ཧྲང་ཆིའུ་གྲོང་ཁྱེར་སུའེ་དབྱང་ཆུས་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2021-03-29 15:16ལ་འགྲུབ།

ཧྲང་ཆིའུ་གྲོང་ཁྱེར་སུའེ་དབྱང་ཆུས་མི་དམངས་ཁྲིམས་ཁང་།

ཧྲང་ཆིའུ་གྲོང་ཁྱེར་སུའེ་དབྱང་ཆུས་མི་དམངས་ཁྲིམས་ཁང་།
ཧྲང་ཆིའུ་གྲོང་ཁྱེར་སུའེ་དབྱང་ཆུས་མི་དམངས་ཁྲིམས་ཁང་ནི་ཧྲང་ཆིའུ་གྲོང་ཁྱེར་གྱི་པེ་ཧའེ་ལམ་གྱི་ཨང་རྟགས182པར་གནས་ཡོད་པ་དང་། སྔོན་ཆད་ཧྲང་ཆིའུ་རྫོང་མི་དམངས་ཁྲིམས་ཁང་ཡིན་ཞིང་། སྤྱི་ལོ1952ལོའི་ཟླ2པར་བཙུགས། སྤྱི་ལོ1997ལོར་ཧྲང་ཆིའུ་གྲོང་ཁྱེར་དུ་བསྒྱུར་སྐབས་ཧྲང་ཆིའུ་གྲོང་ཁྱེར་སུའེ་དབྱང་ཆུས་མི་དམངས་ཁྲིམས་ཁང་ཞེས་པར་མིང་བསྒྱུར། གཙོ་བོ་སུའེ་དབྱང་ཆུས་སྲིད་འཛིན་ས་ཁོངས་ནང་གི་ཉེས་དོན་དང་། དམངས་དོན། སྲིད་འཛིན་སོགས་ཀྱི་འདྲི་གཅོད་དང་པོའི་གྱོད་དོན་འདྲི་གཅོད་བྱེད་པའི་འགན་འཁུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
商丘市睢阳区人民法院 http://syqfy.hncourt.org/
གནས་ཡུལ།
ཧྲང་ཆིའུ་གྲོང་ཁྱེར་སུའེ་དབྱང་ཆུས་པེ་ཧའེ་ལམ་གྱི་ཨང་རྟགས182པར་གནས་ཡོད།
སྦྲག་སྲིད་ཨང་རྟགས།
476000
འབྲེལ་གཏུག་ཁ་པར།
0370-3215294
བཙུགས་ལོ།
སྤྱི་ལོ1952ལོའི་ཟླ2པའི་ཚེས1ཉིན།
ལས་མི།
142ཡོད།
ཡོན་ཀྲང་།
ཀྲང་ཧྲེན་ཀྲུའུ།
1 ངོ་སྤྲོད།

ཧྲང་ཆིའུ་གྲོང་ཁྱེར་སུའེ་དབྱང་ཆུས་མི་དམངས་ཁྲིམས་ཁང་ནི་ཧྲང་ཆིའུ་གྲོང་ཁྱེར་གྱི་པེ་ཧའེ་ལམ་གྱི་ཨང་རྟགས182པར་གནས་ཡོད་པ་དང་། སྔོན་ཆད་ཧྲང་ཆིའུ་རྫོང་མི་དམངས་ཁྲིམས་ཁང་ཡིན་ཞིང་། སྤྱི་ལོ1952ལོའི་ཟླ2པར་བཙུགས། སྤྱི་ལོ1997ལོར་ཧྲང་ཆིའུ་གྲོང་ཁྱེར་དུ་བསྒྱུར་སྐབས་ཧྲང་ཆིའུ་གྲོང་ཁྱེར་སུའེ་དབྱང་ཆུས་མི་དམངས་ཁྲིམས་ཁང་ཞེས་པར་མིང་བསྒྱུར། གཙོ་བོ་སུའེ་དབྱང་ཆུས་སྲིད་འཛིན་ས་ཁོངས་ནང་གི་ཉེས་དོན་དང་། དམངས་དོན། སྲིད་འཛིན་སོགས་ཀྱི་འདྲི་གཅོད་དང་པོའི་གྱོད་དོན་འདྲི་གཅོད་བྱེད་པའི་འགན་འཁུར་ཡོད།

