ཚོང་ལས་དངུལ་འཛིན།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2021-03-29 15:27ལ་འགྲུབ།

ཚོང་ལས་དངུལ་འཛིན།

ཚོང་ལས་དངུལ་འཛིན།
ཚོང་ལས་དངུལ་འཛིན་ཞེས་པ་ནི་དངུལ་རྩའི་ཀུང་སིའམ་ཡིད་རྟོན་ཅུང་ཆེ་བའི་ཁེ་ལས་ཀྱིས་བཏང་བའི་ཁག་ཐེག་མེད་པའི་དུས་ཐུང་འཛིན་ཡིག་ལ་ཟེར། ཚོང་ལས་དངུལ་འཛིན་གྱི་ཡིད་རྟོན་ཚད་ནི་འགྲེམ་སྤེལ་ཁེ་ལས་ཀྱི་ཡིད་རྟོན་ཚད་ལ་བརྟེན་ནས། རྒྱབ་འགལ་གྱིས་བཤུག་སྤྲོད་བྱས་ཆོག་ལ། དུས་མ་ཐིམ་པའི་སྐྱེད་ཀའང་བྱས་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
商业票据
ངོ་བོ།
དངུལ་འཛིན་གྱི་རིགས་ཤིག
རིགས་དབྱེ།
དངུལ་ཁང་གི་དངུལ་འགྲུལ་འཛིན་ཡིག་དང་ཚོང་ལས་ཀྱི་དངུལ་འགྲུལ་འཛིན་ཡིག
དམིགས་བསལ་གྱི་རང་བཞིན།
ཁེ་དབང་ངེས་ཅན་ལྡན་པའི་དངོས་དཔང་སོགས།
1 ངོ་སྤྲོད།

ཚོང་ལས་དངུལ་འཛིན་ཞེས་པ་ནི་དངུལ་རྩའི་ཀུང་སིའམ་ཡིད་རྟོན་ཅུང་ཆེ་བའི་ཁེ་ལས་ཀྱིས་བཏང་བའི་ཁག་ཐེག་མེད་པའི་དུས་ཐུང་འཛིན་ཡིག་ལ་ཟེར། ཚོང་ལས་དངུལ་འཛིན་གྱི་ཡིད་རྟོན་ཚད་ནི་འགྲེམ་སྤེལ་ཁེ་ལས་ཀྱི་ཡིད་རྟོན་ཚད་ལ་བརྟེན་ནས། རྒྱབ་འགལ་གྱིས་བཤུག་སྤྲོད་བྱས་ཆོག་ལ། དུས་མ་ཐིམ་པའི་སྐྱེད་ཀའང་བྱས་ཆོག

ཚོང་ལས་དངུལ་འཛིན་གྱི་དུས་ཚད་ལོ་གཅིག་མན་ཡིན་པ་དང་། སྐྱེད་ཀའི་ཚད་དེ་དུས་མཚུངས་དངུལ་ཁང་གི་བཅོལ་དངུལ་གྱི་སྐྱེད་ཀའི་ཚད་ལས་མཐོ་བ་ཡོད་པས། ཚོང་ལས་འཛིན་ཡིག་དེ་ཁེ་ལས་ཀྱིས་ཐད་ཀར་བཙོངས་ཆོག་ལ། བརྒྱུད་ཚོང་པས་ཚབ་བྱས་ནས་བཙོངས་ཀྱང་ཆོག འོན་ཀྱང་འཛིན་ཤོག་སྤྲོད་པའི་ཁེ་ལས་ཀྱི་མཚན་སྙན་ལ་ཞིབ་བཤེར་ནན་པོ་བྱས་ཡོད། གལ་ཏེ་བརྒྱུད་ཚོང་པས་ཕྱིར་འཚོང་བྱས་ཚེ་དོན་དངོས་ཐོག་མ་རྩ་འཇོག་མཁན་ལ་བཙོངས་པའི་ཚོང་ལས་འཛིན་ཡིག་ལ་ཁག་ཐེག་བྱས་པ་དང་། ཚོང་ལས་དངུལ་འཛིན་ཀྱང་སྐབས་འགར་གཅོག་འཕྲི་བྱེད་པའི་རྣམ་པའི་ཐོག་ནས་ཕྱིར་འཚོང་བྱེད་ཀྱིན་ཡོད།

