ཧྲང་ཆིའུ་གྲོང་ཁྱེར་ལེང་ཡོན་ཆུས་མི་དམངས་ཞིབ་དཔྱོད་ཁང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2021-03-29 15:16ལ་འགྲུབ།

ཧྲང་ཆིའུ་གྲོང་ཁྱེར་ལེང་ཡོན་ཆུས་མི་དམངས་ཞིབ་དཔྱོད་ཁང་།

ཧྲང་ཆིའུ་གྲོང་ཁྱེར་ལེང་ཡོན་ཆུས་མི་དམངས་ཞིབ་དཔྱོད་ཁང་།
ཧྲང་ཆིའུ་གྲོང་ཁྱེར་ལེང་ཡོན་ཆུས་མི་དམངས་ཞིབ་དཔྱོད་ཁང་ནི་ལེང་ཡོན་ཆུས་ཀྱི་ཁྲིམས་འཛིན་སྒྲིག་གཞི་ཡིན་པ་དང་། དེའི་ནང་འགན་འཛོལ་དབང་གནོན་ཅུའུ་དང་། རྩིས་ནོར་ཚན་ཁག ལས་བྱེད་རྒན་གྲས་ཚན་ཁག དམངས་དོན་དངུལ་ཁང་ཚན་ཁག ལག་རྩལ་ཚན་ཁག ལྟ་ཞིབ་གཞུང་ལས་ཁང་། ལྐོག་ཟ་སྤྲོད་ལེན་ངོ་རྒོལ་ཅུའུ། ལྟ་སྐུལ་ཁང་། ཚོད་འཛིན་ལས་ཁུངས་སོགས་བཙུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
商丘市梁园区人民检察院
ངོ་བོ།
སྲིད་གཞུང་ལས་ཁུངས།
1 ངོ་སྤྲོད།

ཧྲང་ཆིའུ་གྲོང་ཁྱེར་ལེང་ཡོན་ཆུས་མི་དམངས་ཞིབ་དཔྱོད་ཁང་ནི་ལེང་ཡོན་ཆུས་ཀྱི་ཁྲིམས་འཛིན་སྒྲིག་གཞི་ཡིན་པ་དང་། དེའི་ནང་འགན་འཛོལ་དབང་གནོན་ཅུའུ་དང་། རྩིས་ནོར་ཚན་ཁག ལས་བྱེད་རྒན་གྲས་ཚན་ཁག དམངས་དོན་དངུལ་ཁང་ཚན་ཁག ལག་རྩལ་ཚན་ཁག ལྟ་ཞིབ་གཞུང་ལས་ཁང་། ལྐོག་ཟ་སྤྲོད་ལེན་ངོ་རྒོལ་ཅུའུ། ལྟ་སྐུལ་ཁང་། ཚོད་འཛིན་ལས་ཁུངས་སོགས་བཙུགས་ཡོད།

2 ནང་ཁུལ་གྱི་སྒྲིག་གཞི།

ཧྲང་ཆིའུ་གྲོང་ཁྱེར་ལེང་ཡོན་ཆུས་མི་དམངས་ཞིབ་དཔྱོད་ཁང་དུ་འགན་འཛོལ་དབང་གནོན་ཅུའུ་དང་། རྩིས་ནོར་ཚན་ཁག ལས་བྱེད་རྒན་གྲས་ཚན་ཁག དམངས་དོན་དངུལ་ཁང་ཚན་ཁག ལག་རྩལ་ཚན་ཁག  ལྟ་ཞིབ་ཚན་ཁག ཞིབ་བཤེར་གཞུང་ལས་ཁང་། ལྐོག་ཟ་སྤྲོད་ལེན་ངོ་རྒོལ་ཅུའུ། ལྟ་སྐུལ་ཚན་ཁག ཚོད་འཛིན་ཚན་ཁག་སོགས་བཙུགས་ཡོད།

3 འགོ་ཁྲིད་ཚན་ཁག

ཝུའུ་དབྱང་ནི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཞིབ་དཔྱོད་དཔོན་ཡིན་པ་དང་། ཞིབ་དཔྱོད་ཁང་གི་ཕྱོགས་ཡོངས་ཀྱི་ལས་ཀའི་འགན་བཞེས་ཡོད།

ཝེ་ཝེ་ནི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཞིབ་དཔྱོད་དཔོན་གཞོན་པ་ཡིན། ཞིབ་དཔྱོད་ཁང་གི་མྱུལ་ཞིབ་ལྟ་སྐུལ་དང་། གཞུང་ལས་ཁང་། དམངས་དོན་བྱ་སྤྱོད། ཁྲིམས་འཛིན་ཉེན་རྟོག་བཅས་ཀྱི་ལས་འགན་བཞེས་ཡོད།

ཧེང་ཝེ་ནི་ཏང་ཙུའུ་ཡི་ཁོངས་མི་དང་ཞིབ་དཔྱོད་འགོ་འཛིན་གཞོན་པ་ཡིན། ཞིབ་དཔྱོད་ཁང་གི་ལྐོག་ཟ་ལྐོག་རྔན་སྤྲོད་ལེན་ངོ་རྒོལ་ཅུའུ་དང་ཉེས་གསོག་སྔོན་འགོག་དང་བཙོན་ཁང་གི་ལས་དོན་བཅས་ཀྱི་ལས་འགན་བཞེས་ཡོད།

ཞིང་ཝེ་ནི་ཏང་ཙུའུ་ཡི་ཁོངས་མི་དང་ཞིབ་དཔྱོད་དཔོན་གཞོན་པ་ཡིན། ཞིབ་དཔྱོད་ཁང་གི་འགན་འཛོལ་དབང་གནོད་ཅུའུ་དང་། གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་དང་རྒྱུ་ནོར་རྩིས་སྤྲོད་བཅས་ཀྱི་ལས་འགན་བཞེས་ཡོད།

ཀྲེན་ཞའོ་ཐེན། ཏང་ཙུའུ་ཡི་ཁོངས་མི་དང་སྒྲིག་བཤེར་ཚོ་ཆུང་གི་འགོ་འཛིན་ཡིན། ཞིབ་དཔྱོད་ཁང་གི་ཁྲིམས་སྦྱོར་རྒྱུ་མཚན་ཞུ་འབུལ་དང་ལག་རྩལ། ལྟ་ཞིབ་ཀྱི་བྱ་བའི་འགན་བཞེས་ཡོད།

ཀྲའོ་ཆིའུ་ལེ། ཏང་ཙུའུ་ཡི་ཁོངས་མི་དང་ཆབ་སྲིད་ཁྲུའུ་ཡི་ཀྲུའུ་རེན་ཡིན། ཞིབ་དཔྱོད་ཁང་གི་ཆབ་སྲིད་ཁྲུའུ་དང་། ཞིབ་དཔྱོད་གཞུང་ལས་ཁང་། ལས་བྱེད་པ་རྒན་གྲས་བཅས་ཀྱི་ལས་འགན་བཞེས་ཡོད།

4 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ་བཅུ་གཅིག་པར་ཧྲང་ཆིའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པུའུ་དགུ་པར“རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྔོན་ཐོན་ཐུན་མོང”གི་གཟི་བརྗིད་མཚན་སྙན་ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།