ཟུར་གཏོགས་བུ་ལོན།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2021-03-29 15:19ལ་འགྲུབ།

ཟུར་གཏོགས་བུ་ལོན།

ཟུར་གཏོགས་བུ་ལོན།
ཟུར་གཏོགས་བུ་ལོན་ཞེས་པ་ནི་རང་བདག་བུ་ལོན་ལས་བྱུང་བའི་བུ་ལོན་གཙོ་བོ་དང་འབྲེལ་བ་དམ་ཟབ་ཡོད་པའི་བུ་ལོན་གཞན་དག་ལ་ཟེར། དཔེར་ན་སྐྱེད་ཀ་ལྟ་བུ། བུ་ལོན་འགའ་ཞིག་བུ་ལོན་འགན་འཇལ་མཁན་ཁོ་ནར་ཆེད་དུ་གཏོགས་པ་ཡིན་ལ། བུ་ལོན་འདི་དག་བུ་ལོན་གཙོ་བོ་སྤོ་སྒྱུར་བྱས་པ་དང་བསྟུན་ནས་སྤོ་སྒྱུར་མི་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
从债务
དཔེར་བརྗོད།
སྐྱེད་ཀ
འབྲེལ་བ།
མཉམ་དུ་འབྲེལ་ཡོད།
ནང་དོན།
ཁ་ཆད་དང་འགལ་བའི་དངུལ་ཆད།
1 ངོ་སྤྲོད།

ཟུར་གཏོགས་བུ་ལོན་ཞེས་པ་ནི་རང་བདག་བུ་ལོན་ལས་བྱུང་བའི་བུ་ལོན་གཙོ་བོ་དང་འབྲེལ་བ་དམ་ཟབ་ཡོད་པའི་བུ་ལོན་གཞན་དག་ལ་ཟེར། དཔེར་ན་སྐྱེད་ཀ་ལྟ་བུ། བུ་ལོན་འགའ་ཞིག་བུ་ལོན་འགན་འཇལ་མཁན་ཁོ་ནར་ཆེད་དུ་གཏོགས་པ་ཡིན་ལ། བུ་ལོན་འདི་དག་བུ་ལོན་གཙོ་བོ་སྤོ་སྒྱུར་བྱས་པ་དང་བསྟུན་ནས་སྤོ་སྒྱུར་མི་བྱེད་པ་ཡིན།

2 ཟུར་གཏོགས་བུ་ལོན་དང་བུ་ལོན་གཙོ་བོའི་བར་གྱི་འབྲེལ་བ།

བུན་འགན་གཙོ་བོ་དང་ཟུར་གཏོགས་བུ་ལོན་གཉིས་རྒྱུན་པར་མཉམ་དུ་འབྲེལ་ཡོད་པས། བུ་ལོན་གཙོ་བོ་མེད་ན་ཟུར་གཏོགས་བུ་ལོན་མི་འབྱུང་བ་དང་། བུ་ལོན་མེད་ཚེ་བུ་ལོན་གཙོ་བོ་ཡང་མི་འབྱུང་བ་ཡིན། བུ་ལོན་འགན་འཇལ་གྱིས་བུ་ལོན་འགན་འཇལ་གཙོ་བོར་ཁག་ཐེག་གི་ནུས་པ་འདོན་བཞིན་ཡོད། སྤྱིར་བཏང་དུ་བཤད་ན། བུ་ལོན་གཙོ་བོ་དང་ཟུར་གཏོགས་བུ་ལོན་བར་ལ་འབྲེལ་བ་མེད། བུ་ལོན་འཇལ་འགན་གྲུབ་མེད་པ་དང་ཕན་འབྲས་མེད་པ་དེས་བུ་ལོན་འཇལ་འགན་གཙོ་བོར་གནས་པ་དང་ཕན་འབྲས་མེད་པར་ཤུགས་རྐྱེན་ཐེབས་ཀྱིན་མེད། ཡིན་ནའང་དེའི་སྐོར་ལའང་དབྱེ་ཞིབ་ཞིབ་ཕྲ་བྱ་དགོས། གལ་ཏེ་ཁ་ཆད་དང་འགལ་བའི་དངུལ་ཆད་ཀྱི་བུ་ལོན་ནི་ཕྱོགས་གཉིས་ཀྱི་གན་རྒྱའི་ནང་གི་ཟུར་གཏོགས་བུ་ལོན་ཡིན་པ་དང་། བུ་ལོན་གཙོ་བོ་དང་འདྲ་མཚུངས་ཀྱི་རིན་གོང་འབྲེལ་བ་མེད་པས་དུས་གཅིག་ཏུ་དགག་སྒྲུབ་ཀྱི་དབང་ཆ་ལག་བསྟར་བྱེད་མི་ཐུབ། གུན་གསབ་འཇལ་དངུལ་ནི་ཕྱོགས་གཉིས་འགན་གྱི་གན་རྒྱའི་དོ་བདག་ཕྱོགས་གཅིག་གིས་གན་རྒྱ་དང་འགལ་རྗེས་འཁུར་དགོས་པའི་དམངས་དོན་འགན་འཁྲི་ཡིན་ལ། བུ་ལོན་འགན་འཇལ་གཙོ་བོའི་བར་ལ་རིན་གོང་གི་འབྲེལ་བ་ཡོད་པས་གུན་གསབ་འཇལ་བའི་བུ་ལོན་གྲུབ་པ་དང་མཉམ་དུ་དགག་སྒྲུབ་དབང་ཆ་ལག་བསྟར་བྱས་ཆོག 

