སྤྱི་ལོ2021ལོའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ།སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2021-03-25 09:31ལ་འགྲུབ།

སྤྱི་ལོ2021ལོའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ།

སྤྱི་ལོ2021ལོའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ།
《སྤྱི་ལོ2021ལོའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ》ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ཀྲོའུ་ཆང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ཕུལ་བའི་བྱ་བའི་སྙན་ཞུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
2021年最高人民法院工作报告
གྲོས་ཚོགས།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ།
སྙན་ཞུའི་དུས་ཚོད།
སྤྱི་ལོ2021ལོའི་ཟླ3པའི་ཚེས8ཉིན།
སྙན་ཞུ་མཁན།
ཀྲོའུ་ཆང་།
1 ངོ་སྤྲོད། 

《སྤྱི་ལོ2021ལོའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ》ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ཀྲོའུ་ཆང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ཕུལ་བའི་བྱ་བའི་སྙན་ཞུ་ཡིན།

སྤྱི་ལོ2021ལོའི་ཟླ3པའི་ཚེས8ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོགས་ཤིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ཀྲོའུ་ཆང་གི་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་ཞུས།

2 སྙན་ཞུའི་ཁྱབ་བསྒྲགས།

སྤྱི་ལོ2021ལོའི་ཟླ3པའི་ཚེས8ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོགས་ཤིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ཀྲོའུ་ཆང་གི་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་ཉན་འཇོག་གནང་། 

3 སྙན་ཞུའི་ནང་དོན་གནད་བསྡུས།

སྤྱི་ལོ2020ལོ་ནི་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་དང་། རྒྱལ་ཡོངས་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ལྟ་སྐུལ་ནུས་ལྡན་ལ་བརྟེན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ནས། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དོན་འཁྱོལ་དང་། ནན་ཏན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློར་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ། འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ། གདེང་ཚོད་བཞི་ཇེ་བརྟན། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་པ། མི་དམངས་མང་ཚོགས་སོ་སོ་ལ་ཁྲིམས་འཛིན་གྱོད་གཞིའི་ཁྲོད་དུ་དྲང་བདེན་དང་དྲང་གཞག་ཚོར་ཐུབ་པར་བྱེད་པའི་དམིགས་འབེན་མངོན་འགྱུར་དང་དམ་པོར་སྦྲེལ་ནས། ཁྱོན་ཡོངས་ལ་ཞབས་ཞུ་བྱེད་པའི་རྣམ་པ་རྒྱུན་འཁྱོངས། ཁྲིམས་འཛིན་དམངས་ཀྱི་ཆེད། ཁྲིམས་འཛིན་དྲང་གཞག རྩ་ཁྲིམས་ཀྱིས་བསྩལ་བའི་ལས་འགན་ནན་ཏན་གྱིས་སྒྲུབ་པ། ཁྲིམས་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱ་བར་གཅིག་གྱུར་འཆར་འགོད་དང་ཞབས་ཞུ་སྒྲུབ་པ། བྱ་བའི་ཕྱོགས་སོ་སོ་ནས་གྲུབ་འབྲས་གཡུར་དུ་ཟ་བ་ལེན་རྒྱུ་བཅས་ཡིན།

3_1 གཅིག རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ།

སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བསྟར་ནས་འདྲི་གཅོད་དང་པོའི་ཉེས་དོན་གྱོད་གཞི་ངོ་གྲངས་ཁྲི111.6འདྲི་གཅོད་མཇུག་སྒྲིལ་བྱས་པ་དང་། ཉེས་ཅན་ཁྲི152.7ལ་ཉེས་ཆད་བཅད་པས་སྤྱི་ཡོངས་ནས་མར་ཆགས་པའི་རྣམ་པ་ཐོན་ཡོད།

རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། མངའ་ཁོངས་ཕྱི་ནང་གི་དགྲར་འཛིན་སྟོབས་ཤུགས་ཀྱིས་སིམ་འཛུལ་དང་། གཏོར་བཤིག རྩ་སློག ཁ་ཕྲལ་བཅས་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྤྱི་དང་ཁྱད་པར་དུ་སྲིད་དབང་བདེ་འཇགས་དང་ལམ་ལུགས་བདེ་འཇགས་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ།

