ཏང་གི་ལོ་རྒྱུས་ཤེས་བྱ་ཆིག་བརྒྱ་མ།(2)སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2021-03-24 15:08ལ་འགྲུབ།

ཏང་གི་ལོ་རྒྱུས་ཤེས་བྱ་ཆིག་བརྒྱ་མ།(2)

ཏང་གི་ལོ་རྒྱུས་ཤེས་བྱ་ཆིག་བརྒྱ་མ།(2)
གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པའི་རིང་གི་ལོ་རྒྱུས་དོན་རྐྱེན་གལ་ཆེན་དག་ལ་བྱ་ཞིང་། དེ་ནི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་གཏོད་བཅས་ལ་དོན་སྙིང་གིས་ཕྱུག་པ་ཞིག་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党史知识100讲(2)
རིགས་དབྱེ།
ཆབ་སྲིད་ལོ་རྒྱུས།
1 ངོ་སྤྲོད།

གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པའི་རིང་གི་ལོ་རྒྱུས་དོན་རྐྱེན་གལ་ཆེན་དག་ལ་བྱ་ཞིང་། དེ་ནི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་གཏོད་བཅས་ལ་དོན་སྙིང་གིས་ཕྱུག་པ་ཞིག་གོ། 

2 ནང་དོན་དངོས། 

ཉི་ཤུ། 

དམར་དམག་རྒྱང་སྐྱོད་ནི་སྤྱི་ལོ1934ལོའི་ཟླ10པར་མགོ་བརྩམས་ཤིང་སྤྱི་ལོ1936ལོའི་ཟླ10པར་མཇུག་བསྡུས་པ་ཡིན།

ཉེར་གཅིག

སྤྱི་ལོ1927ལོའི་ཟླ9པའི་ཚེས29ཉིན་ནས་ཟླ10པའི་ཚེས3ཉིན་བར། མའོ་ཙེ་ཏུང་གིས་ཅང་ཞི་ཞིང་ཆེན་ཡོང་ཞིན་རྫོང་སན་བཱན་སྡེ་བ་ནས་འཛམ་གླིང་དུ་མིང་དུ་གྲགས་པའི"སན་བན་བཅོས་སྒྲིག"ལ་མགོ་ཁྲིད་བྱས་ཏེ། ཆབ་སྲིད་དང་རྩ་འཛུགས་ཕྱོགས་ནས་ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་མགོ་ཁྲིད་བྱེད་པར་ཁག་ཐེག་བྱས་པས། དེ་ནི་ང་ཚོའི་ཏང་གིས་རྣམ་པ་གསར་བའི་མི་དམངས་དམག་དཔུང་འཛུགས་པའི་ཕྱོགས་ལ་བླངས་པའི་ཆེས་ཐོག་མའི་རྒྱལ་ཁའི་འཚོལ་ཞིབ་དང་ལག་ལེན་ཡིན་ཞིང་། དེར་བརྟེན་མའོ་ཙེ་ཏུང་གི་མི་དམངས་དམག་དཔུང་སྒྲིག་འཛུགས་ཕྱོགས་ཀྱི་བསམ་བློ་གྲུབ་མགོ་བརྩམས་པ་མཚོན་ཡོད།

ཉེར་གཉིས།

《བརྒྱད་གཅིག་བསྒྲགས་གཏམ》གྱི་མིང་ཆ་ཚང་ནི་ཀྲུང་གོ་སུའུ་ཝེ་ཨེད་སྲིད་གཞུང་དང་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་གིས་རི་འགོག་རྒྱལ་སྐྱོབ་བྱེད་ཆེད་སྤུན་ཟླ་ཡོངས་ལ་ཕུལ་བའི་འཕྲིན་ཡིག་ཅེས་པ་དེ་ཡིན།

ཉེར་གསུམ།

སྤྱི་ལོ1935ལོའི་ཟླ1པོའི་ཚེས15ཉིན་ནས་ཚེས17ཉིན་བར། ཙུན་དབྱི་གྲོས་ཚོགས་འཚོགས།

 ཉེར་བཞི།

ཙུན་དབྱི་གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ནི་པོ་ཀུའུ་དང་ལི་ཏེ་སོགས་ཀྱི་ནོར་འཁྲུལ་ཅན་གྱི་ཆབ་སྲིད་ལམ་ཕྱོགས་དང་དམག་དོན་ལམ་ཕྱོགས་ལ་དགག་པ་དང་། མའོ་ཙེ་ཏུང་གི་དམག་དོན་དམག་འཐབ་ཀྱི་གཞི་རྩའི་རྩ་དོན་གཏན་འཁེལ། ཏང་དང་དམར་དམག་གི་མགོ་ཁྲིད་བསྐྱར་སྒྲིག་བྱས་པ་ནི། དོན་དངོས་སུ་མའོ་ཙེ་ཏུང་གི་ཏང་དང་དམར་དམག་ཁྲོད་ཀྱི་མགོ་ཁྲིད་གོ་གནས་གཏན་འཁེལ་བྱས་པ་ཡིན།

