ཅའོ་ཙུའོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-03-24 15:27ལ་འགྲུབ།

ཅའོ་ཙུའོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།

ཅའོ་ཙུའོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།
ཅའོ་ཙུའོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ནི་ཅའོ་ཙུའོ་གྲོང་ཁྱེར་གྱི་ས་གནས་སྲིད་གཞུང་གིས་གྱོད་གཞི་ཞིབ་གཅོད་བྱེད་པའི་སྲིད་གཞུང་གི་སྒྲིག་གཞི་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
焦作市人民检察院
ངོ་བོ།
སྲིད་གཞུང་ལས་ཁུངས།
ཁོངས་གཏོགས་ས་ཁུལ།
ཧུ་ནན་ཞིང་ཆེན་ཅའོ་ཙུའོ་གྲོང་ཁྱེར།
གནས་ཡུལ།
ཅའོ་ཙུའོ་གྲོང་ཁྱེར།
1 ངོ་སྤྲོད།

ཅའོ་ཙུའོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ནི་ཅའོ་ཙུའོ་གྲོང་ཁྱེར་གྱི་ས་གནས་སྲིད་གཞུང་གིས་གྱོད་གཞི་ཞིབ་གཅོད་བྱེད་པའི་སྲིད་གཞུང་གི་སྒྲིག་གཞི་ཞིག་ཡིན།  ཏང་ཙུའུ་ཡི་ཁོངས་མི8ཡོད་པའི་ནང་ཞིབ་དཔྱོད་དཔོན་རྒན་གཞོན1དང་། སྒྲིག་བཤེར་ཙུའུ་ཀྲང་དང་ཆབ་སྲིད་པུའི་ཀྲུའུ་རེན1བཅས་ཡོད། གྲོང་ཁྱེར་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན18ཡོད་པའི་ནང་ཆེད་བསྐོས་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན2ཡོད།

2 ནང་བཙུགས་ལས་ཁུངས།

གྲོང་ཁྱེར་ཞིབ་དཔྱོད་ཁང་དུ་ནང་བཙུགས་ལས་ཁུངས16བཙུགས་ཡོད་པ་སྟེ། གཞུང་ལས་ཁང་དང་། ཆབ་སྲིད་པུའུ། མྱུལ་ཞིབ་ལྟ་སྐུལ་ཁྲུའུ། གཞུང་ཕྱོགས་གཏུག་བཤེར་ཁྲུའུ། ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་ཁྲུའུ། ཉེས་དོན་ལག་བསྟར་ཞིབ་དཔྱོད་ཅུའུ། དམངས་དོན་སྲིད་འཛིན་ཞིབ་དཔྱོད་ཁྲུའུ། ཞུ་གཏུག་ཞུ་སྦྱོར་ཞིབ་དཔྱོད་ཁྲུའུ། ཞིབ་དཔྱོད་ལག་རྩལ་ཁྲུའུ། བཅའ་ཁྲིམས་སྲིད་ཇུས་ཞིབ་འཇུག་ཁང་། གྱོད་གཞི་དོ་དམ་གཞུང་ལས་ཁང་། འཆར་གཞིའི་ནོར་དོན་སྒྲིག་ཆས་ཁྲུའུ་བཅས་ཡོད་པ་དང་། ཁོངས་གཏོགས་ཀྱི་བྱ་གཞག་ཚན་པ2སྟེ། གཏུག་བཤེར་ཞབས་ཞུ་ལྟེ་གནས་དང་ལས་ཁུངས་རྒྱབ་ཕྱོགས་ཞབས་ཞུ་ལྟེ་གནས་ཡིན། སྤྱི་ཚོགས་ཀྱི་ཚོགས་པ1གཙོ་གཉེར་བྱེད་པ་སྟེ། ཅའོ་ཙུའོ་གྲོང་ཁྱེར་ཞིབ་དཔྱོད་སློབ་ཚོགས་ཡིན།

3 མངགས་གཏོང་ལས་ཁུངས།

ཅའོ་ཙུའོ་གྲོང་ཁྱེར་གྱི་མངའ་འོག་ཏུ་གཞི་རིམ་ཞིབ་དཔྱོད་ཁང10ཡོད་པ་སྟེ། ཆིན་དབྱང་གྲོང་ཁྱེར་ཞིབ་དཔྱོད་དང་། མེང་ཀྲོའུ་གྲོང་ཁྱེར་ཞིབ་དཔྱོད་ཁང་། ཝུན་རྫོང་ཞིབ་དཔྱོད་ཁང་། པོ་ཨའེ་རྫོང་ཞིབ་དཔྱོད་ཁང་། ཝུའུ་ཡུས་རྫོང་ཞིབ་དཔྱོད་ཁང་། ཞིའུ་ཝུའུ་རྫོང་ཞིབ་དཔྱོད་ཁང་། ཅེ་ཧྥང་ཆུས་ཞིབ་དཔྱོད་ཁང་། ཧྲན་དབྱང་ཆུས་ཞིབ་དཔྱོད་ཁང་། ཀྲུང་ཀྲན་ཆུས་ཞིབ་དཔྱོད་ཁང་། མ་ཚུན་ཆུས་ཞིབ་དཔྱོད་ཁང་བཅས་ཡིན།

4 ​གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ11པར་ཀྲུང་དབྱང་གི་བསམ་པའི་དཔལ་ཡོན་འཛུགས་སྤེལ་གྱི་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས་གནང་བའི“སྐབས་ལྔ་བའི་རྒྱལ་ཡོངས་དཔལ་ཡོན་སྡེ་ཚན”གྱི་གཟི་བརྗིད་མཚན་སྙན་ཐོབ།

སྤྱི་ལོ2020ལོའི་ཟླ10བའི་ཚེས14ཉིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས“རྒྱལ་ཡོངས་གཞི་རིམ་ཞིབ་དཔྱོད་ཁང་འཛུགས་སྐྱོང་གི་རྩ་འཛུགས”བྱ་དགའ་གནང་།


དཔྱད་གཞིའི་ཡིག་ཆ།