རིམས་འགོག་སྒྲིག་ལམ་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱས་པ། ཁྲིམས་ལྟར་མགྱོགས་མྱུར་ངང་ཞིབ་བཤེར་ཐག་གཅོད་བྱས་ནས་ནད་ཡམས་དང་འབྲེལ་བའི་ཉེས་གསོག་གྱོད་གཞི་ངོ་གྲངས54744དང་མི6443ཡོད་པ་དང་། རིམས་འགོག་ལས་དོན་མི་སྣ་བསད་པའི་མ་ཅན་གོ་སོགས་ལ་ཁྲིམས་ལྟར་སྲོག་ཁྲིམས་བཅད་ཡོད།

ནག་ཚོགས་བརླགས་བཅོམ་གྱི་ཆེད་དམིགས་འཐབ་རྩོད་ཀྱི་འདྲི་གཅོད་ལག་བསྟར་ལས་འགན་ལེགས་འགྲུབ་བྱས་པ། ཆེད་དམིགས་འཐབ་རྩོད་བྱས་ཚུན་ནག་ཚོགས་དང་འབྲེལ་བའི་ཉེས་གསོག་གྱོད་གཞི33053དང་མི226495ཞིབ་གཅོད་མཇུག་སྒྲིལ་བྱས་པ་དང་། གྱོད་གཞི་མཇུག་སྒྲིལ་བྱེད་ཚད99.4%ཟིན་པ། ཁྲིམས་ཆད་ལྗིད་པོ་གཏོང་ཚད34.5%ཟིན་ཡོད། བཅའ་ཁྲིམས་ལྟར་རྒྱུ་ནོར་གྱི་ཁྲིམས་ཆད་བཅད་པ་མ་ཟད་ཁྲིམས་འགལ་གྱི་ཐོབ་ཆ་བདའ་འདེད་དང་གཞུང་བཞེས་བཏང་བས། དངོས་སུ་ལག་ལེན་དུ་བསྟར་བའི་དངུལ་གྲངས་སྒོར་དུང་ཕྱུར་1373.7ཟིན་ཡོད། “ཆར་གདུགས་བཟུང་ནས་དྲ་རྒྱ་གཏོར་བ”རྒྱུན་འཁྱོངས་བྱས་ནས་གཞུང་ལས་མི་སྣས་ནག་ཚོགས་དང་འབྲེལ་བའི་འགེབས་སྲུང་ཉེས་ཅན་གྱི་ཉེས་གསོག་གྱོད་གཞི་ངོ་གྲངས2668ཞིབ་གཅོད་བྱས་ཟིན།

མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་བདེ་འཇགས་སྲུང་སྐྱོང་བྱས་པ། འགན་འཛོལ་གྱི་བྱུར་ཉེས་ཚབས་ཆེན་དང་ངལ་རྩོལ་བདེ་འཇགས་ཀྱི་བྱུར་ཉེས་ཚབས་ཆེན་སོགས་ཀྱི་བྱས་ཉེས་བསགས་པའི་གྱོད་གཞི་ངོ་གྲངས2165དང་མི3384ཞིབ་གཅོད་བྱས་ཡོད།

རུལ་སུངས་སུ་གྱུར་པའི་བྱས་ཉེས་བསགས་རིགས་ལ་ཉེས་ཆད་ནན་པོ་བཅད་ཡོད། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལ་གཞོགས་འདེགས་བྱས་ནས་ལྟ་ཞིབ་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ལྐོག་ཟ་ལྐོག་རྔན་སྤྲོད་ལེན་དང་འགན་འཛོལ་ཤོར་བ་སོགས་ཀྱི་གྱོད་གཞི་ངོ་གྲངས་ཁྲི2.2ཞིབ་གཅོད་མཇུག་སྒྲིལ་བྱས་ཟིན།

