ཅའོ་ཙུའོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-03-24 15:34ལ་འགྲུབ།

ཅའོ་ཙུའོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།

ཅའོ་ཙུའོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།
ཅའོ་ཙུའོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1952ལོའི་ཟླ9བར་བཙུགས་ཤིང་། དེ་སྔ་ཅའོ་ཙུའོ་གཏེར་ཁུལ་གྱི་མི་དམངས་ཁྲིམས་ཁང་ཡིན་པ་དང་། ཅའོ་ཙུའོ་གྲོང་ཁྱེར་ཅེ་ཧྥང་ཆུས་ཀྲན་ཆན་ལམ་ཨང86པར་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
焦作市中级人民法院
སྦྲག་སྲིད་ཨང་རྟགས།
454000
འབྲེལ་གཏུག་ཁ་པར།
0391-3386111
བཙུགས་ལོ།
སྤྱི་ལོ1952ལོ།
མི་གྲངས།
མི250ཡོད།
ཁོངས་གཏོགས་ས་ཁུལ།
ཅའོ་ཙུའོ་གྲོང་ཁྱེར་ཅེ་ཧྥང་ཆུས།
ཡོན་ཀྲང་།
ཝང་པོ།
གནས་ཡུལ།
ཅའོ་ཙུའོ་གྲོང་ཁྱེར་ཅེ་ཧྥང་ཆུས་ཀྲན་ཆན་ལམ་ཨང86པ།
1 ​ངོ་སྤྲོད།

ཅའོ་ཙུའོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1952ལོའི་ཟླ9བར་བཙུགས་ཤིང་། དེ་སྔ་ཅའོ་ཙུའོ་གཏེར་ཁུལ་གྱི་མི་དམངས་ཁྲིམས་ཁང་ཡིན་པ་དང་། ད་ལྟ་མི་གྲངས250ཡོད། དེའི་ནང་ལས་བྱེད་པ་དང་ཉེན་རྟོག་པ188(ད་ཡོད་མི་གྲངས་ཀྱི75.22%བཟུང་བ)དང་བུད་མེད་ལས་བྱེད་པ་དང་ཉེན་རྟོག་པ62(ད་ལྟའི་མི་གྲངས་ཀྱི24.88%བཟུང་བ)ཡོད་པ་དང་། རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན་པ14(ད་ཡོད་མི་གྲངས་ཀྱི་བརྒྱ་ཆའི660ཟིན)དང་། སློབ་ཆེན་གྱི་སློབ་རྒྱུས་ལྡན་པ196(ད་ལྟ་ཡོད་པའི་མི་གྲངས་ཀྱི78.44%བཟུང་བ)ཆེད་སྦྱོང་གི་སློབ་རྒྱུས་ལྡན་པའི་མི34(ད་ཡོད་མི་གྲངས་ཀྱི13.66%ཟིན་པ)བཅས་ཡོད།

2 ལས་ཐོག་འགོ་ཁྲིད།

ཡོན་ཀྲང་། ཝང་པོ། 

3 ནང་ཁུལ་གྱི་སྒྲིག་གཞི།

ཅའོ་ཙུའོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ནང་ཁུལ་གྱི་སྒྲིག་གཞི31བཙུགས་ཡོད་པ་སྟེ། གཞུང་ལས་ཁང་དང་། མི་དོན་ཁྲུའུ། དྲིལ་བསྒྲགས་སློབ་གསོ་ཁྲུའུ། ལས་བྲལ་ལས་འཁྱུར་ངལ་གསོ་ཁྲུའུ། གྱོད་དོན་ཐོ་འགོད་ཁྲིམས་ར་དང་པོ། གྱོད་དོན་ཐོ་འགོད་ཁྲིམས་ར་གཉིས་པ། ཉེས་དོན་ཁྲིམས་ར་དང་པོ། དམངས་དོན་ཁྲིམས་ར་གཉིས་པ། སྲིད་འཛིན་ཁྲིམས་ར། རིམ་པ་གཉིས་པའི་ལས་ཁུངས2ཡོད་པ་སྟེ། གསོ་སྦྱོང་ལྟེ་གནས་དང་རྒྱབ་ཕྱོགས་ཞབས་ཞུ་ལྟེ་གནས་བཅས་ཡིན།

4 གཟི་བརྗིད་མཚན་སྙན།

སྤྱི་ལོ2009ལོ་ནསསྤྱི་ལོ2012ལོའི་བར་བསྟུད་མར་ལོ་བཞི་ལ་ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་འབྲིང་རིམ་ཁྲིམས་ཁང་ལ་བདམས།

སྤྱི་ལོ2010ལོའི་ཟླ3པར“རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྔོན་ཐོན་ཐུན་མོང”དུ་གཟེངས་བསྟོད་བྱས།

སྤྱི་ལོ2011ལོའི་ཟླ2པར“ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགལ་བ་སེལ་བའི་ལས་ཀའི”སྔོན་ཐོན་ལས་ཁུངས་སུ་གཟེངས་བསྟོད་བྱས།

སྤྱི་ལོ2011ལོའི་ཟླ6པར“རྒྱལ་ཡོངས་ཁྲིམས་ཁང་གི་ཏང་འཛུགས་སྐྱོང་ལས་ཀའི་སྔོན་ཐོན་ཐུན་མོང”དུ་གཟེངས་བསྟོད་བྱས།

སྤྱི་ལོ2012ལོའི་ཟླ1པོར་ཞིང་ཆེན་ཁྲིམས་ཁང་གིས་ཐུན་མོང་བྱས་རྗེས་རིམ་པ་གཉིས་པ་བཀོད།

སྤྱི་ལོ2012ལོའི་ཟླ9བར་ཆེས་མཐོའི་ཁྲིམས་ཁང་གིས་ཐུན་མོང་གི་བྱས་རྗེས་རིམ་པ་དང་པོ་བཀོད།

སྤྱི་ལོ2017ལོའི་ཟླ11པར་རྒྱལ་ཡོངས་དཔལ་ཡོན་ཚན་པ་སྐབས་ལྔ་བ་ཐོབ།

སྤྱི་ལོ2020ལོའི་ཟླ3པར་ཅའོ་ཙུའོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལག་བསྟར་ཅུའུ་ཧོ་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཐུན་མོང་བྱས་རྗེས་རིམ་པ་གཉིས་པ་བཀོད།


དཔྱད་གཞིའི་ཡིག་ཆ།