2 གཞི་རྩའི་ཆ་འཕྲིན།

ཚོང་ལས་དངུལ་འཛིན་ཞེས་པ་ནི་དངུལ་རྩའི་ཀུང་སིའམ་ཡིད་རྟོན་ཅུང་ཆེ་བའི་ཁེ་ལས་ཀྱིས་བཏང་བའི་ཁག་ཐེག་མེད་པའི་དུས་ཐུང་འཛིན་ཡིག་ལ་ཟེར། ཚོང་ལས་དངུལ་འཛིན་གྱི་ཡིད་རྟོན་ཚད་ནི་འགྲེམ་སྤེལ་ཁེ་ལས་ཀྱི་ཡིད་རྟོན་ཚད་ལ་བརྟེན་ནས། རྒྱབ་འགལ་གྱིས་བཤུག་སྤྲོད་བྱས་ཆོག་ལ། དུས་མ་ཐིམ་པའི་སྐྱེད་ཀའང་བྱས་ཆོག


ཚོང་ལས་འཛིན་ཡིག་གི་དུས་ཚད་ལོ་གཅིག་མན་ཡིན་ཞིང་། ཉེན་ཁ་ཅུང་ཆེ་བ་དང་། སྐྱེད་ཀ་དེ་དུས་མཉམ་དངུལ་ཁང་གི་བཅོལ་དངུལ་གྱི་སྐྱེད་ཀ་ལས་མཐོ་བ་ཡིན་པས། ཚོང་ལས་དངུལ་འཛིན་དེ་ཁེ་ལས་ཀྱིས་ཐད་ཀར་བཙོངས་ཆོག་ལ། བརྒྱུད་ཚོང་པས་ཚབ་བྱས་ནས་བཙོངས་ཀྱང་ཆོག འོན་ཀྱང་འཛིན་ཤོག་སྤྲོད་པའི་ཁེ་ལས་ཀྱི་མཚན་སྙན་ཞིབ་བཤེར་ཧ་ཅང་ནན་པོ་བྱེད་ཀྱིན་ཡོད། གལ་ཏེ་བརྒྱུད་ཚོང་པས་བཙོངས་ཚེ་དོན་དངོས་ཐོག་མ་རྩ་འཇོག་མཁན་ལ་འཚོང་བའི་ཚོང་ལས་དངུལ་འཛིན་ལ་ཁག་ཐེག་བྱས་པ་དང་ཚོང་ལས་འཛིན་ཡིག་ཀྱང་སྐབས་འགར་གཅོག་འཕྲི་བྱེད་སྟངས་ཐོག་ནས་འཚོང་གིན་ཡོད། དབྱིན་ཡིགCommercial Paperགི་བསྡུས་ཡིག་ཡིན།

3 ཁྱད་ཆོས།

གཅིག དངུལ་འཛིན་ནི་དབང་ཆ་ངེས་ཅན་ལྡན་པའི་དངོས་དཔང་ཞིག་ཡིན་པ་དང་། དངུལ་སྤྲོད་རེ་ཞུ་དབང་དང་བདའ་འདེད་ཚུར་ལེན་བྱེད་དབང་ཡོད།

གཉིས། དངུལ་འཛིན་གྱི་ཁེ་དབང་དང་འོས་འགན་ལ་རྒྱུ་རྐྱེན་གང་ཡང་མེད་པས་འཛིན་ཡིག་ཉར་མཁན་གྱིས་དངུལ་འཛིན་བླངས་རྗེས་དངུལ་འཛིན་གྱིས་སྤྲད་པའི་དབང་ཆ་ཡོངས་རྫོགས་ཐོབ་ཡོད།

གསུམ། རྒྱལ་ཁབ་སོ་སོའི་དངུལ་འཛིན་བཅའ་ཁྲིམས་ཀྱིས་དངུལ་འཛིན་གྱི་རྣམ་པ་དང་ནང་དོན་ཚད་ལྡན་ཅན་དང་ཚད་ལྡན་དུ་གཏོང་དགོས་པའི་རེ་བ་བཏོན་ཆོག

བཞི། དངུལ་འཛིན་ནི་འཁོར་རྒྱུག་བྱེད་ཆོག་པའི་་འཛིན་ཡིག་ཡིན། འཛིན་ཡིག་སྟེང་གི་ཚོད་འཛིན་ལས་གཞན། དངུལ་འཛིན་ལ་རྒྱབ་མཆན་བཀོད་པ་དང་རྩིས་སྤྲོད་ལ་བརྟེན་ནས་བཤུག་སྤྲོད་བྱས་ཆོག