དྲ་ཐོག་ཉེས་གསོག་ལ་ཁྲིམས་གཅོད་ནན་པོ་བྱས་ཡོད། གློག་འཕྲིན་དྲ་རྒྱའི་མགོ་སྐོར་དང་། དྲ་ཐོག་ཚོང་བ། དྲ་ཐོག་རྒྱན་འཛུགས། དྲ་རྒྱའི་མགྲོན་ནག(黑客) དྲ་རྒྱའི་དཀྲོག་གཏམ་སོགས་ཀྱི་ཉེས་གསོག་གྱོད་གཞི་ངོ་གྲངས་ཁྲི3.3ཞིབ་གཅོད་བྱས་ཡོད། དྲ་རྒྱའི་ཐལ་ནག་ཐོན་ལས་འབྲེལ་ཐག་གི་ཉེས་གསོག་བྱེད་སྤྱོད་ཁག་གཅིག་ལ་ཆད་པ་ནན་པོ་བཅད་ནས་དྲ་རྒྱའི་བར་མཐོངས་དེ་ཁྲིམས་ཀྱི་ཕྱི་རོལ་དུ་གཏན་ནས་འགྱུར་དུ་འཇུག་རྒྱུ་མིན་ཞེས་གསུངས་པ་རེད།

བྱས་ཉེས་བསགས་པར་ཉེས་ཆད་གཅོད་རྒྱུ་དང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱ་རྒྱུ་གཉིས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཡོད། བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་དང་། དོགས་ཡོད་ཉེས་པ་མེད་པར་བརྩི་བཀུར། དཔང་རྟགས་ཁྲིམས་གཅོད་བཅས་རྒྱུན་འཁྱོངས་བྱས་ཏེ། གཞུང་ཕྱོགས་ཁྲིམས་སྦྱོར་གྱོད་གཞིའི་ཞུ་སྦྱོར་ཕྱི་མ་བ656དང་སྒེར་གཏུག་གྱོད་གཞིའི་ཞུ་སྦྱོར་ཕྱི་མ་བ384ལ་ཉེས་པ་མེད་པར་ཡོངས་བསྒྲགས་བྱས།

3_2 གཉིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཧུར་ཐག་ཞུས་པ།

བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། འདྲི་གཅོད་དང་པོའི་དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་ངོ་གྲངས་ཁྲི1330.6དང་། སྲིད་འཛིན་གྱི་གྱོད་གཞི་ངོ་གྲངས་ཁྲི26.6འདྲི་གཅོད་མཇུག་སྒྲིལ་བྱས་པ་དང་། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པར་ཞབས་འདེགས་ཧུར་ཐག་ཞུས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

“བརྟན་པོ་དྲུག”དང“འགན་ལེན་དྲུག”ལ་གནད་སྨིན་ཞབས་འདེགས་ཞུ་བ། ཁྲིམས་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་དང་། སྔོན་དཔག་བརྟན་པོ། དམངས་འཚོར་འགན་སྲུང་བཅས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། རིམས་ནད་དང་འབྲེལ་བའི་དམངས་དོན་ཚོང་དོན་དང་། ཕྱི་ཕྱོགས་དང་འབྲེལ་བའི་ཚོང་དོན་མཚོ་དོན། ལག་བསྟར་གྱོད་གཞི་སོགས་བསམ་འཆར4དུས་ཐོག་ཏུ་བཏོན་པ་དང་། ཁྲིམས་ཁང་རིམ་པ་ཁག་གིས་རིམས་ནད་ལས་བྱུང་བའི་གཏུག་བཤེར་གནད་དོན་ལ་ཁ་གཏད་འོས་འཚམ་འཇལ་བར་མཛུབ་སྟོན་བྱས་ཡོད།

ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས། རྒྱུ་ནོར་བདག་དབང་ལ་ཁྲིམས་འཛིན་གྱིས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུ་ནོར་བདག་དབང་དང་འབྲེལ་བ་ཡོད་པའི་ཉེས་དོན་དང་མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་ངོ་གྲངས34དང་མི56ཁྲིམས་ལྟར་ཡོ་བསྲང་བྱས་ཡོད།

