ཡུང་ཁྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2021-03-29 15:17ལ་འགྲུབ།

ཡུང་ཁྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།

ཡུང་ཁྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།
ཡུང་ཁྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1950ལོའི་ཟླ1པོར(དེ་སྔོན་ཡུང་ཁྲེང་རྫོང་སྲིད་གཞུང་གི་ཁྲིམས་འཛིན་ཚན་ཁག་ཡིན)བཙུགས་པ་དང་། སྐབས་དེར་ལས་བྱེད་ཉེན་རྟོག་པ9ཡོད་པ་དང་། ཉེས་དོན་འདྲི་གཅོད་དང་དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་བཙུགས་ཡོད། རྗེས་སུ་ཡུང་ཁྲེང་རྫོང་སྲིད་ཁྲིམས་པུའུ་རུ་ཟླ་སྒྲིལ་བཏང་ནས། སྤྱི་ལོ1972ལོའི་ཟླ10པར་སྒྲིག་གཞི་སླར་གསོ་བྱས། སྤྱི་ལོ1996ལོར་ཡུང་ཁྲེང་རྫོང་ཕྱིར་འཐེན་བྱས་ནས་གྲོང་ཁྱེར་དུ་བསྒྱུར་པ་དང་མཉམ་དུ་ཡུང་ཁྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དུ་མིང་བསྒྱུར། ད་ལྟ་ལས་བྱེད་ཉེན་རྟོག་པ155ཡོད་པ་དང་སྒྲིག་ཁོངས་མི་གྲངས135ཡོད། ཏང་ཙུའི་ཁོངས་མི8ཡོད་པའི་ནང་ཏང་ཙུའུ་ཧྲུའུ་ཅི་དང་ཡོན་ཀྲང1དང་། ཡོན་ཀྲང་གཞོན་པ4 སྒྲིག་བཤེར་ཙུའུ་ཀྲང1 ལག་བསྟར་ཅུའུ་ཀྲང1 གཞུང་ལས་ཁང་གི་ཀྲུའུ་རེན1བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
永城市人民法院 http://ycsfy.hncourt.org/
གནས་ཡུལ།
ཡུང་ཁྲེང་གྲོང་ཁྱེར་ཏུང་ཁྲེང་ཆུས་ཨོ་ཡ་ལམ་ཤར་རྒྱུད་ཀྱི་བྱང་ངོས་སུ་གནས་ཡོད།
སྦྲག་སྲིད་ཨང་རྟགས།
476600
འབྲེལ་གཏུག་ཁ་པར།
03705162668
བཙུགས་ལོ།
སྤྱི་ལོ1950ལོའི་ཟླ1པོའི་ཚེས1ཉིན།
ལས་མི།
155ཡོད།
ཡོན་ཀྲང་།
ཅང་ཁྲང་ཐའོ།
1 ​ངོ་སྤྲོད།

ཡུང་ཁྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1950ལོའི་ཟླ1པོར(དེ་སྔོན་ཡུང་ཁྲེང་རྫོང་སྲིད་གཞུང་གི་ཁྲིམས་འཛིན་ཚན་ཁག་ཡིན)བཙུགས་པ་དང་། སྐབས་དེར་ལས་བྱེད་ཉེན་རྟོག་པ9ཡོད་པ་དང་། ཉེས་དོན་འདྲི་གཅོད་དང་དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་བཙུགས་ཡོད། རྗེས་སུ་ཡུང་ཁྲེང་རྫོང་སྲིད་ཁྲིམས་པུའུ་རུ་ཟླ་སྒྲིལ་བཏང་ནས། སྤྱི་ལོ1972ལོའི་ཟླ10པར་སྒྲིག་གཞི་སླར་གསོ་བྱས། སྤྱི་ལོ1996ལོར་ཡུང་ཁྲེང་རྫོང་ཕྱིར་འཐེན་བྱས་ནས་གྲོང་ཁྱེར་དུ་བསྒྱུར་པ་དང་མཉམ་དུ་ཡུང་ཁྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དུ་མིང་བསྒྱུར། ད་ལྟ་ལས་བྱེད་ཉེན་རྟོག་པ155ཡོད་པ་དང་སྒྲིག་ཁོངས་མི་གྲངས135ཡོད། ཏང་ཙུའི་ཁོངས་མི8ཡོད་པའི་ནང་ཏང་ཙུའུ་ཧྲུའུ་ཅི་དང་ཡོན་ཀྲང1དང་། ཡོན་ཀྲང་གཞོན་པ4 སྒྲིག་བཤེར་ཙུའུ་ཀྲང1 ལག་བསྟར་ཅུའུ་ཀྲང1 གཞུང་ལས་ཁང་གི་ཀྲུའུ་རེན1བཅས་ཡོད།