4 རིགས་དབྱེ།

གཅིག འཛིན་ཡིག་སྤྲོད་མཁན་མི་འདྲ་བ་ལྟར་ན། དངུལ་ཁང་གི་དངུལ་འགྲུལ་འཛིན་ཡིག(Banker's draft)དང་། ཚོང་ལས་ཀྱི་དངུལ་འགྲུལ་འཛིན་ཡིག(Trade Bill)གཉིས་ཡོད།

གཉིས། བརྗེ་འགྲུལ་བྱེད་མཁན་མི་འདྲ་བ་ལྟར་ན། ཚོང་ལས་ཀྱི་བརྗེ་འགྲུལ་དངུལ་འགྲུལ་འཛིན་ཡིག(Commercial Acceptance Bill)དང་། དངུལ་ཁང་གི་བརྗེ་འགྲུལ་དངུལ་འགྲུལ་འཛིན་ཡིག(Bank'sAcceptance Bill)གཉིས་ཡོད། 


གསུམ། དངུལ་སྤྲོད་པའི་དུས་ཚོད་མི་འདྲ་བ་ལྟར་ན། སྐབས་ཐོག་དངུལ་འགྲུལ་འཛིན་ཡིག(Sight Bill or Demand draft)དང་། ཡུན་རིང་གི་དངུལ་འགྲུལ་འཛིན་ཡིག(Time Bill orUsance Bill)གཉིས་ཡོད། 


བཞི། ཞོར་གཏོགས་འཛིན་ཡིག་ཡོད་མེད་ལྟར་ན། རྐྱང་ཡིག(Clean Bill)དང་། རྗེས་སྙེག་འཛིན་གྱི་དངུལ་འགྲུལ་འཛིན་ཡིག(Documentary Bill)གཉིས་ཡོད།

5 དཔྱད་བསྡུར་དོན་སྙིང་།

ཚོང་ལས་ཀྱི་དངུལ་འཛིན་ནི་ཡིད་རྟོན་རང་བཞིན་གྱི་འཛིན་ཡིག་ཡིན་ཞིང་། དེས་ཐད་ཀར་འགྲེམས་སྤེལ་བྱེད་མཁན་གྱི་ཚོང་ལས་ཡིད་རྟོན་གནས་ཚུལ་མཚོན་ཡོད། ཚོང་ལས་དངུལ་འཛིན་གྱི་རིམ་པ་དཔྱད་བསྡུར་ནི་ཚོང་ལས་འཛིན་ཡིག་གི་སྤུས་ཚད་ལ་གདེང་འཇོག་བྱེད་པ་དང་། སྤུས་ཚད་མཐོ་དམའ་ལྟར་རིམ་པ་དགར་བ་ལ་ཟེར། དེའི་དོན་སྙིང་གཤམ་གསལ་ལྟར། ཚོང་རར་ཞུགས་ཆོག་པའི་ལམ་སྲོལ་ཆགས་པར་ཕན་ཐོགས་ཡོད་པ་དང་། དངུལ་འཛིན་ཚོང་ར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ། རིམ་པ་དཔྱད་བསྡུར་ཐོབ་མི་ཐུབ་པའམ་ཡང་ན་རིམ་པ་དཔྱད་བསྡུར་ཚད་གཞི་མ་ལོན་པའི་ཁེ་ལས་དངུལ་འཛིན་ཚོང་རའི་ཕྱི་རོལ་དུ་བཀག་འགོག་བྱས་པས། ཚོང་རའི་མ་ལག་མ་ཡིན་པའི་ཉེན་ཁ་ཆུང་དུ་གཏོང་བ་དང་དངུལ་འཛིན་མ་འཇོག་མཁན་གྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་ནུས་པ་ཐོན་ཡོད།


6 རྩ་བའི་གོ་དོན།

འཛིན་ཡིག་གི་འབྲེལ་བར་ཚུད་པའི་མི་ནི། འཛིན་ཡིག་སྤྲོད་མཁན(DRAWER)དང་། དངུལ་སྤྲོད་མཁན།(DRAWEE) དངུལ་ལེན་མཁན།(PAYEE) འཛིན་ལྟར་དངུལ་སྤྲོད་རྒྱུ་ཁས་ལེན་བྱེད་མཁན།(ACCEPTOR) འཛིན་ལྟར་དངུལ་སྤྲོད་རྒྱུའི་ནང་ཞུགས་མཁན་བཅས་ཡོད།(ACCEPTOR)