ཁ་དན་ཚིག་ལ་གནས་པ་སྲུང་སྐྱོང་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ནི་ཡིད་རྟོན་དཔལ་འབྱོར་དང་ཁྲིམས་སྐྱོང་དཔལ་འབྱོར་ཡིན་ཞིང་། ཡིད་རྟོན་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ནང་དོན་གལ་ཆེན་ཡིན་ལ། དམངས་དོན་ཁྲིམས་གཞུང་གི་གཞི་རྩའི་རྩ་དོན་ཡང་ཡིན།

གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཞབས་འདེགས་ཞུ་དགོས། འདྲི་གཅོད་དང་པོའི་ཤེས་བྱའི་ཐོན་དངོས་བདག་དབང་གི་གྱོད་གཞི་ངོ་གྲངས་ཁྲི46.6འདྲི་གཅོད་མཇུག་སྒྲིལ་བྱས་པ་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན11.7%འཕར་ཡོད། ཤེས་བྱའི་ཐོན་དངོས་བདག་དབང་དམངས་དོན་གཏུག་བཤེར་གྱི་དཔང་རྟགས་སོགས་ཁྲིམས་འཛིན་འགྲེལ་བཤད་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ10བཏོན་ནས་དོ་བདག་གིས་དཔང་རྟགས་འདོན་པ་དང་།གཏུག་བཤེར་གྱི་དུས་འཁོར་ཐུང་དུ་གཏོང་བ། ཁེ་དབང་སྲུང་སྐྱོང་གི་མ་གནས་དམའ་རུ་གཏོང་བ། གུན་གསབ་དངུལ་གྲངས་མཐོ་རུ་གཏོང་བ་བཅས་སྔར་བས་སྟབས་བདེ་རུ་བཏང་བས་ཤེས་བྱའི་ཐོན་དངོས་བདག་དབང་གི་གྱོད་གཞིའི་གུན་གསབ་དངུལ་གྲངས་དུས་མཚུངས་ལས79.3%འཕར་ཡོད། ཁྲིམས་འཛིན་འགྲེལ་བཤད་གཏན་འབེབས་དང་ཆད་གཅོད་རང་བཞིན་གྱི་གུན་གསབ་ལམ་ལུགས་དོན་འཁྱོལ་བྱས་ཡོད། ཚན་རིག་ཞིབ་འཇུག་མི་སྣ་དང་དེའི་ལས་ཐོག་གི་གསར་གཏོད་གྲུབ་འབྲས་ཁྲིམས་ལྟར་སྲུང་སྐྱོང་དང་། གསར་གཏོད་གསོན་ཤུགས་སྐུལ་སློང་བྱ་དགོས། པར་དབང་རྐུ་སྤྱོད་དང་། བསམ་ངན་བཅངས་ནས་བཙན་འཕྲོག་དང་ཚོང་རྟགས་གྲགས་ཅན་ལ་བརྟེན་པ་སོགས་ཀྱི་རྩོམ་དབང་གི་ཚོང་རྟགས་བདག་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ཉེས་ཆད་ནན་པོ་བཅད།

གྲངས་ཀའི་དཔལ་འབྱོར་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཁྲིམས་གཅོད་དྲང་གཞག་བྱེད་པ་བརྒྱུད་དེ་ཨང་ཀིའི་དཔལ་འབྱོར་འཕེལ་རྒྱས་དང་ལག་རྩལ་གསར་གཏོད་ཀྱི་སྒྲིག་སྲོལ་ཁ་གསལ་དུ་བཏང་ནས།ལག་རྩལ་གསར་པ་དང་། ལས་རྣམ་གསར་པ། བྱེད་སྟངས་གསར་པ་བཅས་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱེད་དགོས།