2 ནང་ཁུལ་གྱི་སྒྲིག་གཞི།

ཧྲང་ཆིའུ་གྲོང་ཁྱེར་སུའེ་དབྱང་ཆུས་མི་དམངས་ཁྲིམས་ཁང་ནང་དུ་ཆབ་སྲིད་ཁྲུའུ་དང་། སྒྲིག་བཤེར་ལྟ་ཞིབ་ཁང་། གཞུང་ལས་ཁང་། འདྲི་གཅོད་དོ་དམ་གཞུང་ལས་ཁང་། སྲིད་འཛིན་དོ་དམ་ཁང་། ཉེས་དོན་འདྲི་གཅོད་ཁྲིམས་ར། ན་གཞོན་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ། སྲིད་འཛིན་འདྲི་གཅོད་ཁྲིམས་ར། ལག་བསྟར་ཅུའུ། འདྲི་གཅོད་ལྟ་སྐུལ་ཁྲིམས་ར། ཁྲིམས་འཛིན་ལག་རྩལ་ཚན་ཁག ཁྲིམས་འཛིན་ཉེན་རྟོག་རུ་ཆེན་སོགས་བཙུགས་སྡེ་ཚན16བཙུགས་ཡོད། ཁྲིམས་ཁང་ཡོངས་སུ་ལས་བྱེད་ཉེན་རྟོག་པ142ཡོད་པའི་ནང་ཀྲུང་གུང་ཏང་ཡོན111དང་ཏང་ཡོན་མིན་པའི་མི31ཡོད། ཚན་ཁག་གི་ཁོངས་མི8ཡོད། ཡོན་ཀྲང་ཀྲང་ཧྲེན་ཀྲུའུ་ཡིན་པ་དང་། སྤྱི་ལོ2013ལོའི་ཟླ9པར་ལས་འགན་བཞེས། ཁྲིམས་ཁང་གི་ཏང་ཙུའུ་ཡི་ཁོངས་སུ་ཏང་གི་སྤྱི་ཁྱབ་ཀྲི་པུའུ་གཅིག་དང་ཏང་ཀྲི་པུའུ་བརྒྱད་ཡོད།

3 ཁྲིམས་ཁང་འཛུགས་སྐྲུན།

སྤྱི་ལོ2009ལོའི་ནང་ཚུན་གྱི་ལོ་ལྔའི་རིང་ཧྲང་ཆིའུ་གྲོང་ཁྱེར་སུའེ་དབྱང་ཆུས་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་སྣ་ཚོགས17835བདག་སྤྲོད་བྱས་པ་དང་། གྱོད་གཞི17122ཞིབ་གཅོད་མཇུག་སྒྲིལ་བྱས་པས། གྱོད་གཞི་མཇུག་སྒྲིལ་ཚད་བརྒྱ་ཆའི96ཟིན་ཡོད། ཁྲིམས་བཅད་དང་ལེན་གྱིས་ཞུ་གཏུག་མཚམས་འཇོག་ཚད་དང་། གོང་གཏུག་བྱེད་ཚད། ཕྱིར་སློག་ཁྲུན་བཅད་བསྒྱུར་ཚད། བསྐྱར་ཞིབ་བྱེད་ཚད་བཅས་ཐོག་མཐའ་བར་གསུམ་དུ་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་གི་དམའ་ཤོས་སུ་རྒྱུན་འཁྱོངས་བྱས་ཡོད། ནག་མེད་ཉེས་འགེལ་གྱི་གྱོད་གཞི་མེད་པ་དང་། ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་བཅར་གལ་ཆེན་མེད་པ། ཞིབ་དཔྱོད་ལས་ཁུངས་མེད་པའི་བསྐྱར་གཅོད་རེ་ཞུ་བ་བཅས“མེད་པ་གསུམ”གྱི་དམིགས་འབེན་མངོན་འགྱུར་བྱུང་ཡོད། བསྟུད་མར་ལོ་འགའ་ལ་ཞིང་ཆེན་དེ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང་དང་ལས་རོགས་ཡག་ཤོས་ཀྱི་འགོ་ཁྲིད་ཚན་ཁག་ཐོབ་པ་དང་།  སྤྱི་ལོ2014ལོར་སླར་ཡང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་ཤེས་དཔལ་ཚན་པའི་མིང་བཏགས་པ་རེད།