བུ་ལོན་ལེན་མཁན་གྱིས་འོས་འགན་སྤོ་སྒྱུར་བྱས་ན། དེའི་ཟུར་གཏོགས་བུ་ལོན་དེ་ཡང་བུ་ལོན་གཙོ་བོ་སྤོ་སྒྱུར་བྱས་པ་དང་བསྟུན་ནས་སྤོ་སྒྱུར་བྱེད་པ་ཡིན་པས། བུ་ལོན་ལེན་མཁན་གསར་པས་བུ་ལོན་གཙོ་བོ་དང་འབྲེལ་བའི་ཟུར་གཏོགས་བུ་ལོན་འཇལ་འགན་འཁུར་དགོས། དཔེར་ན་བུན་དབང་མངོན་འགྱུར་བྱེད་ཆེད་གཏན་འབེབས་བྱས་པའི་གཏའ་མར་འཇོག་དབང་དང་།  གཏའ་དབང་སོགས་ཀྱི་ཁེ་དབང་དང་བུ་ལོན་གཙོ་བོའི་སྐྱེད་ཀ་སོགས་བུ་ལོན་གཙོ་བོ་སྤོ་སྒྱུར་བྱས་པ་དང་བསྟུན་ནས་བུ་ལོན་འགན་འཇལ་གསར་པས་འགན་འཁུར་རྒྱུར་སྤོ་སྒྱུར་བྱས་པ་ལྟ་བུ་རེད། འོན་ཀྱང་ལ་ལ་ཞིག་གི་ཟུར་གཏོགས་བུ་ལོན་དེ་བུ་ལོན་འགན་འཇལ་མཁན་ཁོ་ནར་ཆེད་གཏོགས་ཡིན་པས། ཟུར་གཏོགས་བུ་ལོན་འདི་དག་བུ་ལོན་གཙོ་བོ་སྤོ་སྒྱུར་བྱས་པ་དང་བསྟུན་ནས་སྤོ་སྒྱུར་མི་བྱེད།

3 ཟུར་གཏོགས་བུ་ལོན་གྱི་གྱོད་དོན་དབྱེ་ཞིབ།
3_1 གྱོད་དཔེ་དང་པོ། ཟུར་གཏོགས་བུ་ལོན་སྤོ་སྒྱུར།

ཀ་བ་དང་ཁ་བས་གྲོས་མཐུན་བཞག་ནས་ཁ་བས་ཉར་ཚགས་བྱས་པའི་སྣུམ་ཚོན་རི་མོ་ཞིག་ཉོས་པ་དང་། ཁ་བས་སྣུམ་ཚོན་རི་མོ་དེ་མཛེས་བཟོ་བྱས་རྗེས་ཀ་བར་སྤྲོད་རྒྱུའི་ཁ་ཆད་བཞག ཁ་བ་ནི་ས་གནས་དེ་གར་མིང་དུ་གྲགས་པའི་མཛེས་བཟོའི་སྒྱུ་རྩལ་པ་ཞིག་ཡིན་པས། རི་མོའི་རིན་དངུལ་ཅུང་མཐོ། རྗེས་སུ་ཁ་པས་ཉར་ཚགས་བྱས་པའི་སྣུམ་རིས་ལ་ཆག་སྐྱོན་བྱུང་ནས་རྩིས་སྤྲོད་བྱེད་མ་ཐུབ་པས། ཀ་པ་དང་མོས་མཐུན་བྱུང་རྗེས་སྣུམ་ཚོན་རི་མོ་སྤྲོད་རྒྱུའི་གན་རྒྱའི་བུ་ལོན་དེ་མི་གསུམ་པ་ག་པས་བསྒྲུབ་རྒྱུར་འཐད་པ་བྱུང་། ཁ་བས་ཀྱང་ཀ་བས་སྤྲད་པའི་རི་མོའི་རིན་དངུལ་ཚང་མ་མི་ག་པར་སྤྲད། ག་བས་སྣུམ་ཚོན་རི་མོ་དེ་སྣུམ་ཚོན་བྱུགས་མེད་པས་དང་ལེན་མ་བྱས། ཀ་པས་མུ་མཐུད་དུ་རི་མོ་འབྲི་རྒྱུའི་རེ་བ་དང་། ཡང་ན་ག་པས་དངུལ་ཁག་ཅིག་ཕྱིར་བསློག་རྒྱུའི་རེ་བ་བཏོན། ཁ་པ་དང་ག་པ་གཉིས་ཀས་དང་ལེན་མ་བྱས་པས། ཀ་པས་ས་གནས་དེ་གའི་ཁྲིམས་ཁང་ལ་གཏུག་བཤེར་བྱས།  

