ཧྲང་ཆིའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་གྲོང་ཁྱེར་ཡོངས་ཀྱི་མྱུལ་ཞིབ་ལས་དོན་ལ་མཛུབ་ཁྲིད་དང་སྒྲིག་འཛུགས་བྱ་རྒྱུ། ཉེན་ཆེའི་གྱོད་གཞི་དང་། བདེ་འཇགས་དོན་རྐྱེན། ཟིང་ཆ་བཅས་རིགས་ཁག་མཐུན་སྦྱོར་ཐག་གཅོད་བྱེད་པའི་མི་དམངས་སྲིད་གཞུང་ཁོངས་གཏོགས་ཀྱི་ལས་ཁུངས་ཤིག་ཡིན།
ཧྲང་ཆིའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་རུ་འཕྲིན་གཏོང་ཁྲུའུ་དང་། དྲིལ་བསྒྲགས་ཁང་། སྲིད་འཛིན་ནོར་དོན་ཁང་། ཁྲིམས་ར་ཁྲུའུ་། རྒྱལ་མཚམས་འགྲོ་འོང་དོ་དམ་ཁྲུའུ། ལྟ་ཞིབ་ཁྲུའུ། ཚན་རིག་ལག་རྩལ་ཁྲུའུ། ཉེན་ཟོན་པུའུ། ཞུ་གཏུག་དང་རྒྱུ་མཚན་ཞུ་གཅོད་ཁྲུའུ། དྲ་ལྟ་སྐུལ་ཡན་ལག་རུ་ཁག ཉེན་སྲུང་ཁྲུའུ། ཆབ་སྲིད་ཁྲུའུ། ཧྲང་ཆིའུ་གྲོང་ཁྱེར་སྤྱི་བདེ་ཅུའི་ཉེན་རྟོག་དཔོན་གསོ་སྦྱོང་སློབ་གྲྭ། ཀྲུང་གུང་ཧྲང་ཆིའུ་གྲོང་ཁྱེར་སྤྱི་བདེ་ཅུའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཧྲང་ཆིའུ་གྲོང་ཁྱེར་སྤྱི་བདེ་ཅུའི་ལས་ཁུངས་རྒྱབ་ཕྱོགས་ཞབས་ཞུ་ལྟེ་གནས་བཅས་ཡོད།
ཧྲང་ཆིའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་རུ་ལྟ་སྐུལ་དོ་དམ་རུ་ཁག་དང་། དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་ཡན་ལག་རུ་ཁག དུག་འགོག་ཁྲུའུ། སྤྱི་བདེ་མེ་གསོད་ཡན་ལག་རུ་ཁག ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག བདེ་སྲུང་དོ་དམ་ཡན་ལག་རུ་ཁག ཆན་ཅིན་མངགས་གཏོང་ཁང་། ཕིང་ཡོན་མངགས་གཏོང་ཁང་། པའེ་ཡུན་མངག་གཏོང་ཁང་། ཀྲུང་ཀྲོའུ་མངགས་གཏོང་ཁང་། ཅན་ཧྲེ་མངགས་གཏོང་ཁང་། ཞིན་ཁྲེང་མངགས་གཏོང་ཁང་། ཏུང་ཧྥེང་མངག་གཏོང་ཁང་། ཀུའུ་སུང་མངག་གཏོང་ཁང་། པོ་ཨེ་མངགས་གཏོང་ཁང་། གསར་སྤེལ་ཁུལ་མངགས་གཏོང་ཁང་བཅས་ཡོད།
ལི་ཅན་ཚང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་། གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི། ཅུའུ་ཀྲང་། ལྟ་ཞིབ་དཔོན་བཅས་ཀྱི་འགན་བཞེས།
ཀོ་ཀང་། གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དང་ཅུའུ་ཀྲང་གཞོན་པའི་འགན་བཞེས།(ཁྲུའུ་རིམ་པ་རྒན་པ)
ཀྲང་ཅན་ཧྭ། གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དང་ཅུའུ་ཀྲང་གཞོན་པའི་འགན་བཞེས།
ཀྲའོ་ཆི་ཀྲུང་། གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དང་། ཅུའུ་ཀྲང་གཞོན་པའི་འགན་བཞེས།
ཝང་ཡུའུ་ཁུན། གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དང་ཅུའུ་ཀྲང་གཞོན་པའི་འགན་བཞེས།
ལིང་ཧྥུའུ་ཀུའོ། གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དང་ཅུའུ་ཀྲང་གཞོན་པའི་འགན་བཞེས།
ཝང་ཏུང་ཧྲེང་། གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དང་ཅུའུ་ཀྲང་གཞོན་པའི་འགན་བཞེས།
ཀྲང་པའོ་ཁྲེང་། གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དང་སྒྲིག་ཨུའི་ཧྲུའུ་ཅིའི་འགན་བཞེས།
ལི་ཀྲི་ཧྥེང་། གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དང་སུའེ་དབྱང་སྤྱི་བདེ་ཡན་ལག་ཅུའི་ཅུའུ་ཀྲང་གི་འགན་བཞེས།
ཀྲའོ་ཡུའུ་ཀང་། གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དང་། ལིང་ཡོན་སྤྱི་བདེ་ཡན་ལག་ཅུའི་ཅུའུ་ཀྲང་གི་འགན་བཞེས།
སུང་ཏུང་ཞའོ། གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དང་རྒྱལ་ཁབ་སྲུང་སྐྱོང་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་གྱི་འགོ་འཛིན་གྱི་འགན་བཞེས།
ལི་ཞན་ཁུའེ། གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དང་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་གྱི་འགོ་འཛིན་གྱི་འགན་བཞེས།