ཞབས་ཞུ་ལ་བརྟེན་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ཟབ་སྤེལ་བྱས་ཡོད། བུན་སྟོངས་གྱོད་གཞི10132ཞིབ་གཅོད་མཇུག་སྒྲིལ་བྱས་པ་དེ་བུན་དབང་སྒོར་དུང་ཕྱུར་ཁྲི1.2དང་འབྲེལ་བ་ཡོད་ཅིང་། དེའི་ནང་མ་རྩ་སྟོངས་པ་དང་བསྐྱར་སྒྲིག་གི་གྱོད་གཞི་ངོ་གྲངས728ཞིབ་གཅོད་མཇུག་སྒྲིལ་བྱས་པ་དང་། རྒྱུ་ནོར་གང་འགབ་ཅི་སྤྱོད་བྱེད་ཚད་སྒོར་དུང་ཕྱུར4708ཟིན་པས། འཕེལ་རྒྱས་ཀྱི་མདུན་ལམ་ཡོད་པའི་ཁེ་ལས532ལ་བསྐྱར་དུ་གསར་སྐྱེས་བྱུང་བ་དང་། ལས་བཟོ་བ་ཁྲི48.6ལ་ལས་ཞུགས་བརྟན་པོ་ཡོང་བར་རོགས་རམ་བྱས་ཡོད།

ནང་མཁོ་རྒྱ་སྐྱེད་གཏོང་བར་ཞབས་འདེགས་ཞུ་དགོས། སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་བྱེད་པར་རྒྱབ་སྐྱོར་དང་། སྲིད་འཛིན་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། གཞི་རྩའི་འཛུགས་སྐྲུན་དང་།གྲོང་ཁྱེར་འཛུགས་སྐྲུན། དམངས་འཚོའི་ལས་གྲྭ་སོགས་ཁྱབ་ཁོངས་ཀྱི་འགལ་བ་གསར་པ་འདུམ་གཅོད་འོས་འཚམ་བཅས་བྱ་དགོས། འཛད་སྤྱོད་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་འདྲི་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ། འཛད་སྤྱོད་ཀྱི་གཡོ་སྒྱུ་དང་། དབང་ཤེད་ཅན་གྱི་དོན་ཚན་འགོད་པ་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་བྱས་ཏེ། འཛད་སྤྱོད་རིམ་སྤོར་ལ་ཕན་པའི་ཁྲིམས་སྐྱོང་ཁོར་ཡུག་ཧུར་ཐག་བསྐྲུན་ཡོད།

3_3 གསུམ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་པ།

དམངས་དོན་ཁྲིམས་གཞུང་ལག་བསྟར་དོན་འཁྱོལ་བྱས་པ།

དམངས་འཚོའི་ཁྲིམས་འཛིན་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ཡོད།

མི་གཤིས་དབང་ཆ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ཡོད།

འཆམ་མཐུན་ཁྱིམ་ཚང་འཛུགས་སྐྱོང་བྱེད་པར་སྐུལ་སྤེལ་བཏང་བ།

སྐྱེ་བོ་ལོ་ན་མ་སོན་པ་ལ་ཁྲིམས་འཛིན་ཐོག་ནས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།

དམག་མི་དང་འབྲེལ་བའི་ཁེ་དབང་སྲུང་སྐྱོང་ལས་ཀར་ཤུགས་སྣོན་བརྒྱབ་པ།

བཞི། སྟབས་གཅིག་ཅན་དང་སྣེ་མང་ཅན་གྱི་བར་འདུམ་དང་གཏུག་བཤེར་ཞབས་ཞུའི་ལམ་སྲོལ་ཁྱོན་ཡོངས་ནས་བཙུགས་པ།

