ཞང་ཁྲེང་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2021-03-29 15:12ལ་འགྲུབ།

ཞང་ཁྲེང་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།

ཞང་ཁྲེང་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།
ཞང་ཁྲེང་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡིས་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་གྲོང་ཁྱེར་ཡོངས་ཀྱི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དམིགས་ཡུལ་དུ་བྱས་ཏེ་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་བ་དང་། ཕྱིའི་ཚན་པའི་རྣམ་པ། འགན་ནུས་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་གྲོང་ཁྱེར་གྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་རྣམ་པ་གསར་པ་བཏོད་དེ་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
项城市司法局
གནས་ཡུལ།
ཞང་ཁྲེང་གྲོང་ཁྱེར།
ནང་ཁུལ་སྒྲིག་གཞི།
གཞུང་ལས་ཁང་སོགས།
ངོ་བོ།
སྲིད་གཞུང་ལས་ཁུངས།
1 ངོ་སྤྲོད།

ཞང་ཁྲེང་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡིས་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་གྲོང་ཁྱེར་ཡོངས་ཀྱི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དམིགས་ཡུལ་དུ་བྱས་ཏེ་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་བ་དང་། ཕྱིའི་ཚན་པའི་རྣམ་པ། འགན་ནུས་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་གྲོང་ཁྱེར་གྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་རྣམ་པ་གསར་པ་བཏོད་དེ་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད།

2 སྒྲིག་གཞིའི་འགན་ནུས།

གཅིག གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་དུས་ཡུན་རིང་འབྲིང་གི་འཆར་འགོད་དང་ལོ་འཁོར་འཆར་གཞི་བཟོ་འགོད་བྱེད་པ་མ་ཟད། རྩ་འཛུགས་ལག་བསྟར་བྱ་རྒྱུ།

གཉིས། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་དང་བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཁྱབ་གདལ་གཏོང་བའི་འཆར་འགོད་བཟོ་བ་དང་འབྲེལ་སྒྲིག་འཛུགས་ལག་བསྟར་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་ལ་མཛུབ་ཁྲིད་བྱེད་པ།

གསུམ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པ་དང་། ཁྲིམས་ལུགས་བློ་འདྲི་བ། བཅའ་ཁྲིམས་རོགས་སྐྱོར་གྱི་ལས་ཀ གཞུང་དཔང་ལས་ཁུངས་དང་གཞུང་དཔང་ལས་སྒོའི་བྱེད་སྒོར་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ།

བཞི། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅའ་ཁྲིམས་ཞབས་ཞུ་དང་། མི་དམངས་འདུམ་འགྲིག ཁྲིམས་ཆད་ནས་གློད་འགྲོལ་བྱུང་བའི་མི་སྣ་དང་ངལ་རྩོལ་སློབ་གཅུན་བྱེད་ཁོངས་ནས་གློད་པའི་མི་སྣར་བཀོད་སྒྲིག་དང་སློབ་གསོ་རོགས་རམ་བྱེད་པའི་ལས་དོན་དོ་དམ་དང་མཛུབ་ཁྲིད་བྱ་རྒྱུ།

ལྔ། བཅའ་ཁྲིམས་ཞབས་ཞུའི་ལས་དོན་ལ་དོ་དམ་དང་མཛུབ་ཁྲིད་བྱ་རྒྱུ།

དྲུག བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་གྲོང་ཁྱེར་ཡོངས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི“ཁྲིམས་འཛིན་གསལ་འབྱེད”ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱ་རྒྱུ།

བདུན། གྲོང་ཁྱེར་ཁོངས་ཀྱི་ནོར་དོན་དོ་དམ་དང་ནོར་སྲིད་སྒྲིག་ཆས་ཀྱི་ལས་ཀ་བྱེད་འགན་འཁུར་རྒྱུ།

བརྒྱད། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུ།

དགུ སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་ནང་ཞུགས་རྒྱུ།

བཅུ། གོང་རིམ་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྲད་པའི་ལས་དོན་གཞན་དག་གི་སྒྲུབ་འགན་འཁུར་རྒྱུ་བཅས་ཡིན།

