བྱེད་པའི་ཆོག་མཆན་ཡང་ཞུས་ཆོག

(2) ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་རྩ་དོན་ལ་ལག་བསྟར་འོས་འཚམ་བྱེད་པའི་རྩ་དོན་ཡང་ཟེར། བུ་ལོན་འཇལ་མཁན་གྱིས་ངེས་པར་དུ་གན་རྒྱའི་ནང་ཁ་ཆད་བཞག་པའི་དུས་ཚད་དང་བྱེད་སྟངས་ལྟར་བུ་ལོན་འཇལ་དགོས་པ་ལས་རང་འདོད་ལྟར་ཁ་ཆད་ལག་བསྟར་བྱེད་སྟངས་སྔ་སྣུར་དང་ནར་འགྱངས་སམ་བསྒྱུར་བཅོས་བྱས་མི་ཆོག འདི་ལྟར་བྱས་ན་བུན་བདག་གི་ཁེ་ཕན་ལ་སྲུང་སྐྱོབ་ནུས་ལྡན་བྱེད་ཐུབ།

(3) མཉམ་སྒྲུབ་ལག་བསྟར་གྱི་རྩ་དོན། བུན་བདག་དང་བུ་ལོན་གྱི་དོ་བདག་ཕྱོགས་གཉིས་ཀྱིས་མཐུན་སྒྲིལ་མཉམ་ལས་དང་། ཕན་ཚུན་རོགས་རམ། ཐུན་མོང་ཐོག་འབད་བརྩོན་བཅས་བྱས་ནས་སོ་སོས་འཁུར་འོས་པའི་འགན་འཁྲི་བསྒྲུབས་ཏེ་གན་རྒྱ་ལག་ལེན་བསྟར་བར་འགན་ལེན་བྱ་དགོས།

(4) བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་རྩ་དོན། བུ་ལོན་འཇལ་མཁན་གྱིས་འཇལ་དུས་ལོན་པའི་བུ་ལོན་གཙང་འཇལ་མ་བྱས་ལ་དམིགས་བསལ་གྱི་འགན་འཁྲིའི་ཁོངས་སུ་ཡང་མི་གཏོགས་ན། ཁྲིམས་འཛིན་ལས་ཁུངས་ཀྱིས་དེར་བཙན་ཤེད་ཀྱིས་བུ་ལོན་འཇལ་དུ་འཇུག་རྒྱུ་དང་། མ་རྩ་སྟོངས་པའི་ཞིབ་རྩིས་རྒྱག་བར་དུ་བསྒྱུར་ཆོག དེ་ལྟར་བྱས་ན་ཁེ་ལས་ཀྱིས་གཉེར་སྐྱོང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་ལུགས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས་ཕན་ནུས་ལྡན་པའི་སྒོ་ནས“བུ་ལོན་མང་བ་སེམས་ཁྲལ་མེད་པའི”རྒྱུན་ལྡན་མིན་པའི་སྣང་ཚུལ་མི་ཡོང་བར་བྱེད་ཐུབ།

(5) ལག་བསྟར་བྱེད་པའི་ཕན་འབྲས་ཀྱི་རྩ་དོན། བུ་ལོན་འགན་འཇལ་མཁན་གྱིས་ཁྲིམས་ལུགས་ཀྱི་གཏན་འབེབས་དང་བུན་དབང་མཁན་གྱི་ཆོག་འཐུས་ཀྱི་གནས་ཚུལ་འོག་ཏུ། བུ་ལོན་འཇལ་བའི་དུས་ཡུན་དང་རྣམ་པ་ལུགས་མཐུན་གྱིས་བདམས་ཏེ། གཞན་ལ་གནོད་པ་མེད་པ་དང་། རང་ལ་ཕན་པ་ཡོད་པར་བྱས་ཆོག

3 ཐབས་ལམ།

བུ་ལོན་གཙང་འཇལ་ཐབས་ལམ་ཞེས་པ་ནི་བུན་དབང་དང་བུ་ལོན་གྱི་འབྲེལ་བ་མེད་པར་བཟོ་བའི་ཐབས་ཤེས་ལ་ཟེར། དེ་ལ་གཙོ་བོ་རིགས་གཉིས་ཡོད་དེ། རྒྱུན་ལྡན་གྱི་ཐབས་ལམ་དང་དམིགས་བསལ་གྱི་ཐབས་ལམ་གཉིས་ཡིན།

