ཞང་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2021-03-29 15:11ལ་འགྲུབ།

ཞང་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།

ཞང་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།
ཞང་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ནི་ཞང་ཁྲེང་གྲོང་ཁྱེར་ཧྭ་ཡོན་ཁྲོམ་གཞུང་དབྱིན་པིང་ལམ་ཆེན་གྱི་བྱང་རྒྱུད་དུ་གནས་ཡོད་པ་དང་། ད་ལྟ་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པ161ཡོད་པའི་ནང་ཞིབ་དཔྱོད་དཔོན1དང་། ཞིབ་དཔྱོད་དཔོན་གཞོན་པ5 ཆེད་བསྐོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ1 སྒྲིག་བཤེར་ཚོ་ཆུང་གི་འགོ་འཛིན1 ཆབ་སྲིད་ཁྲུའུ་ཡི་ཀྲུའུ་རེན1བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
项城市人民检察院
ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པ།
161ཡོད།
གནས་ཡུལ།
ཞང་ཁྲེང་གྲོང་ཁྱེར་སྲིད་འཛིན་ཁུལ་གསར།
མཚན་སྙན།
“ཡིག་བསྐུར་ངོ་བཅར་ལས་དོན”གྱི་སྔོན་ཐོན་ལས་ཁུངས།
1 ངོ་སྤྲོད།

ཞང་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ནི་ཞང་ཁྲེང་གྲོང་ཁྱེར་ཧྭ་ཡོན་ཁྲོམ་གཞུང་དབྱིན་པིང་ལམ་ཆེན་གྱི་བྱང་རྒྱུད་དུ་གནས་ཡོད་པ་དང་། ད་ལྟ་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པ161ཡོད་པའི་ནང་ཞིབ་དཔྱོད་དཔོན1དང་། ཞིབ་དཔྱོད་དཔོན་གཞོན་པ5 ཆེད་བསྐོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ1 སྒྲིག་བཤེར་ཚོ་ཆུང་གི་འགོ་འཛིན1 ཆབ་སྲིད་ཁྲུའུ་ཡི་ཀྲུའུ་རེན1བཅས་ཡོད། ཁྲུའུ་རིམ་པའི་ལས་བྱེད་པ1 ཁོའོ་རིམ་པ་རྒན་པའི་ལས་བྱེད་པ19 ཁོའོ་རིམ་པ་གཞོན་པའི་ལས་བྱེད་པ40 ཁོའོ་རིམ་པའི་ལས་བྱེད་པ89བཅས་ཡོད། 

2 ནང་ཁུལ་གྱི་སྒྲིག་གཞི།

ཞང་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དུ་གཞུང་ལས་ཁང་དང་། ཆབ་སྲིད་ཁྲུའུ། ལྐོག་ཟ་ལྐོག་རྔན་སྤྲོད་ལེན་ངོ་རྒོལ་ཅུའུ། འགན་འཛོལ་དབང་གནོན་ངོ་རྒོལ་ཅུའུ། ལས་ཐོག་ཉེས་གསོག་སྔོན་འགོག་ཅུའུ། མྱུལ་ཞིབ་ལྟ་སྐུལ་ཁང་། སྤྱི་བདེ་གཏུག་བཤེར་ཁང་། བཙོན་ཁང་ཞིབ་དཔྱོད་ཁང་། དམངས་དོན་སྲིད་འཛིན་ཞིབ་དཔྱོད་ཁང་། ཞུ་གཏུག་ཞུ་སྦྱོར་ཞིབ་དཔྱོད་ཁང་། ཞིབ་དཔྱོད་ལག་རྩལ་ཁང་། འཆར་གཞི་ནོར་དོན་སྒྲིག་ཆས་ཁང་། བཅའ་ཁྲིམས་སྲིད་ཇུས་ཞིབ་འཇུག་ཁང་། སྒྲིག་བཤེར་ལྟ་ཞིབ་ཁང་། ལས་ཁུངས་ཏང་ཨུའི་གཞུང་ལས་ཁང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་ལས་དོན་ཁང་། དྲིལ་བསྒྲགས་ཁང་། ཁྲིམས་ཁང་དང་གྲོང་རྡལ་ཞིབ་དཔྱོད་ཁང་སོགས་སྒྲིག་གཞི19བཙུགས་ཡོད།

3 གཟི་བརྗིད་མཚན་སྙན།

ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས“མཐོར་འདེགས་ལྔ་དང་། ཤུགས་སྣོན་གསུམ། བརྩོན་ལེན་གཅིག”བཅས་ཀྱི་ལས་ཀའི་བསམ་ཕྱོགས་ལ་དམ་པོར་དམིགས་ནས་ཚན་ཁག་སྟོབས་ཆེར་གཏོང་བ་དང་། དཔུང་ཁག་དམ་འཛིན། གཟུགས་བརྙན་འཛུགས་པ་བཅས་བྱས་ཏེ་འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ། བླང་བྱ་མཐོ་བ་བཅས་མཐའ་འཁྱོངས་བྱས་ཏེ་ཞིབ་དཔྱོད་ལས་དོན་ཁག་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ཡོད། རང་ཞིབ་དཔྱོད་ཁང་ལ་སྔ་རྗེས་སུ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཟེངས་བསྟོད་བྱས་པ་དང་། ཧུ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས“ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་དྲིལ་བསྒྲགས་སྔོན་ཐོན་གཞི་རིམ་ཞིབ་དཔྱོད་ཁང”ལ་གཟེངས་བསྟོད་བྱས། ཀྲོའུ་ཁོའུ་གྲོང་ཨུ་ཡིས“ཁྲིམས་འཛིན་གནད་དོན་ཡོ་བསྲང་དང་དྲང་གཞག་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་བའི”སྔོན་ཐོན་ཚན་པ་དང་“ཡིག་བསྐུར་ངོ་བཅར་ལས་དོན”གྱི་སྔོན་ཐོན་ཚན་པར་གཟེངས་བསྟོད་བྱས་ཡོད། ཀྲོའུ་ཁོའུ་གྲོང་ཨུ་ཡིས“སྲིད་གཙང་རིག་གནས་འཛུགས་སྐྱོང་གི་སྔོན་ཐོན་ཚན་པ”དང“སྔོན་ཐོན་ཞིབ་དཔྱོད་ཁང” “ཞིང་ཆེན་རིམ་པའི་ཤེས་དཔལ་ཚན་པ” “ཞིང་ཆེན་རིམ་པའི་འཕྲོད་བསྟེན་སྔོན་ཐོན་ཚན་པ”བཅས་ཀྱི་མཚན་སྙན་ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།