ཧྲང་ཆིའུ་གྲོང་ཁྱེར་སུའེ་དབྱང་ཆུས་ཁྲིམས་འཛིན་ཅུའུ་ནི་ཧྲང་ཆིའུ་གྲོང་ཁྱེར་སུའེ་དབྱང་ཆུས་མི་དམངས་སྲིད་གཞུང་གི་ལས་དོན་སྡེ་ཁག་ཅིག་ཡིན་པ་དང་། ལས་འགན་གཙོ་བོ་ནི་ཆུས་ཡོངས་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་དང་། བཅའ་ཁྲིམས་ཞབས་ཞུ། བཅའ་ཁྲིམས་འགན་སྲུང་བཅས་ཀྱི་བྱེད་འགན་འཁུར་རྒྱུ་དེ་ཡིན།
(གཅིག) རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། བྱེད་ཕྱོགས། སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དང་། ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་དུས་ཡུན་རིང་འབྲིང་གི་འཆར་འགོད་དང་ལོ་འཁོར་གྱི་ལས་ཀའི་འཆར་གཞི་བཟོ་རྒྱུ་མ་ཟད་སྒྲིག་འཛུགས་ལག་བསྟར་བྱེད་རྒྱུ།
(གཉིས) ཆུས་ཡོངས་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་རྒྱུའི་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་བྱས་ཏེ་ཆུས་ཡོངས་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་དང་ཁྲིམས་ལྟར་ཆུས་སྐྱོང་རྒྱུའི་འཆར་འགོད་བཟོ་རྒྱུ་སྒྲིག་འཛུགས་བྱེད་པ་དང་འབྲེལ་ལག་བསྟར་བྱེད་རྒྱུ། ཁྲིམས་ལུགས་དྲིལ་སྒྲོག་དང་སློབ་གསོའི་གསོ་སྦྱོང་དང་། རྒྱུགས་ལེན། དཔྱད་ཞིབ་བཅས་སྒྲིག་འཛུགས་བྱ་རྒྱུ་དང་། ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་བ་གཞན་དག་གི་སྒྲུབ་འགན་འཁུར་རྒྱུ།
(གསུམ) ཆུས་ཡོངས་ཀྱི་ཁྲིམས་རྩོད་པ་དང་གཞུང་དཔང་གི་ལས་ཀར་མཛུབ་ཁྲིད་དང་། ལྟ་སྐུལ། དོ་དམ་བཅས་བྱེད་རྒྱུ་དང་། སྤྱི་ཚོགས་ཀྱི་བཅའ་ཁྲིམས་ཞབས་ཞུའི་ལས་ཁུངས་ལ་ཕྱོགས་བསྡུས་དོ་དམ་བྱེད་རྒྱུ།
(བཞི) ཆུས་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ལ་མཛུབ་ཁྲིད་དང་། ལྟ་སྐུལ། དོ་དམ་བཅས་བྱེད་རྒྱུ།
(ལྔ) ཆུས་ཡོངས་ཀྱི་མི་དམངས་འདུམ་འགྲིག་ལས་དོན་དང་། གཞི་རིམ་ཁྲིམས་འཛིན་ཁང་། བཅའ་ཁྲིམས་ཞབས་ཞུ་ཁང་བཅས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་། ལྟ་སྐུལ། དོ་དམ་བཅས་བྱེད་རྒྱུ།
(དྲུག) ཉེས་ཆད་བཅད་ནས་གློད་འགྲོལ་བཏང་བའི་མི་སྣའི་བཀོད་སྒྲིག་དང་སློབ་གསོའི་ལས་དོན་ལ་མཛུབ་ཁྲིད་དང་། ལྟ་སྐུལ། དོ་དམ་བཅས་བྱ་རྒྱུ།
(བདུན) ཁྲིམས་ཆད་ཕོག་ཡོད་པ་དང་། ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པའི་ཉེས་ཅན་རིགས་ཀྱི་ལས་ཀར་མཛུབ་ཁྲིད་དང་། ལྟ་སྐུལ། དོ་དམ་བཅས་བྱེད་རྒྱུ།
(བརྒྱད) སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲིམས་འཛིན་གསལ་འབྱེད་ལས་ཀར་མཛུབ་སྟོན་དང་། ལྟ་སྐུལ། དོ་དམ་བཅས་བྱ་རྒྱུ།
(དགུ) ཆུས་ཨུ་དང་། ཆུས་སྲིད་གཞུང་། གོང་རིམ་སྡེ་ཁག་བཅས་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་བྱ་བ་གཞན་དག་གི་སྒྲུབ་འགན་འཁུར་རྒྱུ་བཅས་ཡིན།