6_1 དངུལ་འཛིན་གྱི་རེ་འདུན་ཞུ་དབང་།

གཅིག འཛིན་ཤོག་ཉར་མཁན་གྱིས་དངུལ་འཛིན་གྱི་བུ་ལོན་གསོབ་འཇལ་མཁན་གཙོ་བོར་དངུལ་སྤྲོད་རྒྱུའི་རེ་འདུན་ཞུ་དབང་ཡོད།

གཉིས། འཛིན་ཤོག་ཉར་མཁན་གྱིས་དངུལ་འཛིན་ལྟར་དངུལ་སྤྲོད་རྒྱུའི་རེ་འདུན་ཞུ་དབང་ཡོད།

གསུམ། དངུལ་སྤྲོད་མཁན་ལ་དངུལ་འཛིན་ལྟར་དངུལ་སྤྲོད་རྒྱུ་ཁས་ལེན་བྱེད་མཁན་དང་། དངུལ་སྤྲོད་མཁན་དུ་ཞུགས་པའི་མི། དེའི་མིང་རྟགས་འགོད་མཁན་སྔ་མས་འཛིན་ཉར་མཁན་ལས་ཐོབ་པའི་དབང་ཆ་ཡོད་ཚད་བཅས་ཡིན།

བཞི། འཛིན་ཤོག་ཉར་མཁན་གྱིས་ཁག་ཐེག་བྱེད་མཁན་ལ་དངུལ་སྤྲོད་རྒྱུའི་རེ་འདུན་ཞུ་དབང་ཡོད།

6_2 དངུལ་འཛིན་གྱི་བདའ་འདེད་ཞུ་དབང་།

གཅིག འཛིན་ཤོག་ཉར་མཁན་དང་འཛིན་ཤོག་གི་རྒྱབ་ཤོག་ཏུ་མིང་རྟགས་འགོད་མཁན་སྔ་མར་བདའ་འདེད་ཚུར་ལེན་བྱེད་དབང་ཡོད།

གཉིས། ཁག་ཐེག་བྱེད་པོ་དང་དེའི་མིང་རྟགས་འགོད་མཁན་སྔ་མར་ཁག་ཐེག་བཙུགས་ནས་བདའ་འདེད་ཚུར་ལེན་བྱེད་དབང་ཡོད།

7 འཛིན་ཤོག་གཙོ་བོ།

གཅིག དངུལ་འགྲུལ་འཛིན་ཡིགBILL OF EXCHANGE


དངུལ་འགྲུལ་འཛིན་ཡིག(BILLOF EXCHANGE)ནི་མི་གཅིག་གིས(དངུལ་འཛིན་གཏོང་མཁན)མི་གཞན་ཞིག་ལ་མིང་རྟགས་བཀོད་དེ་དངུལ་སྤྲོད་མཁན་གྱིས་འཕྲལ་མར་རམ་ཡང་ན་དུས་བཀག་ལྟར་གཏན་འཁེལ་བྱེད་ཆོག་པའི་འབྱུང་འགྱུར་གྱི་དུས་ཚོད་ནང་མི་ག་གེ་མོ་དང་ཡང་ན་དེས་དམིགས་འཛུགས་བྱས་པའི་མིའམ་ཡང་ན་འཛིན་ཤོག་ཉར་མཁན་ལ་དངུལ་གྲངས་ངེས་ཅན་ཞིག་སྤྲོད་རྒྱུའི་བླང་བྱ་འདོན་པའི་ཆ་རྐྱེན་མེད་པ་དང་ཡིག་ཐོག་གི་གཏོང་སྤྲོད་བཀའ་རྒྱ་དང་གཅིག་མཚུངས་ཡིན།


གཉིས། དངོས་གཞིའི་འཛིན་ཡིགPROMISSORY NOTES


མ་འཛིནPROMISSORY NOTESནི་མི་གཅིག་གིས་མི་གཞན་ཞིག་ལ་མིང་རྟགས་བཀོད་ནས་སྤྲད་པ་ཞིག་ཡིན། དེས་སྐབས་འཕྲལ་དུ་དུས་བཅད་དམ་ཡང་ན་དུས་བཅད་ནང་གཏན་འཁེལ་བྱེད་ཆོག་པའི་འབྱུང་འགྱུར་གྱི་དུས་ཚོད་ནང་མི་ཞིག་གམ་ཡང་ན་དམིགས་འཛུགས་བྱས་པའི་མི། ཡང་ན་འཛིན་ཤོག་ཉར་མཁན་ལ་དངུལ་གྲངས་ངེས་ཅན་ཞིག་སྤྲོད་རྒྱུའི་ཆ་རྐྱེན་མེད་པའི་ཡིག་ཐོག་ནས་ཁས་ལེན་བྱས་པ་ཞིག་ཡིན།

