འགྲོ་བ་མིའི་ཐོབ་ཐང་།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2021-03-29 15:10ལ་འགྲུབ།

འགྲོ་བ་མིའི་ཐོབ་ཐང་།

འགྲོ་བ་མིའི་ཐོབ་ཐང་།
འགྲོ་བ་མིའི་ཐོབ་ཐང་ནི་མི་ཡོད་ཚད་ཀྱི་ལྷན་སྐྱེས་ཀྱི་ཁེ་དབང་ཡིན་ཞིང་། དེ་ནི་རིགས་རྒྱུད་དང་། ཕོ་མོ། མཚན་མའི་ཕྱོགས་ལྷུང་། རྒྱལ་ཁོངས། རིགས་རྒྱུད། སྐད་རིགས། ཆོས་ལུགས་བཅས་དང་དེ་མིན་གྱི་ཐོབ་ཐང་གོ་གནས་གང་ཡིན་གྱི་དབྱེ་བ་མེད། འགྲོ་བ་མིའི་ཐོབ་ཐང་གི་ཁོངས་སུ་ཚེ་སྲོག་རང་དབང་གི་ཁེ་དབང་དང་། བྲན་བཀོལ་དང་ཁྲིམས་གཅོད་ཀྱི་དབང་ཆ། བསམ་འཆར་དང་གཏམ་བརྗོད་ཀྱི་རང་དབང་བཅས་དང་། ལས་ཀ་དང་སློབ་གསོ་ཐོབ་པའི་དབང་ཆ། མི་ཚང་མར་མཐོང་ཆུང་མི་བྱེད་པའི་དབང་ཆ་བཅས་ཚུད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人权
ཕྱི་ཡིག་གི་མིང་།
Human Rights
ཉེ་ཚིག་འཚོལ་ཞིབ།
གཞི་རྩའི་མི་དབང་།
1 ​ངོ་སྤྲོད།

འགྲོ་བ་མིའི་ཐོབ་ཐང་ནི་མི་ཡོད་ཚད་ཀྱི་ལྷན་སྐྱེས་ཀྱི་ཁེ་དབང་ཡིན་ཞིང་། དེ་ནི་རིགས་རྒྱུད་དང་། ཕོ་མོ། མཚན་མའི་ཕྱོགས་ལྷུང་། རྒྱལ་ཁོངས། རིགས་རྒྱུད། སྐད་རིགས། ཆོས་ལུགས་བཅས་དང་དེ་མིན་གྱི་ཐོབ་ཐང་གོ་གནས་གང་ཡིན་གྱི་དབྱེ་བ་མེད། འགྲོ་བ་མིའི་ཐོབ་ཐང་གི་ཁོངས་སུ་ཚེ་སྲོག་རང་དབང་གི་ཁེ་དབང་དང་། བྲན་བཀོལ་དང་ཁྲིམས་གཅོད་ཀྱི་དབང་ཆ། བསམ་འཆར་དང་གཏམ་བརྗོད་ཀྱི་རང་དབང་བཅས་དང་། ལས་ཀ་དང་སློབ་གསོ་ཐོབ་པའི་དབང་ཆ། མི་ཚང་མར་མཐོང་ཆུང་མི་བྱེད་པའི་དབང་ཆ་བཅས་ཚུད་ཡོད།

འཛམ་གླིང་རྒྱལ་ཁབ་ཁག་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བ་ཡོད་པའི་འདུ་ཤེས་དང་བསམ་བློ་རིམ་བཞིན་གཅིག་གྱུར་བྱུང་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དེ་འཛམ་གླིང་རྒྱལ་ཁབ་ཁག་གིས་ཁས་ལེན་བྱེད་ཀྱིན་ཡོད།《འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ》(The Universal Declaration ofHuman Rights)ནང“མི་ཚེ་ལ་རང་དབང་ཡོད་པ་དང་། ལ་རྒྱ་དང་ཁེ་དབང་ཐད་ཚང་མ་འདྲ་མཉམ་ཡིན》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》(སྤྱི་ལོ2018ལོའི་བཟོ་བཅོས)སྟེང་གསལ་པོར་གསལ་བཤད་བྱས་ནས། རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་དགོས་ཞེས་བཀོད་ཡོད།

