ཨན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-03-24 15:58ལ་འགྲུབ།

ཨན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།

ཨན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།
ཨན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ནི་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་འགོ་ཁྲིད་ལས་ཁུངས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安阳市人民检察院
ཕྱི་ཡིག་གི་མིང་།
Anyang People's Procuratorate
ལས་ཐོག་འགོ་ཁྲིད།
ཁྲང་ཧྥེང་ལིན།
ཁོངས་གཏོགས་ལས་ཁུངས།
ཧུ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་།
1 ངོ་སྤྲོད།

ཨན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ནི་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་འགོ་ཁྲིད་ལས་ཁུངས་ཡིན་ཞིང་། གྲོང་ཁྱེར་ཏང་ཨུ་དང་ཧོ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་དང་ལེན་བྱེད་པ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་ལ་འགན་འཁུར་བ་དང་ལས་དོན་སྙན་ཞུ་བྱེད་པ། གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་ཡིན།

2 སྒྲིག་གཞིའི་སྒྲིག་ཁོངས།

ཨན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་མངའ་འོག་ཏུ་རྫོང་(གྲོང་ཁྱེར)དང་ཆུས9ཡི་ཞིབ་དཔྱོད་ཁང་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་སུ་ཁྱོན་བསྡོམས་ཞིབ་དཔྱོད་མི་སྣ1138ཡོད། དེའི་ཁྲོད་གྲོང་ཁྱེར་གྱི་ཞིབ་དཔྱོད་ཁང་གི་ལས་ཁུངས་ནང་དུ་ཁྲུའུ(ཅུའུ་དང་ཁང)19དང་། མངག་གཏོང་ལས་ཁུངས5 དོན་ལས་སྡེ་ཚན2བཅས་བཙུགས་ཡོད། ད་ཡོད་ཞིབ་དཔྱོད་མི་སྣ203ཡོད་པའི་ནང་ཞིབ་དཔྱོད་དཔོན་གྱི་གོ་གནས་ཡོད་མཁན་མི137དང་། དེ་མིན་བྱ་ལས་སྒྲིག་ཁོངས་མི་གྲངས22ཡོད།

3 ལས་ཐོག་འགོ་ཁྲིད།

ཨན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཞིབ་དཔྱོད་འགོ་འཛིན། ཁྲང་ཧྥེང་ལིན།

ཨན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཞིབ་དཔྱོད་དཔོན་གཞོན་པ། ཡན་ཀོན་ཁྲེང་།

ཨན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་། ཞིབ་དཔྱོད་དཔོན་གཞོན་པ། ལྐོག་ཟ་ལྐོག་རྔན་སྤྲོད་ལེན་ངོ་རྒོལ་ཅུའི་ཅུའུ་ཀྲང་། ཝང་པའོ།

ཨན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་། ཞིབ་དཔྱོད་འགོ་འཛིན་གཞོན་པ། ཧྲི་ཅང་ཕིན།

ཨན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་། ཞིབ་དཔྱོད་འགོ་འཛིན་གཞོན་པ། ཧུའུ་ཡན་ལུང་།

ཨན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་སྒྲིག་བཤེར་ཚོ་ཆུང་གི་འགོ་འཛིན། ལིའུ་ཧོ་ཆོན།

ཨན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཁོངས་མི། ཝང་ཅིན་ཞའོ།

ཨན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡི་ཁོངས་མི་དང་། འགན་འཛོལ་སྤྲོད་ལེན་ངོ་རྒོལ་དབང་ཆའི་བཙན་འཛུལ་ཅུའི་ཅུའུ་ཀྲང་། ལུའུ་ཁྲང་ཡུང་།

4 ​གཟི་བརྗིད་མཚན་སྙན།

སྤྱི་ལོ2015ལོའི་ཟླ2པར་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ལྷན་གྱིས་གནང་བའི་སྐབས་བཞི་པའི་རྒྱལ་ཡོངས་དཔལ་ཡོན་ཚན་པའི་གཟི་བརྗིད་མཚན་སྙན་ཐོབ།


དཔྱད་གཞིའི་ཡིག་ཆ།