ཉེར་ལྔ།

སྤྱི་ལོ1936ལོའི་ཟླ10པར། དམར་དམག་གི་དམག་དཔུང་སྒར་ཆེན་བཞི་པ་དང་གཉིས་པས་སྔ་རྗེས་སུ་དམར་དམག་གི་དམག་དཔུང་སྒར་ཆེན་དང་པོ་དང་ཀན་སུའུ་ཧུའེ་ཉིང་དང་ཅིང་ཉིན་ཅང་ཐའེ་པའོ་གཉིས་ནས་ལྷན་དུ་འཛོམས་པས། རྒྱལ་ཁའི་ངང་དམར་དམག་རྒྱང་སྐྱོད་ཀྱི་མཇུག་བསྒྲིལ།

ཉེར་དྲུག

ཡན་ཨན་ཀུན་སྤྱོད་དག་ཐེར་ལས་འགུལ་གྱི་གཞི་རྩའི་བྱེད་ཕྱོགས་ནི“སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ”བྱ་རྒྱུ་དེ་ཡིན། 

ཉེར་བདུན།

ཝ་ཡའོ་པའོ་གྲོས་ཚོགས་ཀྱི་ནང་དོན་ནི། གྲོས་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་ཆབ་སྲིད་གནས་བབ་དང་ཏང་གི་ཐབས་ཇུས་ལམ་ཕྱོགས། དམག་དོན་འཐབ་ཇུས་བཅས་རྩ་གནད་དུ་བཟུང་ནས་གྲོས་བསྡུར་བྱས་ཤིང་། རི་འགོག་དམག་འཁྲུག་གི་མི་རིགས་འཐབ་ཕྱོགས་གཅིག་གྱུར་ཐབས་ཇུས་གསར་བ་འཛུགས་སྐྲུན་བྱེད་པ་གཏན་འཁེལ་བྱས་ཤིང་། དེར་བསྟུན་བྱེ་བྲག་གི་སྲིད་ཇུས་སྣ་ཚོགས་ལ་ཡང་སྙོམས་སྒྲིག་བྱས། གྲོས་ཚོགས་སྟེང《ཀྲུང་དབྱང་གི་དམག་དོན་འཐབ་ཕྱོགས་གནད་དོན་སྐོར་གྱི་ཆོད་ཡིག》དང《ཀྲུང་དབྱང་གི་མིག་སྔའི་ཆབ་སྲིད་གནས་བབ་དང་ཏང་གི་ལས་འགན་སྐོར་གྱི་ཆོད་ཡིག》ལ་གྲོས་མཐུན་བྱུང་།

 ཉེར་བརྒྱད།

སྤྱི་ལོ1936ལོའི་ཟླ12པའི་ཚེས12ཉིན། ཞི་ཨན་དུས་འགྱུར་བྱུང་།

ཉེར་དགུ།

མདའ་ཤོག་བརྒྱའི་གཡུལ་འགྱེད་ནི། ཀྲུང་གོའི་རི་འགོག་དམག་འཁྲུག་གི་སྐབས། གུང་ཁྲན་ཏང་གི་དབུ་ཁྲིད་འོག་དམག་སྡེ་བརྒྱད་པའི་ཅིན་ཁྲ་ཅི་དམག་ཁུལ་གྱི་སྟོང་ཤོག་བརྒྱ་དང་ཉེར་དགུ་པ། སྟོང་ཤོག་བརྒྱ་དང་ཉི་ཤུ་པ་བཅས་ལ་སྤྱི་ཁྱབ་པུའུ་ཡིས་གཅིག་གྱུར་བཀོད་འདོམས་བྱས་འོག ཀྲིན་ཐའེ་ལྕགས་ལམ(ཧྲི་ཅ་ཀྲོང་ནས་ཐའེ་ཡོན་བར)འཐབ་གནས་གཙོ་བོར་བཟུང་པའི་གཏོར་རྒོལ་དམག་འཁྲུག་བསླངས་ཤིང་། དམག་འཁྲུག་ཏུ་ཞུགས་པའི་དམག་སྡེ་བརྒྱད་པར་མདའ་ཤོག105ལྷག་ཡོད་པས་མདའ་ཤོག་བརྒྱའི་གཡུལ་འགྱེད་ཅེས་པའི་མཚན་སྙན་ཐོབ།

