ཏང་གི་འཐུས་མི་ཚོགས་ཆེན་གྱི་འགན་འཛིན་ཡུན་ཚད་ལམ་ལུགས།སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2021-03-24 10:42ལ་འགྲུབ།

ཏང་གི་འཐུས་མི་ཚོགས་ཆེན་གྱི་འགན་འཛིན་ཡུན་ཚད་ལམ་ལུགས།

ཏང་གི་འཐུས་མི་ཚོགས་ཆེན་གྱི་འགན་འཛིན་ཡུན་ཚད་ལམ་ལུགས།
ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་འགན་འཛིན་ཡུན་ཚད་ལམ་ལུགས་ཞེས་པ་ནི་ཏང་གི་འཐུས་མི་ཚོགས་ཆེན་འཚོག་རིང་དང་གྲོལ་རིང་དུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་འཐུས་མིའི་ཐོབ་ཐང་ཡོད་པ་དང་། འཐུས་མིའི་དབང་ཆ་སྤྱོད་པ། འཐུས་མིའི་འགན་འཁྲི་སྒྲུབ་པ། འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པ་བཅས་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党的代表大会代表任期制度
རིགས་དབྱེ།
ཆབ་སྲིད།
1 ངོ་སྤྲོད། 

ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་འགན་འཛིན་ཡུན་ཚད་ལམ་ལུགས་ཞེས་པ་ནི་ཏང་གི་འཐུས་མི་ཚོགས་ཆེན་འཚོག་རིང་དང་གྲོལ་རིང་དུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་འཐུས་མིའི་ཐོབ་ཐང་ཡོད་པ་དང་། འཐུས་མིའི་དབང་ཆ་སྤྱོད་པ། འཐུས་མིའི་འགན་འཁྲི་སྒྲུབ་པ། འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པ་བཅས་ལ་ཟེར།

2 འབྲེལ་ཡོད། 

ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རིམ་པ་གཅིག་མཚུངས་ཀྱི་ཏང་གི་འཐུས་མིའི་ཚོགས་ཆེན་སྐབས་རེའི་འགན་འའཛིན་ཡུན་ཚད་དང་གཅིག་མཚུངས་ཡིན། ཏང་གི་སྒྲིག་ཡིག་གི་དོན་ཚན་བཅུ་གཅིག་པའི་ནང་གཏན་འབེབས་བྱས་དོན། “ཏང་གི་རིམ་པ་ཁག་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིར་འགན་འཛིན་ཡུན་ཚད་ལམ་ལུགས་ལག་བསྟར་བྱེད་པ་འདི་ནི་ལོ་མང་རིང་གི་ཚོད་ལྟའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་བཏོན་པའི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཏང་ནང་གི་དམངས་གཙོ་འཕེལ་རྒྱས་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ནི་ཏང་གི་རིམ་པ་ཁག་གི་འཐུས་མིའི་ཚོགས་ཆེན་གྱི་བྱེད་སྒོ་སྤེལ་བའི་གྲུབ་ཆ་གཙོ་བོ་ཡིན་ཞིང་། འཐུས་མིའི་ནུས་པ་འདོན་སྤེལ་བྱས་ཚུལ་དེ་ཏང་གི་འཐུས་མི་ཚོགས་ཆེན་གྱི་འགན་དབང་སྤྱོད་པ་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། ཏང་ནང་གི་དམངས་གཙོ་འཛུགས་སྐྱོང་སྤྱི་ཡོངས་ཀྱི་ཆུ་ཚད་དང་འབྲེལ་བ་ཡོད། ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་སྙན་ཞུའི་ནང་དུ“གྲོང་ཁྱེར་དང་རྫོང་དུ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་ལས་འགན་རྒྱུན་འཛིན་ལམ་ལུགས་ཀྱི་ཚོད་ལྟ་རྒྱ་སྐྱེད་གཏོང་རྒྱུ་དང་། ཏང་གི་འཐུས་མི་ཚོགས་ཆེན་གྲོལ་རྗེས་ཀྱི་རིང་ལ་འཐུས་མིའི་ནུས་པ་འདོན་སྤེལ་བྱ་རྒྱུའི་ཐབས་ལམ་དང་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱ་དགོས”ཞེས་ནན་བཤད་བྱས་ཡོད། ཚོད་ལྟའི་ལས་དོན་སྤེལ་དོན་གཙོ་བོ་ནི་འཐུས་མིའི་འགན་འཁུར་ཡུན་ལམ་ལུགས་དང་འཐུས་མི་ཚོགས་ཆེན་གྱི་ལོ་ཚོགས་ལམ་ལུགས་ལག་བསྟར་བྱ་རྒྱུའི་ཕྱོགས་གཉིས་ནས་འཚོལ་ཞིབ་བྱ་རྒྱུ་དེ་ཡིན། ཚོད་ལྟའི་ཚན་པས་འཐུས་མིའི་འགན་ཡུན་ལམ་ལུགས་ཚོད་ལྟའི་ལག་བསྟར་བྱས་པ་བརྒྱུད་དེ་སྔ་འཐུས་མིས་སྤྱིར་བཏང་ཏང་གི་འཐུས་མི་ཚོགས་ཆེན་འཚོགས་རིང་ནུས་པ་འདོན་དགོས་པའི་གནས་ཚུལ་ལ་འགྱུར་ལྡོག་བཏང་བ་དེ་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་ཕན་པ་དང་། ཏང་ནང་གི་དམངས་གཙོ་རྒྱ་ཆེར་གཏོང་བ།ཏང་གི་གསར་གཏོད་གསོན་ཤུགས་ཆེ་རུ་གཏོང་བ་བཅས་ལ་ཕན་པ་ཡོད། ཚོད་ལྟའི་གནས་ཚུལ་ལས། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འགན་འཁུར་ཡུན་ལམ་ལུགས་ལག་ལེན་དུ་འཁྱོལ་ཐུབ་ངེས་ཡིན་པ་དང་། ཏང་ནང་གི་ངོས་འཛིན་ཅུང་གཅིག་མཐུན་ཡིན་པ་མངོན་ཡོད། དེར་བརྟེན་ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་ཐོག་ཏང་གི་སྒྲིག་ཡིག་ནང་ཏང་གི་རིམ་པ་ཁག་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིར་འགན་འཁུར་ཡུན་ལམ་ལུགས་ལག་ལེན་བསྟར་དགོས་པའི་གཏན་འབེབས་བྱས་ཡོད།

ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འགན་འའཛིན་ཡུན་ཚད་ལམ་ལུགས་ལག་བསྟར་བྱེད་སྐབས། འཐུས་མིའི་འགན་འཁུར་ཡུན་དང་འཐུས་མི་ཚོགས་ཆེན་གཉིས་གཅིག་མཐུན་ཡིན་པ་ནན་བཤད་བྱས་ཡོད་ཅིང་། འཐུས་མི་ཚོགས་ཆེན་གྲོལ་རྗེས་ཀྱི་རིང་ལ་འཐུས་མིས་སྔར་བཞིན་འཐུས་མིའི་འགན་འཁྲི་འཁུར་བ་དང་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། ཐབས་ལམ་དང་རྣམ་པ་སྣ་ཚོགས་བརྒྱུད་དེ་རྒྱུན་ལྡན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་ས་གནས་ཀྱི་འཐུས་མི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མིའི་འགན་འཁུར་ཡུན་སྐོར་གྱི་གནས་སྐབས་ལག་ལེན་བསྟར་རྒྱུའི་སྲོལ་ཡིག》གི་གཏན་འབེབས་ལྟར་ན། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འགན་འཁུར་ཡུན་ལམ་ལུགས་ལག་ལེན་བསྟར་རྒྱུའི་ནང་དོན་གཙོ་བོ་གཤམ་གསལ་ལྟར།

དང་པོ། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་སྐབས་རེའི་འགན་འཁུར་ཡུན་ནི་རང་དང་རིམ་པ་མཉམ་པའི་ཏང་གི་འཐུས་མི་ཚོགས་ཆེན་སྐབས་རེའི་འགན་འཛིན་ཡུན་ཚད་དང་གཅིག་མཚུངས་ཡིན། འཐུས་མིར་རང་གི་འགན་འཁུར་ཡུན་ཚད་ནང་དང་། ཏང་གི་འཐུས་མི་ཚོགས་ཆེན་འཚོགས་རིང་དང་གྲོལ་རིང་དུ་འཐུས་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། འཐུས་མིའི་དབང་ཆ་སྤྱོད་པ། འཐུས་མིའི་འགན་འཁྲི་སྒྲུབ་པ།འཐུས་མིའི་ནུས་པ་འདོན་སྤེལ་བཅས་བྱ་རྒྱུ།