3_1 (1) རྒྱུན་ལྡན་ཐབས་ལམ།

རྒྱུན་ལྡན་གྱི་ཐབས་ལམ་ནི་བུ་ལོན་ལེན་མཁན་གྱིས་ཁ་ཆད་བཞག་པ་ལྟར་བུ་ལོན་འཇལ་སྐབས་བེད་སྤྱོད་བྱས་པའི་བྱེད་ཐབས་ཡིན། གལ་ཏེ་ཁེ་ལས་ཀྱིས་དུས་ཚོད་ཐོན་རྗེས་དངུལ་སྒོར་རམ་ཡང་ན་དངུལ་ཁང་གི་བཅོལ་དངུལ་གྱིས་དངུལ་ཁང་གི་དངུལ་བུན་དང་། ཚོང་ཟོག་མཁོ་འདོན་བཟོ་གྲྭའི་དངུལ་བུན་སྤྲོད་དགོས། སྤུས་ཚད་མཐུན་པའི་ཐོན་རྫས་སམ་ངལ་ལས་ཀྱིས་དངུལ་བུན་སྔོན་སྤྲོད་བྱེད་པ་སོགས་ཡིན།

3_2 (2) ཐབས་ལམ་ཁྱད་པར་བ།

ཁེ་ལས་ཀྱིས་གནས་སྐབས་ཀྱི་བུ་ལོན་འཇལ་བའམ་ཁ་ཆད་ཆ་རྐྱེན་སོགས་ལ་འགྱུར་བ་བྱུང་ཚེ་བུ་ལོན་འཇལ་སྐབས་ལག་ལེན་བསྟར་བའི་ཐབས་ཤེས་སྤྱད་མི་ཆོག བྱེ་བྲག་གི་གནས་ཚུལ་མི་འདྲ་བར་གཞིགས་ནས་གཤམ་གསལ་གྱི་བྱེད་སྟངས་དག་ཡོད་དེ།

གྲོས་མོལ་བྱེད་པ། དེ་ནི་བུ་ལོན་འཇལ་མཁན་གྱི་རྒྱུ་རྐྱེན་གྱིས་དུས་ལ་ཐོན་དུས་བུ་ལོན་འཇལ་མ་ཐུབ་པར། བུན་བདག་དང་གྲོས་མོལ་བྱས་ཏེ་བུན་བདག་གིས་བཟོད་སྒོམ་བྱས་ནས་སྐྱིན་ཚབ་སྤྲོད་ཡུན་ཕྱིར་འགྱངས་བྱ་རྒྱུར་མོས་མཐུན་བྱེད་ཆོག་པ་མ་ཟད་བུ་ལོན་འཇལ་མཁན་གྱི་ཁ་ཆད་དང་འགལ་བའི་འགན་འཁྲི་མེད་པར་བཟོ་བའི་ཐབས་ཤེས་ཤིག་ཡིན། རང་རྒྱལ་གྱི་ཁྲིམས་ལུགས་ཁྲོད་རྩོད་གཞི་འདི་ལ་ཅུང་སྐུལ་མ་གཏོང་བའི་ཐབས་ལམ་ཞིག་ཡིན། རྒྱུ་མཚན་ནི་ཕྱོགས་གཅིག་ནས་བུན་དབང་དང་བུ་ལོན་གྱི་ཁེ་ལས་བར་ལས་སྒོའི་འབྲེལ་བ་ལེགས་པོ་སྲུང་འཛིན་བྱེད་པར་ཕན་པ་དང་། ཕྱོགས་གཞན་ཞིག་ནས་བྱེད་ཐབས་གཞན་དག་སྤྱད་ནས་འགྲོ་སོང་གཏོང་བར་གཡོལ་ཐབས་བྱེད་ཐུབ། འོན་ཀྱང་བྱེད་ཐབས་འདི་བུན་བདག་གིས་བུ་ལོན་ལེན་མཁན་ལ་གདུང་སེམས་མཉམ་སྐྱེ་དང་གུ་ཡངས་སྔོན་དཔག་བྱས་ཚེ་ད་གཟོད་བཀོལ་སྤྱོད་བྱེད་ཆོག

བར་འདུམ་བྱེད་པ། བུ་ལོན་འཇལ་མཁན་གྱི་དབང་གིས་དུས་བཀག་ནང་བུ་ལོན་འཇལ་མི་ཐུབ་པའི་ཁར་བུན་བདག་དང་གྲོས་མོལ་གཅིག་མཐུན་ཡང་བྱེད་མ་ཐུབ་པའི་ཚེ། བར་འདུག་བྱེད་མཁན་གྱིས་བར་འདུམ་བྱས་ཏེ་དོ་བདག་ཕྱོགས་གཉིས་ཀྱི་བསམ་ཤེས་བྱེད་པར་སྐུལ་འདེད་བཏང་ནས་གྲོས་མཐུན་གསར་པ་བཞག་སྟེ་བུ་ལོན་ཐག་གཅོད་བྱེད་པའི་ཐབས་ཤེས་ཤིག་ཡིན། བྱེ་བྲག་གི་རྣམ་པར་སྲིད་འཛིན་འདུམ་སྒྲིག་དང་། འདུམ་སྒྲིག་དང་ཁྲིམས་འཛིན་འདུམ་སྒྲིག་བཅས་ཡོད། བྱེ་བྲག་གི་བར་འདུམ་བྱེད་སྟངས་ཅི་འདྲ་ཡིན་རུང་བར་འདུམ་བྱེད་པའི་གོ་རིམ་ཁྲོད་ངེས་པར་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་གཏན་འབེབས་བརྩི་སྲུང་བྱེད་དགོས་པ་མ་ཟད། དོ་བདག་ཕྱོགས་གཉིས་རང་མོས་ཡིན་པའི་སྔོན་འགྲོའི་ཆ་རྐྱེན་འོག་བཅའ་ཁྲིམས་དང་སྲིད་ཇུས་དང་མི་འགལ་བའི་གྲོས་མཐུན་འཇོག་དགོས།