   སུམ་ཅུ།

ཝན་ནན་དུས་འགྱུར་ནི། སྤྱི་ལོ1941ལོའི་ཟླ1པོའི་ཚེས4ཉིན། དམག་སྡེ་བཞི་པའི་དམག་ཤོག་དང་། དེའི་ཁོངས་གཏོགས་ཡན་ལག་རུ་ཁག་གི་དམག་མི9000ལྷག་ཡོན་ལིན་རི་བོ་ནས་བྱང་ཕྱོགས་སུ་བསྐྱོད་མགོ་བརྩམས།ཚེས6ཉིན། ཨན་ཧའེ་ཞིང་ཆེན་གྱི་ཅིན་རྫོང་མའོ་ལིན་ལ་འབྱོར་དུས། གོ་མིན་ཏང་དམག་དཔུང་གི་དམག་མི་ཁྲི8ལྷག་གིས་འཇབ་རྒོལ་ཐེབས་པས། དམག་སྡེ་བཞི་པས་ཉིན་མཚན་མེད་པར་ཉིན་བདུན་ལྷག་གི་རིང་ལ་ཕྱིར་རྒོལ་བྱས་མོད། མདེལ་ཟད་རྒྱགས་རྫོགས་ཀྱི་དཀའ་ཁག་དང་འཕྲད་པས། དམག་མི2000ལྷག་གི་དགྲ་བོའི་དཔུང་གཏོར་ལམ་གཤག་སྒོས་འཇབ་རྒོལ་ལས་ཐར་མོད། དམག་མི་མང་ཆེ་ཤོས་རང་སྲོག་ཤོར་བའམ་འཛིན་བཟུང་ཐེབས།  

 སོ་གཅིག

སྤྱི་ལོ1945ལོའི་ཟླ4པའི་ཚེས23ཉིན་ནས་ཟླ6པའི་ཚེས11ཉིན་བར། ཏང་གི་ཚོགས་ཆེན་བདུན་པ་ཡན་ཨན་ནས་ཚོགས་ཤིང་། ཐེངས་འདིའི་གྲོས་ཚོགས་སུ་མའོ་ཙེ་ཏུང་གི་དགོངས་པ་ཏང་གི་སློབ་སྟོན་བསམ་བློར་བརྩིས་ནས་ཏང་གི་སྒྲིག་ཡིག་ནང་བཀོད།

 སོ་གཉིས།

ཏང་གི་ཚོགས་ཆེན་བདུན་པས་བཏོན་པའི་ཏང་གི་ལས་འགན་ནི། བློ་རྒྱ་ཆེར་སྐྱེད་སྒོས་མང་ཚོགས་ལ་སྐུལ་སློང་བྱས་ཏེ་མི་དམངས་ཀྱི་སྟོབས་ཤུགས་ཇེ་ཆེར་བཏང་བ་དང་། མི་དམངས་ལ་མགོ་ཁྲིད་མཛད་དེ་འཇར་པན་བཙན་འཛུལ་པ་ཕམ་པར་བྱས་ཤིང་། རྒྱལ་ཡོངས་མི་དམངས་བཅིངས་འགྲོལ་གཏོང་བ་དང་། རང་བཙན་དང་རང་དབང་། དམངས་གཙོ་གཅིག་གྱུར། སྟོབས་འབྱོར་ལྡན་པ་བཅས་ཁྱད་ཆོས་ལྡན་པའི་ཀྲུང་གོ་གསར་པ་འཛུགས་རྒྱུ་དེ་ཡིན།

 སོ་གསུམ།

ཏང་གི་ཚོགས་ཆེན་བདུན་པས་བཏོན་པའི་ཏང་གི་སྤྱོད་ཚུལ་ཆེན་པོ་གསུམ་ནི། རིགས་གཞུང་དང་ལག་ལེན་ཟུང་དུ་འབྲེལ་བའི་སྤྱོད་ཚུལ་དང་། མི་དམངས་མང་ཚོགས་དང་འབྲེལ་བ་ཟབ་མོ་འཛུགས་པའི་སྤྱོད་ཚུལ། རང་སྐྱོན་རང་བརྗོད་བྱེད་པའི་སྤྱོད་ཚུལ་བཅས་ཡིན།

   སོ་བཞི།

རྒྱལ་ཡོངས་ཀྱི་བཅིངས་འགྲོལ་དམག་འཁྲུག་གི་དུས་སྐབས་སུ། ཏང་གིས་མགོ་ཁྲིད་བྱས་པའི་གཞི་ཁྱོན་ཆེན་པོའི་སློབ་མའི་རྒྱལ་གཅེས་དམངས་གཙོ་ལས་འགུལ་དང་པོ་ནི་གཅིག་གཉིས•གཅིག་ལས་འགུལ་ཡིན།