3_2 གྱོད་གཞི་འདིའི་ཁྲོད་ཀ་བའི་འདོད་ཚུལ་ལ་ཁྲིམས་ཁང་གི་རྒྱབ་སྐྱོར་ཐོབ་འོས་སམ།

གྱོད་དོན་འདིའི་ཁྲོད་དུ། ཀ་བ་དང་ཁ་བ་གཉིས་ཀྱིས་ཁ་པའི་སྣུམ་ཚོན་རི་མོ ཉོ་བའི་གྲོས་མཐུན་བཞག་ཡོད་ཅིང་། དེའི་ཁྲོད་དུ་ཁ་ཆད་བཞག་པའི་ཁ་བའི་མཛེས་བཟོའི་འོས་འགན་ནི་ཁ་བས་སྣུམ་ཚོན་རི་མོ་སྤྲད་པའི་ཟུར་གཏོགས་བུ་ལོན་ཡིན་པས། མཛེས་བཟོའི་རྣམ་པ་དེ་བུ་ལོན་གྱི་ཆེད་གཏོགས་རང་བཞིན་ལྡན་པས་ཁ་བས་དངོས་སུ་བསྒྲུབ་དགོས། ཁ་བས་སྣུམ་ཚོན་རི་མོ་སྤྲོད་རྒྱུའི་འོས་འགན་དེ་ག་པ་ལ་བཤུག་སྤྲོད་བྱེད་སྐབས། བུ་ལོན་འཇལ་བའི་གན་རྒྱ་དེར་ཀ་བ་འཐད་པ་བྱུང་བའི་རྐྱེན་གྱིས་ནུས་པ་ཐོན་ཡོད།《གན་རྒྱའི་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན86པའི་གཏན་འབེབས་ལྟར་ན། ཆེད་སྤྱོད་རང་བཞིན་ལྡན་པའི་ཁ་པའི་མཛེས་བཟོའི་འོས་འགན་དེ་ག་པ་ལ་སྤོ་སྒྱུར་བྱེད་མི་རུང་། ཡང་གཅིག་བཤད་ན་ཁ་བའི་མཛེས་བཟོའི་རྣམ་པ་དེ་བུ་ལོན་མེད་པར་གྱུར་མེད་ལ། ཀ་བས་ཁ་བར་སྤྲད་པའི་རིན་དངུལ་ནང་དུ་མཛེས་བཟོའི་གྲོན་དངུལ་འདུས་ཡོད། དེ་བས་བུ་ལོན་དེ་ཁ་བས་འགན་འཁུར་དགོས། དེ་མིན་ཚེ་ཁ་བས་ཀ་བར་མཛེས་བཟོའི་གྲོན་དངུལ་ཕྱིར་སྤྲོད་དགོས། ག་པས་མཛེས་བཟོའི་སྣུམ་རིས་དེ་ཀ་པར་རྩིས་སྤྲོད་བྱེད་སྐབས་ཀ་བར་རྩིས་ལེན་མི་བྱེད་པའི་དབང་ཆ་ཡོད། ཀ་པས་མུ་མཐུད་དེ་མཛེས་བཟོའི་ག་པ་ཡིས་རྩིས་སྤྲོད་བྱེད་པའི་སྣུམ་ཚོན་རི་མོ་བཟོ་རྒྱུའི་རེ་བ་འདོན་དབང་ཡོད་མོད། འོན་ཀྱང་ག་པ་ལ་རིན་གོང་ཁ་ཤས་ཕྱིར་སློག་རྒྱུའི་རེ་བ་འདོན་མི་རུང་། དེའི་རྒྱུ་མཚན་ནི། ག་པ་ཡིས་འགན་འཁུར་བ་ནི་སྣུམ་ཚོན་རི་མོ་ཁོ་ནའི་བུ་ལོན་ཡིན། མཛེས་བཟོ་བྱས་པའི་བུ་ལོན་དེ་ཁ་བར་གཏོགས་ཡོད། མི་ཁ་བས་སྤྲད་པའི་རིན་དངུལ་ཚང་མ་མི་ག་པར་སྤྲད་མོད། འོན་ཀྱང་དེ་ནི་ཁ་པ་དང་ག་པ་གཉིས་ཀྱིས་འཁུར་དགོས་པའི་བཅའ་ཁྲིམས་ཀྱི་འབྲེལ་བ་ཙམ་ཡིན་པས་ཀ་བ་དང་འབྲེལ་བ་མེད།


དཔྱད་གཞིའི་ཡིག་ཆ།