ཧྲང་ཆིའུ་གྲོང་ཁྱེར་ལེང་ཡོན་ཆུས་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2021-03-29 15:15ལ་འགྲུབ།

ཧྲང་ཆིའུ་གྲོང་ཁྱེར་ལེང་ཡོན་ཆུས་མི་དམངས་ཁྲིམས་ཁང་།

ཧྲང་ཆིའུ་གྲོང་ཁྱེར་ལེང་ཡོན་ཆུས་མི་དམངས་ཁྲིམས་ཁང་།
ཧུ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་ལེང་ཡོན་ཆུས་མི་དམངས་ཁྲིམས་ཁང་དེ་སྤྱི་ལོ1952ལོའི་ཟླ2པར་བཙུགས་པ་དང་། སྤྱི་ལོ1997ལོའི་ཟླ12པར་ས་ཁུལ་ཕྱིར་འཐེན་བྱས་ནས་གྲོང་ཁྱེར་བཙུགས། དེ་སྔའི་ཧྲང་ཆིའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་མིང་དུ་ཧྲང་ཆིའུ་གྲོང་ཁྱེར་ལེང་ཡོན་ཆུས་མི་དམངས་ཁྲིམས་ཁང་ཞེས་པར་བསྒྱུར། ཧྲང་ཆིའུ་གྲོང་ཁྱེར་ལེང་ཡོན་ཆུས་མི་དམངས་ཁྲིམས་ཁང་དེ་ཁྲང་ཀྲེང་ལྷོ་ལམ་གྱི་ཨང་རྟགས132པར་གནས་ཡོད་པ་དང་། ཁོངས་གཏོགས་སུ་ལས་མི222ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
商丘市梁园区人民法院 http://lyqfy.hncourt.org/
སྦྲག་སྲིད་ཨང་རྟགས།
476000
གནས་ཡུལ།
ཧྲང་ཆིའུ་གྲོང་ཁྱེར་ལེང་ཡོན་ཆུས་ཁྲང་ཀྲེང་ལམ་གྱི་ཨང་རྟགས132པར་གནས་ཡོད།
འབྲེལ་གཏུག་ཁ་པར།
03702275366
བཙུགས་ལོ།
སྤྱི་ལོ1952ལོའི་ཟླ2པའི་ཚེས1ཉིན།
ལས་མི།
222ཡོད།
ཡོན་ཀྲང་།
ཝང་པའོ་ཅན།
1 ​ངོ་སྤྲོད།

ཧུ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་ལེང་ཡོན་ཆུས་མི་དམངས་ཁྲིམས་ཁང་དེ་སྤྱི་ལོ1952ལོའི་ཟླ2པར་བཙུགས་པ་དང་། སྤྱི་ལོ1997ལོའི་ཟླ12པར་ས་ཁུལ་ཕྱིར་འཐེན་བྱས་ནས་གྲོང་ཁྱེར་བཙུགས། དེ་སྔའི་ཧྲང་ཆིའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་མིང་དུ་ཧྲང་ཆིའུ་གྲོང་ཁྱེར་ལེང་ཡོན་ཆུས་མི་དམངས་ཁྲིམས་ཁང་ཞེས་པར་བསྒྱུར། ཧྲང་ཆིའུ་གྲོང་ཁྱེར་ལེང་ཡོན་ཆུས་མི་དམངས་ཁྲིམས་ཁང་དེ་ཁྲང་ཀྲེང་ལྷོ་ལམ་གྱི་ཨང་རྟགས132པར་གནས་ཡོད་པ་དང་། ཁོངས་གཏོགས་སུ་ལས་མི222ཡོད།

2 ནང་ཁུལ་གྱི་སྒྲིག་གཞི།

ཧུ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་ལེང་ཡོན་ཆུས་ཀྱི་མི་དམངས་ཁྲིམས་ཁང་ལ་ད་ལྟ་གྱོད་དོན་ཐོ་འགོད་ཀྱི་ཁྲིམས་ར་དང་། ཉེས་དོན་འདྲི་གཅོད་ཁྲིམས་ར་དང་ན་གཞོན་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ། དམངས་དོན་འདྲི་གཅོད་ཁྲིམས་ར་བཞི་པ། སྲིད་འཛིན་ཁྲིམས་ར། པའེ་ཡུན་དང་། ཀྲུང་ཀྲོའུ། ཕིང་ཐའེ། ལི་ཀྲོང་། ཧྲོང་པ། ཧྲུའེ་ཁྲི་བཅས་བསྡོམས་པའི་མི་དམངས་ཁྲིམས་ར7དང་། འགྲིམ་འགྲུལ་དང་ཐོན་ལས་གཅིག་སྡུད་ཁུལ་གྱི་སྐོར་སྐྱོད་ཁྲིམས་ར2བཅས་ཡོད།