2 ནང་ཁུལ་གྱི་སྒྲིག་གཞི།

ཁྲིམས་ཁང་དུ་ད་ལྟ་གཞུང་ལས་ཁང་དང་ཆབ་སྲིད་ཁྲུའུ། སྒྲིག་བཤེར་ལྟ་ཞིབ་ཁང་། ཁྲིམས་འཛིན་ཉེན་རྟོག་རུ་ཆེན། འདྲི་གཅོད་དོ་དམ་གཞུང་ལས་ཁང་། གྱོད་འཛུགས་ཁྲིམས་ར། འདྲི་གཅོད་ལྟ་སྐུལ་ཁྲིམས་ར། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ། ལག་བསྟར་ཅུའུ་སོགས་ནང་ཁུལ་དུ་སྡེ་ཚན17བཙུགས་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ། ཀའོ་ཀྲོང་། མང་ཧྲན། མ་ཆའོ། ལི་ཁྲེང་། ཅང་ཁོའུ་བཅས་མངགས་གཏོང་མི་དམངས་ཁྲིམས་ཁང7ཡོད།

3 ཁྲིམས་ཁང་འཛུགས་སྐྲུན།

ཉེ་བའི་ལོ་ཤས་རིང་། ཡུང་ཁྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་གཙོ་གནད་ལས་དོན་གསུམ་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་སྣེ་འདྲེན་དུ་བྱེད་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ལས་འགན་དུ་བྱས་ནས། ཚད་གཞི་མཐོ་བ་དང་། བླང་བྱ་ནན་པོ། རྩེ་གྲ་གཏོད་པ་བཅས་གཙོ་གནད་དུ་བཟུང་ནས་ཚན་ཁག་དང་། དཔུང་ཁག་སྣེ་ཁྲིད། དོ་དམ་ནན་པོ། འདུམ་འགྲིག་ཆེན་པོ། འདྲི་གཅོད་ཞིབ་ཚགས། ལག་བསྟར་ཤུགས་ཆེན། དྲིལ་བསྒྲགས་རྒྱ་ཆེར་བཅས་བྱ་རྒྱུ་དམ་འཛིན་བྱས་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད།

4 གཟི་བརྗིད་མཚན་སྙན།

ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གྱོད་དོན་ཐོ་འགོད་དང་ཡིག་བསྐུར་ངོ་བཅར་ལས་དོན་ཚོགས་འདུ་སྤྱི་ལོ2011ལོའི་ཟླ4ཚེས14ཉིན་ཡུང་ཁྲེང་དུ་འཚོགས་ཤིང་། ཡུང་ཁྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཚོགས་འདུའི་ཐོག་དཔེ་མཚོན་ཉམས་མྱོང་ངོ་སྤྲོད་བྱས་ནས། རྒྱལ་ཡོངས་ཁྲིམས་ཁང་གི“གྱོད་དོན་ཐོ་འགོད་དང་ཡིག་བསྐུར་ངོ་བཅར་སྐར་ཁུང”འཛུགས་སྐྲུན་གྱི་སྔོན་ཐོན་ཚན་པ་ཐོབ་པ་མ་ཟད། རྒྱལ་ཡོངས་ཁྲིམས་ཁང་གི་ཚོགས་ཆེན་ཆེན་མོའི་ཉམས་མྱོང་སྤེལ་རེས་ཚོགས་འདུའི་ཐོག་དཔེ་མཚོན་གཏམ་བཤད་གནང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ལོ2006ལོ་ནས་སྤྱི་ལོ2010ལོའི་བར་གྱི་ཞིང་ཆེན་ཡོངས་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་དང་ཁྲིམས་ལྟར་བཅོས་སྐྱོང་གི་སྔོན་ཐོན། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་སྲིད་འཛིན་འདྲི་གཅོད་ལས་སྒོའི་སྔོན་ཐོན་ཐུན་མོང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་ལས་དོན་གྱི་སྔོན་ཐོན་ཐུན་མོང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གཞུང་ཡིག་ཐག་གཅོད་ལས་དོན་གྱི་སྔོན་ཐོན་ཐུན་མོང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི“གྲོང་ཁྱེར་དུ་ལས་ཀ་བྱེད་པར་དུས་འགྱངས་ཆད་ལུས་བྱས་པའི་མི་སྣའི་གླ་ཕོགས་གྱོད་གཞི་གཅིག་སྡུད་ཐོག་སྒྲུབ་པའི་བྱེད་སྒོ”སོགས་སྔོན་ཐོན་ཐུན་མོང་གི་གཟི་བརྗིད་མཚན་སྙན་ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།