མིག་སྔར་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་ཡོད་སློབ་གསོའི་ནང་དོན་རང་རྒྱལ་གྱི《སློབ་གྲྭ་འབྲིང་ཆུང་གི་ཁྲིམས་ལུགས་སློབ་གསོའི་མཛུབ་སྟོན་རྩ་གནད》(སྤྱི་ལོ2007ལོའི) ནང་བཅུག་ཡོད། དུས་མཚུངས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི《རྒྱལ་སྤྱིའི་རང་བཞིན་གྱི་སློབ་གསོའི་ལག་རྩལ་མཛུབ་ཁྲིད་རྩ་གནད》(བཟོ་བཅོས་པར་གཞི)ཀྱིས་ཀྱང་ཕྱོགས་ཡོངས་རང་བཞིན་གྱི་སློབ་གསོའི་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་ཡོད་ནང་དོན་གྱི་སློབ་ཁྲིད་དམིགས་ཚད་གསལ་པོར་བསྟན་ཡོད།

སྤྱི་ལོ2021ལོའི་ཟླ3པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས།《སྤྱི་ལོ2020ལོར་ཨ་རིས་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བྱས་པའི་སྙན་ཞུ》སྤེལ་ནས་ཨ་རིས་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བྱས་པའི་གནས་ཚུལ་ཐེར་འདོན་བྱས་པ།

2 མཚན་ཉིད།

འགྲོ་བ་མིའི་ཐོབ་ཐང་ནི་མི་ཚང་མ་དང་ལྷན་སྐྱེས་སུ་ཡོད་པའི་ཁེ་དབང་ཞིག་ཡིན་ཞིང་། དེ་ནི་རིགས་རྒྱུད་དང་། ཕོ་མོ། མཚན་མའི་ཕྱོགས་ལྷུང་། རྒྱལ་ཁོངས། རིགས་རྒྱུད། སྐད་རིགས། ཆོས་ལུགས་བཅས་སམ་ཡང་ན་ཐོབ་ཐང་གི་གོ་གནས་གཞན་དག་གང་ཡང་མི་དབྱེ་བ་ཡིན། འགྲོ་བ་མིའི་ཐོབ་ཐང་སྟེང་མི་ནི་རང་ཉིད་འཚོ་གནས་དང་འཕེལ་རྒྱས་འགྲོ་བའི་ཁྲོད་དུ། རང་བྱུང་གི་རང་བཞིན་དང་སྤྱི་ཚོགས་ཀྱི་རང་བཞིན་ལས་བྱུང་བའི་མེད་དུ་མི་རུང་བའི་ཁེ་དབང་སོགས་ནན་བཤད་བྱས་ཡོད། དེར་གོ་དོན་གཉིས་ཡོད་དེ། གཅིག་ནི་མི་སྒེར་ནི་རང་ཉིད་འཚོ་གནས་དང་འཕེལ་རྒྱས་ལ་ངེས་པར་དུ་དགོས་པའི་ཆ་རྐྱེན་ཁྲོད་དུ་རང་བདག་ཡིན་པ་དང་། གཉིས་ནི་མི་སྒེར་ནི་རང་ཉིད་འཚོ་གནས་དང་འཕེལ་རྒྱས་ལ་མེད་དུ་མི་རུང་བའི་ཁེ་དབང་ཁྲོད་མི་གཞན་དང་འདྲ་མཉམ་ཡིན་པ།

3 ཁེ་དབང་རིགས་དབྱེ།
3_1 གཞི་རྩའི་ཁེ་དབང་།

ཁེར་རྐྱང་མིའི་ཐོབ་ཐང་གི་གཞི་རྩའི་ཁེ་དབང་ལ་སྤྱིར་བཏང་གི་གཞི་རྩའི་ཁེ་དབང་དང་གཞི་རྩའི་ཁེ་དབང་གཞན་དག་ཚུད་ཡོད།