3 ནང་ཁུལ་གྱི་སྒྲིག་གཞི།

ཞང་ཁྲེང་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡི་ནང་ཁུལ་དུ་ད་ལྟ་གཞུང་ལས་ཁང་དང་། གཞི་རིམ་ཚན་ཁག དྲིལ་བསྒྲགས་སློབ་གསོའི་ཚན་ཁག དངུལ་ཁང་རྒྱུ་ནོར་གྲ་སྒྲིག་ཚན་ཁག ཁྲིམས་རྩོད་པའི་དོ་དམ་ཚན་ཁག མི་དོན་ཚན་ཁག ངལ་རྩོལ་གཉིས་རོགས་སློབ་ཚན་ཁག ཁྲིམས་འཛིན་གསལ་འབྱེད་དོ་དམ་ཚན་ཁག ལྟ་ཞིབ་ཁང་། གཞུང་དཔང་ཁྲུའུ། “148”བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས། བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་སོགས་ཚན་ཁག(ཁྲུའུ)དང་། ལྟེ་གནས་བཅས12བཙུགས་ཡོད།

4 ཁོངས་གཏོགས་ལས་ཁུངས།
4_1 ཁྲིམས་རྩོད་པའི་ལས་གཉེར་ཁང་།

(1)ཕིང་ཡོན་ཁྲིམས་རྩོད་པའི་ལས་གཉེར་ཁང་།

(2)ཡུས་ཏུང་ཁྲིམས་རྩོད་པའི་ལས་གཉེར་ཁང་།

(3)ལིས་ཐུའུ་ཁྲིམས་རྩོད་པའི་ལས་གཉེར་ཁང་།

ཁྱོན་བསྡོམས་ཁྲིམས་རྩོད་པ24ཡོད་པ་དང་། ཁོང་ཚོ་གཏུག་བཤེར་བྱེད་སྒོ་སྣ་ཚོགས་ནང་ཧུར་ཐག་ངང་ཞུགས་ནས་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་བའི་འགན་འཁུར་ནས། དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཏེ་ཁྲིམས་འཛིན་དྲང་གཞག་ཡོང་བར་སྐུལ་འདེད་བཏང་ཡོད། 

4_2 གཞུང་དཔང་ཁང་།

ད་ལྟ་ལས་ཀ་བྱེད་མཁན9ཡོད་པའི་ནང་གཞུང་དཔང་བ5ཡོད། གཙོ་བོར་གཤམ་གསལ་གཞུང་དཔང་གི་འགན་འཁུར་དགོས་ཏེ།(1)གན་རྒྱ།(2)ཤུལ་འཛིན།(3)མངག་བཅོལ། གསལ་བསྒྲགས། གནང་འབུལ། ཞལ་ཆེམས།(4)རྒྱུ་ནོར་བགོ་བཤའ།(5)སུ་འཇོན་དེ་ལེན་དང་རིན་གོང་གང་མཐོར་འཚོང་བ། (6)གཉེན་སྒྲིག་གི་གནས་ཚུལ་དང་། གཉེན་ཉེའི་འབྲེལ་བ། ཉར་གསོའི་འབྲེལ་བ་བཅས།(7)སྐྱེས་པ། འཚོ་གནས། ཤི་བ། ཐོབ་ཐང་། མྱོང་བ། བསླབ་རིམ། བསླབ་གནས། ལས་གནས། གོ་མིང་། ཁྲིམས་འགལ་གྱི་ཟིན་ཐོ་ཡོད་མེད།(8)ཀུང་སིའི་སྒྲིག་ཡིག(9)བདེན་དཔང་ཉམས་མེད་སྲུང་སྡོམ་བྱེད་པ། (10)ཡིག་ཆའི་སྟེང་གི་མཚན་བཀོད་དང་། ཐམ་ག ཟླ་ཚེས། ཡིག་ཆའི་འདྲ་བཤུས་དང་། པར་དེབ། (11) མི་དང་ཁྲིམས་མི། རྩ་འཛུགས་གཞན་པས་རང་མོས་སྒོས་བསྒྲུབ་རེ་ཞུས་པའི་གཞུང་དཔང་སྐོར་གྱི་ལས་དོན་གཞན་དག་བཅས་ཡིན། 

5 ལས་ཐོག་འགོ་ཁྲིད།

ཅུས་ཀྲང་། ཧན་ཁྲང་ཁྲུན།  


དཔྱད་གཞིའི་ཡིག་ཆ།