གཉིས་པ། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་ཁེ་དབང་དང་འགན་འཁྲི་བརྒྱད་ཡོད།

(1)རང་དང་རིམ་པ་མཉམ་པའི་ཏང་གི་འཐུས་མི་ཚོགས་ཆེན་འཚོགས་རིང་ཏང་གི་ཨུ་ཡོན་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ཉན་འཇོག་དང་ཞིབ་བཤེར་བྱེད་པར་ཞུགས་རྒྱུ་དང་། (གཉིས)རིམ་པ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་འཚོགས་རིང་འབྲེལ་ཡོད་གནད་དོན་གལ་ཆེན་གྲོས་བསྡུར་དང་ཐག་གཅོད་བྱེད་པར་ཞུགས་པ།

(3)རང་དང་རིམ་པ་མཉམ་པའི་ཏང་གི་འཐུས་མིའི་ཚོགས་ཆེན་ཐོག་བརྡས་ཐག་གཅོད་པའི་དབང་ཆ་དང་འདེམས་བྱེད་ཀྱི་དབང་ཆ་སྤྱད་ཆོག་ལ་གདམ་བྱའི་དབང་ཆའང་ཡོད།

(4)རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། དེ་བཞིན་དེ་གནས་སའི་འདེམས་བསྐོའི་སྡེ་ཚན་གྱི་ཏང་རྩ་འཛུགས་བཅས་ཀྱིས་ཏང་གི་གྲོས་ཆོད་དང་ཆོད་དོན་ལག་ལེན་མཐར་ཕྱིན་བསྟར་ཚུལ་ལ་རྒྱུས་ལོན་བྱ་དགོས།

(5)རང་དང་རིམ་པ་མཉམ་པའི་ཏང་གི་འཐུས་མི་ཚོགས་ཆེན་ནམ་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྤེལ།རིག་གནས་འཛུགས་སྤེལ། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ། ཏང་ལེགས་སྐྱོང་བཅས་ཀྱི་གནད་དོན་གལ་ཆེན་ཐད་བསམ་འཆར་དང་གྲོས་འགོ་འདོན་རྒྱུ། (6)རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་དེའི་ཁོངས་མིར་ལྟ་སྐུལ་བྱ་རྒྱུ། (7)རང་དང་རིམ་པ་མཉམ་པའི་ཏང་གི་འཐུས་མི་ཚོགས་ཆེན་ནམ་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་ཀྱི་བྱེད་སྒོར་ཞུགས་རྒྱུ། (8)རང་དང་རིམ་པ་མཉམ་པའི་ཏང་གི་འཐུས་མི་ཚོགས་ཆེན་ནམ་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར་འབྲེལ་ཡོད་ཀྱི་ལས་ཀ་ལེགས་འགྲུབ་བྱ་རྒྱུ།

གསུམ་པ། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་འཐུས་མིའི་འགན་འཁྲི་བསྒྲུབ་རྒྱུ་དེ་གཙོ་བོ་རིམ་པ་གཅིག་མཚུངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་དང་རིམ་པ་གཅིག་མཚུངས་ཀྱི་ཏང་གི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་ཀྱི་བྱེད་སྒོར་ཞུགས་དགོས། འཐུས་མིས་ལས་དོན་སྒྲུབ་སྟངས་གཙོ་བོ་འདི་ལྟ་སྟེ། གྲོས་གཞི་དང་། གྲོས་འགོ། བསམ་འཆར་དང་གྲོས་འགོ་བཅས་བཏོན་པ་དང་། དེ་བཞིན་འཐུས་མིས་བརྟག་དཔྱད་ཞིབ་འཇུག་དང་། འཐུས་མིས་འདེམས་བསྐོའི་སྡེ་ཚན་གྱི་ཏང་ཡོན་མང་ཚོགས།འཐུས་མིས་གདན་ཞུས་ལྟར་ཏང་ནང་གི་འབྲེལ་ཡོད་ཚོགས་འདུར་ཞུགས་པ། ལས་བྱེད་པ་གལ་ཆེན་གྱི་དམངས་གཙོས་འོས་སྦྱོར་དང་དམངས་གཙོས་དཔྱད་གླེང་ལ་ཞུགས་པ་བཅས་ཡིན།