སོ་ལྔ།

བཅིངས་འགྲོལ་དམག་འཁྲུག་སྐབས་ཀྱི་གཡུལ་འགྱེད་ཆེན་པོ་གསུམ་ནི། ལིའོ་ཧྲེན་གཡུལ་འགྱེད་དང་ཧོའེ་ཧའེ་གཡུལ་འགྱེད། ཕིན་ཅིན་གཡུལ་འགྱེད་ཡིན།

སོ་དྲུག

རྒྱལ་ཡོངས་བཅིངས་འགྲོལ་དམག་འཁྲུག་གི་གཡུལ་འགྱེད་ཆེན་པོ་གསུམ་ལས། དུས་ཡུན་རིང་ཤོས་དང་གཞི་ཁྱོན་ཆེ་ཤོས། དགྲ་བོ་མེད་པར་བཏང་བའི་གྲངས་ཚད་ཆེས་མང་བའི་གཡུལ་འགྱེད་ནི་ཧོའེ་ཧའེ་གཡུལ་འགྱེད་ཡིན།

སོ་བདུན།

ཕྱོགས་ཡོངས་ནས་རི་འགོག་དམག་འཁྲུག་དུས་རིམ་གསུམ་དུ་དབྱེ་ཡོད་དེ། དང་པོ་ནི་འཐབ་ཇུས་འགོག་སྲུང་གི་དུས་རིམ་ཡིན་ཏེ། སྤྱི་ལོ1937ལོའི་ཟླ7པར་ལུའུ་ཀོའུ་ཟམ་པའི་དུས་འགྱུར་ནས། སྤྱི་ལོ1938ལོའི་ཟླ10པར་ཀོང་ཀྲོའུ་དང་ཝུའུ་ཧན་ཤོར་བའི་བར་ཡིན། གཉིས་པ་ནི་འཐབ་ཇུས་ཕན་ཚུན་སྲ་འཛིན་གྱི་དུས་རིམ་ཡིན་ཏེ། སྤྱི་ལོ1938ལོའི་ཟླ10པ་ནས་སྤྱི་ལོ1943ལོའི་ཟླ12པའི་བར་ཡིན། གསུམ་པ་ནི་འཐབ་ཇུས་ཕར་རྒོལ་གྱི་དུས་རིམ་ཡིན་ཏེ། སྤྱི་ལོ1944ལོའི་ཟླ1པོར་བཅིངས་འགྲོལ་ས་ཁུལ་ཁ་ཤས་ཀྱིས་ཕར་རྒོལ་བྱས་པ་ནས། སྤྱི་ལོ1945ལོའི་ཟླ8པར་འཇར་པན་གྱིས་ཆ་རྐྱེན་མེད་པར་མགོ་བཏགས་པ་ཁྱབ་བསྒྲགས་བྱས་པའི་བར་ཡིན།

 སོ་བརྒྱད།

སྤྱི་ལོ1949ལོའི་ཟླ3པར། ཏང་གི་སྐབས་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཧོ་པེ་ཞི་པའེ་ཕའོ་ནས་འཚོགས། གྲོས་ཚོགས་ཀྱིས་ཏང་གི་ལས་དོན་གྱི་ལྟེ་གནས་དེ་འཐབ་ཇུས་ཀྱི་ཕྱོགས་ལ་སྤོ་སྐྱོད་དང་། ཤང་སྡེ་ནས་གྲོང་ཁྱེར་དུ་སྤོ་བའི་གནད་དོན་གཙོ་གནད་དུ་བཟུང་ནས་གྲོས་བསྡུར་བྱས། 

སོ་དགུ།

བར་བརྒལ་དུས་སྐབས་ཀྱི་སྤྱིའི་ལམ་ཕྱོགས་ཀྱི་ལས་དོན་གཙོ་བོ་ནི་བཟོ་ལས་ཅན་མངོན་འགྱུར་བྱ་རྒྱུ་དེ་ཡིན།

བཞི་བཅུ།

སྤྱི་ལོ1954ལོའི་ཟླ9པར། སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་དུ་བསྡུས། གྲོས་ཚོགས་འཚོགས་པར་བརྟེན་ནས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དེ་ཀྲུང་གོ་གསར་པའི་རྩ་བའི་ཆབ་སྲིད་ལམ་ལུགས་སུ་གཏན་འཁེལ་དང་དངོས་སུ་བཙུགས་པ་མཚོན།

དཔྱད་གཞིའི་ཡིག་ཆ།