ཕྱོགས་ཡོངས་ནས་གྱོད་དོན་ཐོ་འགོད་ལམ་ལུགས་ལག་བསྟར་དང་། ལག་བསྟར་བྱེད་དཀའ་བའི་གནད་དོན་གཞི་རྩའི་ཐོག་ཐག་གཅོད་བྱས་རྗེས། གཏུག་བཤེར་བྱེད་དཀའ་བ་དང་མང་ཚོགས་ཀྱིས་གཏུག་བཤེར་བྱེད་པར་སྟབས་བདེ་ཡོང་བར་དམིགས། ལོ་གཉིས་རིང་འབད་འཐབ་བྱས་པ་བརྒྱུད། རྒྱལ་ཡོངས་ཁྲིམས་ཁང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་གཅིག་འཐུས་རྣམ་པའི་སྣེ་མང་རྩོད་གཞི་ཐག་གཅོད་དང་གཏུག་བཤེར་ཞབས་ཞུའི་ལམ་སྲོལ་བཙུགས་ནས་མང་ཚོགས་ཀྱིས་དམངས་དོན་ཚོང་དོན་རྩོད་གཞི་ཐག་གཅོད་བྱ་རྒྱུར་ཚལ་ཐོ་རྣམ་པ་དང་། ལེགས་བསྡུས་ཞིབ་གཉེར་རྣམ་པ།གཅིག་འཐུས་རྣམ་པ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་དང་། སྣ་མང་ཅན་གྱི་རྩོད་གཞི་ཐག་གཅོད་ཀྱི་ཇུས་གཞི་དང་ཁེ་དབང་རྒུད་སྐྱོབ་ཀྱི་ཐབས་ལམ་མཁོ་འདོན་བྱས་པ། འགལ་ཟླ་དང་རྩོད་གཞི་དྲང་གཞག་དང་། ནུས་ཆེ། ངོ་བོའི་རང་བཞིན་བཅས་ཀྱི་སྒོ་ནས་སེལ་རྒྱུར་སྐུལ་འདེད་བཏང་བ་རེད།

སྟབས་གཅིག་ཅན་དང་སྣེ་མང་ཅན་གྱི་བར་འདུམ་ལམ་སྲོལ་ཡོངས་ཁྱབ་ཏུ་བཙུགས་ཡོད།

སྟབས་གཅིག་ཅན་གྱི་གཏུག་བཤེར་ཞབས་ཞུ་ལྟེ་གནས་གཞི་རྩའི་ཆ་ནས་བཙུགས་པ།

ས་ཁོངས་ལས་བརྒལ་བའི་གྱོད་གཞི་ཐོ་འགོད་ཞབས་ཞུ་ཡོངས་སུ་ཁྱབ་པར་བྱས།

ལྔ། ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་གཏོང་བར་ཤུགས་བརྒྱབ་པ།

ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཀྱི་ཕྱོགས་བསྡུས་ཆ་འགྲིག་བསྒྱུར་བཅོས་ཟབ་སྤེལ་བྱས་ཡོད།

གཏུག་བཤེར་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་བྱས་ཡོད།

ཁྲིམས་འཛིན་བསྒྱུར་བཅོས་དང་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་མཉམ་འདྲེས་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ།

ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་པའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ཡོད།

དྲུག ལྷག་བསམ་དག་ཅིང་སྤྱོད་པ་གཙང་ལ་འགན་འཁུར་ཕོད་པའི་ཁྲིམས་ཁང་གི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས།

