ཏང་གི་འཐུས་མི་ཚོགས་ཆེན།སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2021-03-24 11:22ལ་འགྲུབ།

ཏང་གི་འཐུས་མི་ཚོགས་ཆེན།

ཏང་གི་འཐུས་མི་ཚོགས་ཆེན།
ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ལོ་ལྔ་རེར་ཐེངས་རེ་འཚོག་གིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党的代表大会
རིགས་དབྱེ།
ཆབ་སྲིད་ལམ་ལུགས།
1 ངོ་སྤྲོད། 

《ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་ལས་དོན་གྱི་ཚིག་མཛོད》དུ་གཏན་འབེབས་ཀྱི་གོ་རིམ་ལྟར་ན། འཐུས་མི་ཚོགས་ཆེན་ནམ་ཏང་གི་འཐུས་མིའི་གྲོས་ཚོགས་ཐོག་འདེམས་བསྐོ་བྱས་ནས་ཐོན་པ་དང་། གོང་རིམ་ཏང་གི་འཐུས་མི་ཚོགས་ཆེན་ལ་ཞུགས་པའི་ཏང་ཡོན་ཡིན། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་ཐབས་ནི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱ་རྒྱུ་དང་། ཏང་གི་ས་གནས་འཐུས་མི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མི་འདེམས་བསྐོ་བྱེད་ཐབས་དེ་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱ་རྒྱུ་མ་ཟད། རང་ལས་རིམ་པ་གཅིག་གིས་མཐོ་བའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཡང་ཞུ་དགོས། ཏང་གི་འཐུས་མི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མི་ནི་ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་ཏང་གི་འཐུས་མི་ཚོགས་ཆེན་རིམ་པ་ཁག་གི་འགན་དབང་སྤྱོད་མཁན་གཙོ་བོ་ཡིན། ཏང་གི་འཐུས་མི་ཚོགས་ཆེན་རིམ་པ་ཁག་གི་འགོ་ཁྲིད་ལས་ཁུངས་ཀྱིས་ངེས་པར་དུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་རང་ཉིད་ཀྱི་འགན་དབང་གང་ལེགས་སྤྱོད་ཐུབ་པར་འགན་ལེན་བྱ་དགོས།

2 འཚོགས་ཚད།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ལོ་ལྔ་རེར་ཐེངས་རེ་འཚོག་རྒྱུ།  《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཐོག་བཟོ་བཅོས་ཁ་ཤས་བརྒྱབ་ཡོད། སྤྱི་ལོ2012ལོའི་ཟླ11པའི་ཚེས14ཉིན་གྲོས་འཆམ་བྱུང་།

དོན་ཚན་བཅོ་བརྒྱད་པ། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ལོ་ལྔ་རེར་ཐེངས་རེ་འཚོག་རྒྱུ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་སྐོང་འཚོག་བྱ་རྒྱུ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་དགོས་གལ་འདུག་བསམ་པའམ་ཞིང་ཆེན་རིམ་པའི་རྩ་འཛུགས་གསུམ་ཆ་གཅིག་ཡན་ཆད་ཀྱིས་རེ་འདུན་ཞུས་ན།དུས་བཀག་གི་སྔོན་ལ་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་འཚོགས་ཆོག་པ་དང་། གལ་ཏེ་དམིགས་བསལ་གྱི་གནས་ཚུལ་མེད་ན་ཚོགས་ཆེན་ཕྱིར་འགྱངས་ཀྱིས་འཚོག་པ་སོགས་བྱས་མི་ཆོག

ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལས་ཁུངས་མཐོ་ཤོས་ཡིན་ཞིང་། ཏང་གི་འཐུས་མི་ཚོགས་ཆེན་ཐོག་ནས་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྲོལ་རྗེས་ཀྱི་རིང་ལ་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཆོད་ལག་བསྟར་དང་། ཏང་གི་ལས་དོན་ཡོངས་རྫོགས་ལ་འགོ་ཁྲིད། ཕྱི་ཕྱོགས་སུ་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་ཚབ་བཅས་བྱ་དགོས།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་འོས་མི་ནི་ཏང་གི་རྩ་འཛུགས་ཀྱིས་འོས་སྦྱོར་བྱ་རྒྱུ། འོས་མིའི་མི་གྲངས་དེ་འདེམས་དགོས་པའི་མི་གྲངས་ལས་མང་བ་སྟེ་ལྷག་གྲངས་ཡོད་པའི་འདེམས་བསྐོ་བྱེད་ཐབས་ཐད་ཀར་ལག་བསྟར་བྱས་ནས་འདེམས་བསྐོ་དངོས་སུ་བྱས་ཆོག སྔོན་ལ་ལྷག་གྲངས་ཡོད་པའི་འདེམས་བསྐོ་བྱེད་ཐབས་སྤྱད་དེ་སྟ་གོན་གྱི་འདེམས་བསྐོ་བྱས་ནས་འདེམས་སྒུག་པའི་མིང་ཐོ་ཐོན་རྗེས་འདེམས་བསྐོ་དངོས་སུ་བྱས་ནའང་ཆོག

ཏང་ཡོན་སྒེར་གྱིས་ཏང་གི་རྩ་འཛུགས་ལ་བརྩི་བཀུར་དང་། ཉུང་བས་མང་བར་བརྩི་བཀུར། འོག་རིམ་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ལ་བརྩི་བཀུར། ཏང་ཡོངས་ཀྱི་རྩ་འཛུགས་ཁག་དང་ཏང་ཡོན་ཡོངས་ཀྱིས་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བརྩི་བཀུར་བཅས་བྱ་དགོས།           ཏང་གི་འོག་རིམ་རྩ་འཛུགས་ཀྱིས་ངེས་པར་དུ་སེམས་ཐག་གཙང་བཅད་ཀྱིས་གོང་རིམ་རྩ་འཛུགས་ཀྱི་ཆོད་དོན་ལག་ལེན་བསྟར་དགོས། གལ་ཏེ་འོག་རིམ་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ཀྱི་ཆོད་དོན་དེ་ས་ཁུལ་དེ་རང་དང་སྡེ་ཁག་དེ་རང་གི་དངོས་ཡོད་གནས་ཚུལ་དང་མི་འཚམ་པ་འདུག་བསམས་ན། དེ་བསྒྱུར་དགོས་པའི་རེ་འདུན་ཞུས་ཆོག

གལ་ཏེ་གོང་རིམ་རྩ་འཛུགས་ཀྱིས་སྔར་གྱི་ཆོད་དོན་དེ་ཉིད་རྒྱུན་འཁྱོངས་བྱས་ན། འོག་རིམ་རྩ་འཛུགས་ཀྱིས་ངེས་པར་དུ་ལག་ལེན་བྱ་དགོས་པ་ལས། མི་མཐུན་པའི་བསམ་འཆར་ཡོངས་གྲགས་སུ་བཏོན་མི་ཆོག འོན་ཀྱང་རང་ལས་རིམ་པ་གཅིག་གིས་མཐོ་བའི་རྩ་འཛུགས་ལ་སྙན་སེང་ཞུ་བའི་དབང་ཆ་ཡོད། ཏང་གི་རྩ་འཛུགས་གསར་བ་འཛུགས་པའམ་ཡང་ན་ཏང་གི་སྔར་ཡོད་རྩ་འཛུགས་མེད་པར་བཟོ་རྒྱུ་དེ་ངེས་པར་དུ་གོང་རིམ་ཏང་གི་རྩ་འཛུགས་ཀྱིས་ཐག་གཅོད་དགོས།