4 གཟི་བརྗིད་མཚན་སྙན།

ཉེ་བའི་ལོ་ཤས་རིང་ཧྲང་ཆིའུ་གྲོང་ཁྱེར་སུའེ་དབྱང་ཆུས་མི་དམངས་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་ཐོག་ནས་འདྲི་གཅོད་ལས་དོན་གྱི་སྲོག་རྩ་བརྟན་སྲུང་བྱས་ཏེ་ཡོངས་བསྒྲགས་ལ་བརྟེན་ནས་དྲང་གཞག་ལ་སྐུལ་འདེད་བཏང་སྟེ་དྲང་གཞག་ལ་བརྟེན་ནས་ཁྲིམས་འཛིན་བྱེད་ཚད་མཐོ་རུ་བཏང་ཡོད། ཐོག་མཐའ་བར་གསུམ་དུ་མི་དམངས་བློ་ཡིད་ཚིམ་རྒྱུ་དེ་དོན་གཉེར་ཆེ་ཤོས་སུ་བརྩིས་ནས་ལོ་གསུམ་ལ་བསྟུད་མར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་བརྟག་དཔྱད་ཁྲོད་མདུན་གྲལ་དུ་སླེབས་ཡོད། སྤྱི་ལོ2009ལོར་ཧུ་ནན་ཞིང་ཆེན་ཨུ་ལྷན་གྱིས“ཞིང་ཆེན་རིམ་པའི་ཤེས་དཔལ་ཚན་པ”ཞེས་པའི་མིང་བཏགས་པ་དང་། སྤྱི་ལོ2009ལོ་ནས་སྤྱི་ལོ2011ལོའི་བར་བསྟུད་མར་ལོ་གསུམ་རིང་ཧུ་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་ཕུལ་བྱུང”ལ་བདམས་པ་མ་ཟད། ཐུན་མོང་གི་བྱས་རྗེས་རིམ་པ་གཉིས་པ་ཐེངས་གཅིག་དང་ཐུན་མོང་གི་བྱས་རྗེས་རིམ་པ་གསུམ་པ་ཐེངས་གཅིག་བཞག སྤྱི་ལོ2012ལོ་ནས་སྤྱི་ལོ2013ལོའི་བར་བསྟུད་མར་ལོ་གཉིས་རིང་ཧུ་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཁྲིམས་ཁང”ལ་བདམས་པ་དང་། སྔ་རྗེས་སུ་ཚན་པ12དང་མི36ཧུ་ནན་ཞིང་ཨུ་སྲིད་ཁྲིམས་ཨུ་ལྷན་དང་། ཧུ་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྔོན་ཐོན་ཚན་པ་དང་སྔོན་ཐོན་མི་སྒེར་ལ་བདམས་ཡོད། འདྲི་གཅོད་ལག་བསྟར་ལས་དོན་དང་ཕྱོགས་བསྡུས་ལས་སྒོར་སྔ་རྗེས་སུ་ཧུ་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་ཐེངས16ལ་བྱས། སྤྱི་ལོ2014ལོའི་ལོ་སྟོད་དུ་ཕུལ་བྱུང་གྲུབ་འབྲས་ཐོབ་ནས་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་གི་ལས་རྗེས་དཔྱད་ཞིབ་ཀྱི་ཨང་དང་པོར་སླེབས་ཡོད།


དཔྱད་གཞིའི་ཡིག་ཆ།