གསུམ། དངུལ་གཏོང་འཛིན་ཡིག(CHEQUE)


དངུལ་འཛིནCHEQUEནི་དངུལ་ཁང་དུ་དངུལ་བཅོལ་མཁན་གྱིས་དངུལ་ཁང་ལ་སྤྲད་དེ་དངུལ་ཁང་གིས་མི་ག་གེ་མོའམ་ཡང་ན་དམིགས་འཛུགས་བྱས་པའི་མིའམ་ཡང་ན་དངུལ་འཛིན་འཛིན་མཁན་ལ་དངུལ་གྲངས་ངེས་ཅན་ཞིག་སྤྲོད་པའི་ཆ་རྐྱེན་མེད་པར་སྤྲད་པའི་ཡིག་ཐོག་གི་བཀའ་རྒྱ་ཞིག་ཡིན།

བཞི། ཡུལ་སྐོར་དངུལ་འཛིནTRAVELER'S CHEQUE


ཡུལ་སྐོར་དངུལ་འཛིནTRAVELER'S CHEQUEནི་དངུལ་ཁང་ཆེན་མོའི་ཡུལ་སྐོར་ལས་དོན་ཁང་ཆེན་མོ་ཁག་ཅིག་གིས་ཡུལ་སྐོར་བར་སྤྱོད་པའི་དངུལ་འཛིན་ཞིག་ཡིན་ལ། དངུལ་འཛིན་གྱི་དངུལ་གྲངས་ནི་གཏན་འཇགས་ཡིན།


8 རེ་འདུན་ཞུ་དབང།

གཅིག འཛིན་ཤོག་ཉར་མཁན་གྱིས་དངུལ་འཛིན་གྱི་བུ་ལོན་གསོབ་འཇལ་མཁན་གཙོ་བོར་དངུལ་སྤྲོད་རྒྱུའི་རེ་འདུན་ཞུ་དབང་ཡོད།

གཉིས། འཛིན་ཤོག་ཉར་མཁན་གྱིས་དངུལ་འཛིན་ལྟར་དངུལ་སྤྲོད་རྒྱུའི་རེ་འདུན་ཞུ་དབང་ཡོད།

གསུམ། དངུལ་སྤྲོད་མཁན་ལ་དངུལ་འཛིན་ལྟར་དངུལ་སྤྲོད་རྒྱུ་ཁས་ལེན་བྱེད་མཁན་དང་། དངུལ་སྤྲོད་མཁན་དུ་ཞུགས་པའི་མི། དེའི་མིང་རྟགས་འགོད་མཁན་སྔ་མས་འཛིན་ཉར་མཁན་ལས་ཐོབ་པའི་དབང་ཆ་ཡོད་ཚད་བཅས་ཡིན།

བཞི། འཛིན་ཤོག་ཉར་མཁན་གྱིས་ཁག་ཐེག་བྱེད་མཁན་ལ་དངུལ་སྤྲོད་རྒྱུའི་རེ་འདུན་ཞུ་དབང་ཡོད།

9 བདའ་འདེད་ཞུ་དབང་།

གཅིག འཛིན་ཤོག་ཉར་མཁན་དང་འཛིན་ཤོག་གི་རྒྱབ་ཤོག་ཏུ་མིང་རྟགས་འགོད་མཁན་སྔ་མར་བདའ་འདེད་ཚུར་ལེན་བྱེད་དབང་ཡོད།

གཉིས། ཁག་ཐེག་བྱེད་པོ་དང་དེའི་མིང་རྟགས་འགོད་མཁན་སྔ་མར་ཁག་ཐེག་བཙུགས་ནས་བདའ་འདེད་ཚུར་ལེན་བྱེད་དབང་ཡོད།

10 ཁྱད་ཆོས་གཙོ་བོ།

ཚོང་ཟོག་དངུལ་འཛིན་ལ་གཤམ་གསལ་གྱི་ཁྱད་ཆོས་གཙོ་བོ་ལྡན་པ་སྟེ།

གཅིག དུས་ཡུན་ཐུང་བ།

གཉིས། འགྲེམས་སྤེལ་བྱེད་གྲངས་མང་ཙམ་ཡིན་པ།

གསུམ། སྐྱེད་ཀའི་ཚད་མཐོ་བ།


དཔྱད་གཞིའི་ཡིག་ཆ།