3 ཁྲིམས་ཁང་འཛུགས་སྐྲུན།

ཉེ་བའི་ལོ་ཤས་རིང་།ལེང་ཡོན་ཆུས་མི་དམངས་ཁྲིམས་ཁང་གིས་ཆུས་ཨུ་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་།སྲིད་གྲོས། གོང་རིམ་ཁྲིམས་ཁང་བཅས་ཀྱི་འགོ་ཁྲིད་དང་། ལྟ་སྐུལ། རྒྱབ་སྐྱོར། མཛུབ་ཁྲིད་བཅས་འོག“བརྗོད་བྱ་གཙོ་བོ”ལ་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ།གསར་འབྱེད་གསར་གཏོད་བཅས་བྱས་པས་ཁྲིམས་ཁང་ལ་སྔ་རྗེས་སུ་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱིས“ཞིང་ཆེན་ཡོངས་ཀྱི་བསམ་བློའི་སྤྱོད་ཚུལ་དག་ཐེར་བྱེད་པའི་སྔོན་ཐོན་ཁྲིམས་ཁང”དང“ཞིང་ཆེན་ཡོངས་ཀྱི་གསོག་གྱོད་སྔོན་ཐོན་རྫོང(གྲོང་ཁྱེར་དང་ཆུས)གཙང་བཤེར་ལག་བསྟར་བྱེད་པར”གཟེངས་བསྟོད་བྱས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་ཕུལ་བྱུང”དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་རིག་གནས་འཛུགས་སྐྱོང་དཔེ་སྟོན་སྡེ་ཚན། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྲིམས་རའི་ལས་དོན་གྱི་སྔོན་ཐོན་ཁྲིམས་ཁང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཡིག་སྐུར་ངོ་བཅར་སྔོན་ཐོན་ཐུན་མོང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་སྔོན་ཐོན་ཐུན་མོང་བཅས་ཀྱི་མཚན་སྙན་གནང་པ་མ་ཟད། བསྟུད་མར་ལོ་གསུམ་ལ“ཐུན་མོང་གི་བྱས་རྗེས་རིམ་པ་གཉིས་པ”བླངས། ཧྲོང་པ་བུད་མེད་ཁྲིམས་ར་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་བུད་མེད་ཤེས་དཔལ་ལས་གནས”དང“རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་སྔོན་ཐོན་ཐུན་མོང”ལ་བདམས་པ་རེད།

4 གཟི་བརྗིད་མཚན་སྙན།

ཁྲིམས་ཁང་ལ་སྔ་རྗེས་སུ་གྲོང་ཨུ་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་ཁྲིམས་ལུགས་ཨུ་ལྷན། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་བཅས་ཀྱིས“གྲོང་ཁྱེར་ཡོངས་ཀྱི་མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་སྔོན་ཐོན་ཐུན་མོང”དང་། “ཕྱོགས་བསྡུས་བཅོས་སྐྱོང་གི་སྔོན་ཐོན་ཐུན་མོང”“དུས་བདེ་འཛུགས་སྐྱོང་གི་སྔོན་ཐོན་ཐུན་མོང”གྲོང་ཁྱེར་རིམ་པའི་ཤེས་དཔལ་ཚན་པའི་མིག་དཔེ་བཅས་ལ་བདམས་པ་དང་། སྤྱི་ལོ2009ལོའི་ཟླ4པར་གྲོང་ཁྱེར་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་བསྟོད་ལག་ཁྱེར་ཐོབ་ནས།གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་ལས་རྗེས་དཔྱད་ཞིབ་ནང་ཐོག་མཐའ་བར་གསུམ་དུ་མདུན་གྲལ་དུ་སླེབས་ཡོད། བསྟུད་མར་ལོ་གསུམ་རིང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཐུན་མོང་གི་བྱས་རྗེས་རིམ་པ་གསུམ་པ་བཞག་ཡོད། སྔ་རྗེས་སུ་ཆུས་ཨུ་དང་ཆུས་སྲིད་གཞུང་གིས་ཆུས་ཡོངས་ཀྱི་དམིགས་ཚད་དོ་དམ་གྱི་སྔོན་ཐོན་ཐུན་མོང་ལ་གཟེངས་བསྟོད་བྱས་པ་དང་། ལོ་ལྔ་བསྟུད་མར་ལེང་ཡོན་ཆུས་ཨུ་ཡིས“ཕུལ་བྱུང་ཏང་ཙུའི་ཡག་ཤོས་བཅུ”དང“བརྩེ་སེམས་ཟབ་མོ་བཅངས་ནས་མི་སེར་ལ་བརྩེ་སེམས་འཆང་བའི”ཕུལ་བྱུང་འགོ་ཁྲིད་ཚན་ཁག་དང་ལེང་ཡོན་ཆུས་ཀྱི“ལྔ་གཅིག”ངལ་རྩོལ་བྱ་དགའ་ཐོབ། རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”དང་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྔོན་ཐོན་ཐུན་མོང་ལོ་བཞི་ལ་བསྟུད་མར་བླངས། དུས་བདེ་འཛུགས་སྐྱོང་དང་། ཁྲིམས་འཛིན་དྲིལ་བསྒྲགས། དྲག་རྡུང་ལས་དོན་སོགས་ལས་དོན་མང་པོར་ཆུས་ཨུ་དང་ཆུས་སྲིད་གཞུང་གིས་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱས་པ་དང་ཁྲིམས་ཁང་དེ་ཡོངས་ཀྱི་ལས་བྱེད་ཉེན་རྟོག་པ60ལྷག་ཙམ་ལ་ཞིང་ཆེན་དང་། གྲོང་ཁྱེར། ཆུས་བཅས་ཀྱི་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།