འདུམ་གཅོད། དོ་བདག་ཕྱོགས་གཉིས་ཀྱིས་རྩོད་གླེང་དེ་ཐུན་མོང་གི་ཡིད་ཆེས་དང་ཐད་ཀར་ཁེ་གྱོང་གི་འབྲེལ་བ་མེད་པའི་མི་གསུམ་པའམ་ཡང་ན་ཆེད་ལས་འདུམ་གཅོད་ལས་ཁུངས་ལ་སྤྲད་དེ་ཁྲུན་གཅོད་བྱེད་དུ་བཅུག་ན། ཕྱོགས་གཉིས་ཀར་བུ་ལོན་གྱི་རྩོད་གཞི་ཐག་གཅོད་བྱེད་པའི་འོས་འགན་ཡོད། འདུམ་གཅོད་ལ་བཅའ་ཁྲིམས་ཀྱི་གཅུན་ནུས་ལྡན་མེད་མོད། འོན་ཀྱང་བཅའ་ཁྲིམས་ཀྱི་འདུམ་གཅོད་ལམ་ལུགས་ཡིན་པའི་ཆ་ནས་བཅའ་ཁྲིམས་ཀྱི་བཙན་ཤུགས་ངེས་ཅན་ཞིག་ལྡན་པ་སྟེ། དོ་བདག་ཕྱོགས་གཅིག་གིས་གཏན་འབེབས་བྱས་པའི་དུས་བཅད་ནང་ཁྲུན་ཐག་བཅད་དོན་ལག་བསྟར་མ་བྱས་ན། ཕྱོགས་གཞན་དེས་མི་དམངས་ཁྲིམས་ཁང་ལ་བཙན་ཐབས་ཀྱིས་ལག་བསྟར་བྱེད་དུ་འཇུག་རྒྱུའི་རེ་འདུན་ཞུས་ཆོག

དཔྱད་མཚམས་གཏོང་བ། དོ་བདག་ཕྱོགས་གཉིས་ཀས་གྲོས་མོལ་སོགས་ཀྱི་རྣམ་པས་བུ་ལོན་རྩོད་གཞི་ཐག་གཅོད་བྱེད་མ་ཐུབ་ན། དོ་བདག་ཕྱོགས་གཅིག་གིས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ། ཁྲིམས་ཁང་གིས་འདྲི་གཅོད་གོ་རིམ་བརྒྱུད་ནས་བུ་ལོན་རྩོད་གཞི་ཐག་གཅོད་བྱེད་པའི་ཐབས་ཤེས་ལ་རེ་ཞུ་བྱེད་དགོས། དེའི་མཇུག་འབྲས་ནི། བུ་ལོན་འཇལ་མཁན་ནམ་བུ་ལོན་སྔ་མས་གཏན་འབེབས་ལྟར་ཕ་རོལ་པོར་གན་དོན་ལས་འགལ་བའི་དངུལ་ཆད་འཇལ་བ་དང་བུ་ལོན་ཆད་པའི་རྐྱེན་གྱིས་བུན་བདག་ལ་གྱོང་གུན་བཟོས་པར་སྐྱིན་ཚབ་འཇལ་དགོས། དེ་ནི་བཙན་ཤེད་ཀྱི་བྱེད་ཐབས་ཤིག་སྟེ། བཅའ་ཁྲིམས་ཀྱི་ནུས་པ་ཐོན་པའི་དོ་བདག་ལ་ལག་བསྟར་བྱེད་པའི་འོས་འགན་ཡོད་ཚེ། རང་འགུལ་གྱིས་ལག་བསྟར་བྱ་དགོས། གལ་ཏེ་རང་འགུལ་གྱིས་ལག་བསྟར་མ་བྱས་ན། མི་དམངས་ཁྲིམས་ཁང་གི་ལག་བསྟར་རྩ་འཛུགས་ཀྱིས་བུན་བདག་གི་རེ་ཞུའམ་ཡང་ན་འདྲི་གཅོད་རྩ་འཛུགས་ཀྱི་སྐྱེལ་སྤྲོད་ལྟར་ལག་བསྟར་གོ་རིམ་ལྟར་བཙན་ཤེད་ཀྱིས་ལག་བསྟར་བྱ་དགོས།


དཔྱད་གཞིའི་ཡིག་ཆ།