གཞི་རྩའི་ཉེས་ཅན།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2021-04-08 10:34ལ་འགྲུབ།

གཞི་རྩའི་ཉེས་ཅན།

གཞི་རྩའི་ཉེས་ཅན།
གཞི་རྩའི་ཉེས་ཅན་ཞེས་པ་ནི“ཇེ་ལྗིད་དུ་བཏང་བའི་ཉེས་ཅན”དང“ཇེ་ཡང་དུ་བཏང་བའི་ཉེས་ཅན”གཉིས་ཀྱི་བལྟོས་ཟླ་ཡིན། སྤྱིར་བཏང་གི་ཉེས་གསོག་ཁོ་ནའི་གྲུབ་པ་ཞིག་ཡིན། ཇེ་ལྗིད་དུ་བཏང་བའི་ཉེས་ཅན་དང་ཉེས་ཆད་ཇེ་ཡང་དུ་བཏང་བའི་ཉེས་ཅན་གཉིས་ཀྱི་ཁྱད་པར་ནི། ཉེས་གསོག་གྲུབ་ཚུལ་གྱི་ནང་དོན་མི་འདྲ་བ་དེ་ཡིན། ཇེ་ལྗིད་དུ་བཏང་བའི་ཉེས་ཅན་ནི་བྱས་ཉེས་ལྗིད་དུ་གཏོང་བའི་ཉེས་གསོག་གི་གྲུབ་ཆ་དང་མཐུན་པ་ཞིག་ཡིན། ཉེས་ཆད་ཇེ་ཡང་བཏང་བའི་ཉེས་ཅན་ནི་ཉེས་པ་བསགས་ཚད་ཇེ་ཆུང་དུ་བཏང་བ་ཞིག་རེད། དཔེར་ན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་ཞེ་བརྒྱད་པའི་གཏན་འབེབས་ལྟར།“མྱུལ་ཞིབ་དང་འདྲི་གཅོད་བྱེད་པའི་རིང་དཔང་མི་དང་། གསལ་འབྱེད་པ། ཟིན་བྲིས་འགོད་མཁན། སྐད་སྒྱུར་བཅས་ཀྱིས་གྱོད་གཞི་དང་འབྲེལ་བ་གལ་ཆེན་ཡོད་པའི་གནས་ཚུལ་ཤེས་བཞིན་དུ་དཔང་རྟགས་རྫུན་མ་དང་། གསལ་འབྱེད། ཟིན་བྲིས། ཡིག་སྒྱུར། མ་ཉེས་ཁག་གཡོགས་བཅས་བྱས་པའམ་ཉེས་དཔང་སྦ་སྐུང་བྱས་རིགས་ལ་དུས་བཙོན་ལོ་གཉིས་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་བའི་རིགས་ལ་དུས་བཙོན་ལོ་གཉིས་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ”ཞེས་པར་བཟོ་བཅོས་བརྒྱབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
基本犯
ཁོངས་གཏོགས།
ཉེས་ཁྲིམས།
དཀར་ཆག
1 གོ་དོན། 

དོན་ཚན་འདིའི་ནང་གི་གཏན་འབེབས་ཕྱེད་ཀ་ནི་དཔང་རྟགས་རྫུན་མ་བཟོ་བའི་བྱས་ཉེས་ཀྱི་སྤྱིར་བཏང་གི་གྲུབ་ཚུལ་ཞིག་ཡིན་པ་དང་། དེའི་མཇུག་གི་གཏན་འབེབས་ཕྱེད་ཀ་ནི་སྤྱིར་བཏང་གི་གྲུབ་ཆའི་རྨང་གཞིའི་ཐོག་ཉེས་ཚབས་ཆེན་པོ་ཡིན་པའི་རིགས་ཇེ་ལྗིད་དུ་བཏང་ནས་གྲུབ་པ་ཞིག་ཡིན། དེར་བརྟེན། བྱ་སྤྱོད་དེ་དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ཕྱེད་ཀ་དང་མཐུན་ཞིང་། དཔང་རྟགས་རྫུན་མ་བཟོ་བའི་བྱས་ཉེས་ཀྱི་གཞི་རྩའི་ཉེས་ཅན་ཡིན་ཞིང་། བྱ་སྤྱོད་དེ་དོན་ཚན་འདིའི་ནང་གསེས་དོན་ཚན་རྗེས་མའི་གཏན་འབེབས་ཕྱེད་ཀ་དང་མཐུན་པ་ཞིག་ཡིན་པས། དཔང་རྟགས་རྫུན་མ་བཟོས་པའི་བྱས་ཉེས་ཇེ་ལྗིད་དུ་བཏང་བའི་ཉེས་ཅན་ཞིག་ཡིན། ཡང་དཔེར་ན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དང་སོ་གཉིས་པར། ཤེས་བཞིན་དུ་མི་བསད་པའི་རིགས་ལ་སྲོག་ཁྲིམས་དང་ཚེ་བཙོན་ནམ་དུས་བཙོན་ལོ་བཅུ་ཡན་གྱི་ཉེས་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆུང་བའི་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་བར་གྱི་ཉེས་ཆད་གཅོད་རྒྱུ་ཞེས་གཏན་འབེབས་བྱས་ཡོད། དེའི་ནང་གི་སྔོན་གྱི་ཁག་དེ་ནི་ཤེས་བཞིན་དུ་མི་བསད་པའི་བྱས་ཉེས་ཀྱི་སྤྱིར་བཏང་གི་གྲུབ་ཆ་ཞིག་ཡིན་པས། ཤེས་བཞིན་དུ་མི་བསད་པའི་བྱ་སྤྱོད་དེས་ཤེས་བཞིན་དུ་མི་བསད་པའི་བྱས་ཉེས་ཀྱི་གཞི་རྩའི་ཉེས་ཅན་དུ་གྲུབ་པ་དང་། དེའི་རྗེས་ཀྱི་གཏན་འབེབས་ཕྱེད་ཀ་ནི་ཤེས་བཞིན་དུ་མི་བསད་པའི་བྱས་ཉེས་ཇེ་ཡང་དུ་སོང་བ་ཡིན་པས། ཤེས་བཞིན་དུ་མི་བསད་ཀྱང་ཉེས་ཚབས་ཅུང་ཆུང་བའི་བྱ་སྤྱོད་ནི་ཤེས་བཞིན་དུ་མི་བསད་པའི་བྱས་ཉེས་ཇེ་ཡང་དུ་བཏང་བའི་ཉེས་ཅན་ཡིན།

དཔྱད་གཞིའི་ཡིག་ཆ།