ཆབ་སྲིད་ལེགས་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་དགོས།

ཁྲིམས་འཛིན་བྱེད་ནུས་ཆེ་རུ་བཏང་བ།

ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་འདེད་བཏང་བ།

བདུན། རང་རྟོགས་ཀྱིས་ལྟ་སྐུལ་དང་ལེན་བྱས་པ།

མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ཁྲིམས་མཐུན་ལྟར་དང་ལེན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཡོད། འཐུས་མིའི་དབང་ཆར་བརྩི་འཇོག་བྱེད་པ་ནི་མི་དམངས་ཀྱི་དབང་ཆར་བརྩི་འཇོག་བྱེད་པ་ཞིག་ཡིན་ཞིང་། འཐུས་མིས་གྲོས་ཞིབ་བྱེད་སྐབས་བཏོན་པའི་བསམ་འཆར་དང་གྲོས་འགོ1349ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་བ་དང་། རེ་རེ་བཞིན་དོན་འཁྱོལ་བྱས་ཏེ་ཁྲིམས་ཁང་གི་ལས་དོན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དང་ཕན་འབྲས་དངོས་ལ་བསྒྱུར་ཡོད། འཐུས་མིའི་གྲོས་འགོ་ངོ་གྲངས371དང་རྒྱུན་ལྡན་གྱི་གྲོས་འགོ་ངོ་གྲངས409ལ་དམིགས་ཏེ། གྲོས་གཞི་རེ་རེ་བཞིན་རྗེས་སྙེག་ཐག་གཅོད་དང་། སྤེལ་རེས་དང་ལྡོག་འདྲེན་ནན་ཏན་བྱས་པས། དྲག་ཤུགས་ཀྱིས་སྨན་བཅོས་རྨས་རིགས་ལ་ཉེས་ཆད་བཅད་པ། ཚོང་ལས་ཀྱི་གསང་དོན་སྲུང་སྐྱོང་བྱེད་པ་སོགས་ཀྱི་ལས་ཀར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། དམངས་གཙོའི་ལྟ་སྐུལ་རང་འགུལ་གྱིས་དང་ལེན་བྱས་པ་དང་། སྲིད་གྲོས་ཀྱི་གྲོས་གཞི147བསྒྲུབས་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མི་ཐེངས110ལྷག་ཙམ་ལ་བཅར་འདྲི་དང་སྣེ་ལེན་བྱས་ཡོད། ལྟ་ཞིབ་སྐོར་གྱི་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་བསྟར་ནས་རང་རྟོགས་ཀྱིས་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་ཁང་གི་ལས་བྱེད་མི་སྣར་ལྟ་སྐུལ་བྱེད་པ་དང་ལེན་བྱ་དགོས། ཁྲིམས་ལྟར་ཞིབ་དཔྱོད་ལས་ཁུངས་ཀྱི་གཏུག་བཤེར་ལྟ་སྐུལ་དང་ལེན་དང་། བསྐྱར་གཅོད་ཡོང་རེ་ཞུས་པའི་གྱོད་དོན་ཞིབ་གཅོད་དྲང་གཞགཞིབ་དཔྱོད་ཀྱི་གྲོས་འགོ་ནན་ཏན་གྱིས་བསྒྲུབས་པ་བཅས་བྱས་ཡོད།

“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་སྐབས་སུ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་དང་གོམ་པ་མཉམ་སྤོ་བྱས་ཏེ། མི་དམངས་ཁྲིམས་ཁང་གི་ལས་དོན་ལ་འཕོ་འགྱུར་གཏིང་ཟབ་བྱུང་བ་དང་ཡར་རྒྱས་མགྱོགས་པོ་བྱུང་ཡོད། དུས་རབས་གསར་པའི་ཁྲིམས་འཛིན་འདུ་ཤེས་ཡང་དག་པ་བརྟན་པོ་བཙུགས། འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་དུ་འགྱུར་ཚད་མགྱོགས་སུ་བཏང་བ། ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་དང་བློ་རིག་ཁྲིམས་ཁང་འཛུགས་སྐྱོང་ལ་འཕེལ་རྒྱས་ཆེན་པོ་བྱུང་བ། འགུལ་རྣམ་ཕྱི་གསལ་ནང་གསལ་དང་དམངས་ཕན་གྱི་ཀུན་གསལ་ཁྲིམས་འཛིན་ལམ་སྲོལ་འཐུས་ཚང་དང་བཟོ་དབྱིབས་གཏན་འཁེལ་བྱས། གྱོད་དོན་ཐོ་འགོད་བྱེད་དཀའ་བ་ཐག་གཅོད་ཐུབ་པ་དང་།“ལག་བསྟར་བྱེད་དཀའ་བ་གཞི་རྩའི་ཆ་ནས་ཐག་གཅོད་བྱེད་པའི”དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཐུབ་པ།གཅིག་འཐུས་རྣམ་པའི་སྣེ་མང་འདུམ་འགྲིག་དང་གཏུག་བཤེར་ཞབས་ཞུའི་མ་ལག་རྩ་བའི་ཆ་ནས་བསྐྲུན་ཟིན་པ། ལོ་རྒྱུས་ཐོག་ཆགས་པའི་ཉེས་མེད་ཉེས་འགེལ་གྱི་གྱོད་གཞི་ཚབས་ཆེན་ཁག་གཅིག་ཁྲིམས་ལྟར་ཡོ་བསྲང་ཐུབ་པ།“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”ཁྲོད་གཏན་འཁེལ་བྱས་པའི“ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ”དང“འགྲོ་བ་མིའི་ཐོབ་ཐང་འགན་ལེན་ཏན་ཏིག་ཐུབ་པ། ཐོན་དབང་སྲུང་སྐྱོང་ནུས་ལྡན་ཐོབ་པ”སོགས་ཀྱི་དམིགས་ཚད་ལས་འགན་ཅུང་ལེགས་པའི་སྒོ་ནས་ལེགས་བསྒྲུབས་ཐུབ་ཡོད།

