《ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་ལས་དོན་གྱི་ཚིག་མཛོད》དུ། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ནི་གཏན་འབེབས་ཀྱི་གོ་རིམ་ལྟར་ན། ཏང་ཡོན་ཚོགས་ཆེན་ནམ་ཏང་གི་འཐུས་མི་ཚོགས་ཆེན་ནམ་ཏང་གི་འཐུས་མིའི་གྲོས་ཚོགས་ཐོག་འདེམས་བསྐོ་བྱས་ནས་ཐོན་པ་དང་། གོང་རིམ་ཏང་གི་འཐུས་མི་ཚོགས་ཆེན་ལ་ཞུགས་པའི་ཏང་ཡོན་ཡིན། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་ཐབས་ནི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱ་རྒྱུ་དང་། ཏང་གི་ས་གནས་འཐུས་མི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མི་འདེམས་བསྐོ་བྱེད་ཐབས་དེ་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱ་རྒྱུ་མ་ཟད། རང་ལས་རིམ་པ་གཅིག་གིས་མཐོ་བའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཡང་ཞུ་དགོས། ཏང་གི་འཐུས་མི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མི་ནི་ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་ཏང་གི་འཐུས་མི་ཚོགས་ཆེན་རིམ་པ་ཁག་གི་འགན་དབང་སྤྱོད་མཁན་གཙོ་བོ་ཡིན། ཏང་གི་འཐུས་མི་ཚོགས་ཆེན་རིམ་པ་ཁག་གི་འགོ་ཁྲིད་ལས་ཁུངས་ཀྱིས་ངེས་པར་དུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་རང་ཉིད་ཀྱི་འགན་དབང་གང་ལེགས་སྤྱོད་ཐུབ་པར་འགན་ལེན་བྱ་དགོས།
ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་ས་གནས་ཀྱི་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མིའི་འགན་འཛིན་ཡུན་ཚད་ཀྱི་གནས་སྐབས་སྲོལ་ཡིག་ནང་དུ་ཏང་གི་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མིར་འགན་འཛིན་ཡུན་ཚད་ལམ་ལུགས་ལག་ལེན་བསྟར་དགོས་པའི་གཏན་འབེབས་བྱས་ཡོད
1.འགན་འཁུར་ཡུན་གྱི་དུས་ཚོད། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འགན་འཁུར་ཡུན་ལོ་ལྔ་ཡིན། ཏང་གི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་འཐུས་མི་ཚོགས་ཆེན་དང་། ཆུས་བཙུགས་པའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་འཐུས་མིའི་ཚོགས་ཆེན། རྫོང(ཆུས)རང་སྐྱོང་རྫོང་། ཆུས་བཙུགས་མེད་པའི་གྲོང་ཁྱེར། གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་བཅས་ཀྱི་འཐུས་མིའི་ཚོགས་ཆེན་བཅས་ཀྱི་འགན་འཛིན་ཡུན་ཚད་ལོ་ལྔ་ཡིན། ཏང་གི་ཞང་དང་གྲོང་རྡལ་གྱི་ཁྲོམ་ལམ་དང་གྲོང་ཚོའི་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འགན་འཛིན་ཡུན་ཚད་ལོ་གསུམ་ཡིན།
2.འགན་འཁུར་ཡུན་གྱི་འགན་འཁྲི། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིར་ཏང་གི་འཐུས་མི་ཚོགས་ཆེན་འཚོག་པ་དང་ཚོགས་འདུ་གྲོལ་རྗེས་རིང་འཐུས་མིའི་ཐོབ་ཐང་སྤྱོད་རྒྱུ་ཡོད་པ་དང་། འཐུས་མིའི་དབང་ཆ་སྤྱོད་པ། འཐུས་མིའི་འགན་འཁྲི་སྒྲུབ་པ། འཐུས་མིའི་ནུས་པ་འདོན་སྤེལ་བཅས་བྱེད་དགོས། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་ཏང་གི་ལས་དོན་ལ་གྲོས་གཞི་བཏོན་ཆོག་པ་དང་གཞི་རིམ་དུ་ལས་ཀ་ཞིབ་བཤེར་དང་བརྟག་དཔྱད་ཞིབ་འཇུག་བྱེད་པར་འགྲོ་བའི་དབང་ཆ་ཡོད།
3.ཐོབ་ཐང་མེད་པར་བཟོ་རྒྱུ། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་འགན་འཛིན་ཡུན་ཚད་ནང་གཤམ་གསལ་གནས་ཚུལ་ལས་རིགས་གཅིག་ཡོད་ན་དེའི་འཐུས་མིའི་ཐོབ་ཐང་སྤྱོད་མཚམས་འཇོག་རྒྱུ་སྟེ།
(གཅིག)ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་པའི་འཐུས་མིའི་ཐོབ་ཐང་མེད་པར་བཟོས་པ་དང་།
(གཉིས)ཏང་ནས་འབུད་མཚམས་འཇོག་པའམ་ཡང་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཤོར་བའི་འཐུས་མིའི་ཐོབ་ཐང་མེད་པར་བཟོས་པ་བཅས་ཡིན།
(གསུམ)འཐུས་མིའི་གོ་གནས་རྩ་དགོངས་ཞུས་པ་དེ་དང་ལེན་བྱས་པ་བཅས་ཡིན།