མི་དམངས་ཁྲིམས་ཁང་གི་ལས་དོན་ལ་ད་དུང་གནད་དོན་མི་ཉུང་བ་ཞིག་གནས་ཡོད་པ་སྟེ། གཅིག་ནི་ཁྲིམས་འཛིན་འདུ་ཤེས་དེ་འཕེལ་རྒྱས་འདུ་ཤེས་གསར་པའི་བླང་བྱ་དང་བསྡུར་ན་ཧེ་བག་ཡོད། གཉིས་ནི་ཁྲིམས་འཛིན་ནུས་པ་ད་དུང་མི་འདང་བ་དང་། ཁྱོན་ཡོངས་ལ་གནད་སྨིན་ཞབས་ཞུ་དང་། ཉེན་ཁ་སྔོན་ཟོན་དང་འདུམ་གཅོད། མང་ཚོགས་ཀྱི་སྣ་མང་ཅན་གྱི་ཁྲིམས་འཛིན་དགོས་མཁོ་སྐོང་བ་བཅས་ལ་ཞིབ་འཇུག་བྱ་རྒྱུ་མི་འདང་བ་རེད། གསུམ་ནི་ཁྲིམས་འཛིན་བསྒྱུར་བཅོས་མ་ལག་ཕྱོགས་བསྡུས་དང་། མཉམ་སྒྲུབ་ལས་ཆོད་ཆེ་བར་ད་དུང་ཤུགས་སྣོན་རྒྱག་དགོས། བཞི་ནི་ཁྲིམས་འཛིན་ཁྱབ་ཁོངས་སུ་རུལ་སུངས་ཀྱི་གནད་དོན་སྔར་བཞིན་ཐོན་བཞིན་ཡོད་པ་དང་། ཁྲིམས་དཔོན་ལ་ལས་རྒྱུ་ཟ་ཁྲིམས་འགལ་དང་ཉེར་ཕྱོགས་ཁྲིམས་འགལ་བྱས་ནས་ཁྲིམས་སྐྱོང་གི་དབང་གྲགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། ལྔ་ནི་དཔུང་ཁག་འཛུགས་སྐྱོང་ལ་ད་དུང་ཞན་ཆ་ཡོད་པ་དང་། ཁྱབ་ཁོངས་ཁ་ཤས་སུ་ཆེད་ལས་ཅན་གྱི་འདྲི་གཅོད་ཤེས་ལྡན་མི་སྣ་དཀོན་པ་དང་། ཚན་རིག་དང་མཐུན་ཞིང་འཐུས་སྒོ་ཚང་བའི་ཁྲིམས་འཛིན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མ་ལག་ད་དུང་ཆགས་མེད། དྲུག་ནི་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ལྷུ་ཚིགས་ཞན་ས་ཡོད་པ་དང་། ས་གནས་ཁ་ཤས་ཀྱི་མི་དམངས་ཁྲིམས་ར་འཛུགས་སྐྲུན་བྱེད་པར་ཧེ་བག་ཡོད་པ་བཅས་ཡིན།

4 སླད་མའི་ལས་དོན་གཙོ་བོ།

གཅིག་ནས་ཆབ་སྲིད་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

གཉིས་ནི་ཁྱོན་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུ་དགོས།

གསུམ་ནི་དམངས་དོན་དུ་ཁྲིམས་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས།

བཞི་ནི་ཁྲིམས་འཛིན་དྲང་གཞག་ནན་པོ་བྱ་དགོས།

ལྔ་ནི་ཁྲིམས་འཛིན་བསྒྱུར་བཅོས་ཟབ་སྤེལ་བྱས་ཡོད།

དྲུག་ནི་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་འཛུགས་སྐྱོང་བྱ་དགོས།


དཔྱད་གཞིའི་ཡིག་ཆ།