སྤྱིར་བཏང་གི་གཞི་རྩའི་ཁེ་དབང་ལ་དཔེར་ན་བརྩི་འཇོག་དང་། མི་གཤིས་ཀྱི་དབང་ཆ། བསམ་པའི་རང་དབང་གི་དབང་ཆ་སོགས་ནི་དུས་ནམ་ཡིན་རུང་རྒྱལ་ཁབ་བམ་མི་གཞན་གྱིས་འཕྲོག་མི་ཆོག་པ་དང་། འདྲ་མཉམ་ལ་བལྟོས་མེད་ཀྱི་དོན་སྙིང་ཡོད། གཞི་རྩའི་ཁེ་དབང་གཞན་དག་ནང་མི་ལུས་རང་དབང་དང་། ཆབ་སྲིད་ཁེ་དབང་། ཆབ་སྲིད་རང་དབང་། རྒྱུ་ནོར་གྱི་དབང་ཆ་སོགས་ཆ་རྐྱེན་ངེས་ཅན་ཞིག་གི་ཐོག་ནས་ཚོད་འཛིན་ནམ་བཙན་འཕྲོག་བྱས་ཆོག་པའི་ཁེ་དབང་ཚུད་ཡོད། འདིར་ཡོད་པའི་འདྲ་མཉམ་ལ་བལྟོས་བཅས་ཀྱི་དོན་སྙིང6ཡོད།

3_2 དམིགས་བསལ་ཁེ་དབང།

དམིགས་བསལ་གྱི་དབང་ཆ་ཞེས་པ་ནི་དམིགས་བསལ་མི་ཚོགས(དཔེར་ན་རྒན་རྒོན་དང་། བུད་མེད། ལོ་ན་མ་སོན་པའི་སྐྱེ་བོ། དབང་པོ་སྐྱོན་ཅན་དུ་གྱུར་པའི་མི། དམག་མི། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། བཟུང་དམག། ཁྲིམས་ཆད་འཁུར་མཁན་སོགས)ཀྱི་སྤྱི་དམངས་ཀྱི་ཁེ་དབང་ལ་ཟེར་བ་དང་། ཁོ་ཚོར་སྤྱི་དམངས་ཡོངས་ཀྱི་གཞི་རྩའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཕུད། ད་དུང་དམིགས་སུ་བཀར་ནས་ནན་བཤད་བྱ་དགོས་པའི་གཞི་རྩའི་ཁེ་དབང་ཁ་ཤས་ཡོད། རྩ་ཁྲིམས་ནང་ཚོགས་པ་འདི་དག་གི་གཞི་རྩའི་ཁེ་དབང་ནན་བཤད་བྱེད་དགོས་པའི་རྒྱ་རྐྱེན་ནི་དམིགས་བསལ་ཚོགས་སྤྱི་དེ་དག་གི་ཁེ་དབང་ལ་སྣང་མེད་དང་གནོད་འཚེ་ཐེབས་སླ་བ་ཡིན།

4 ནང་དོན་ཞིབ་ཕྲ།

མིག་སྔར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ནང་དོན་དང་རིགས་དབྱེའི་གྲོས་བསྡུར་ལ་ཚིག་ཐག་ཆོད་པའི་ཚིག་ཐག་བཅད་མེད་པ་དང་། རིགས་པའི་གཞུང་ལུགས་ཁག་བར་འགལ་བ་ཡོད་ལ་ཐུན་མོང་གི་རང་བཞིན་ཡང་ཡོད། འགྲོ་བ་མིའི་ཐོབ་ཐང་གི་ངོས་འཛིན་དངོས་དང་ལག་ལེན་དངོས་ཕན་ཚུན་མི་འདྲ་ནའང་། འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་ནང་དོན་ཁ་ཤས་ལ་གོ་བ་ལེན་པའི་ལྟ་བ་གཅིག་མཐུན་ཡིན་པས། གཤམ་དུ་ངོས་འཛིན་གཅིག་མཐུན་ཁ་ཤས་རེ་རེ་བཞིན་འགོད་དགོས་པ་སྟེ།

4_1 ཚེ་སྲོག་གི་དབང་ཆ།

ཚེ་སྲོག་གི་དབང་ཆ་ཞེས་པ་ནི་སྤྱི་དམངས་ཀྱིས་ཁྲིམས་ལྟར་ཚེ་སྲོག་ལ་ཁྲིམས་འགལ་གྱི་གནོད་འཚེ་མི་ཐེབས་པའི་ཁེ་དབང་ལ་ཟེར། ཚེ་སྲོག་གི་དབང་ཆ་ནི་ཆེས་གཞི་རྩ་དང་། ཆེས་གལ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་ཡིན། གལ་ཏེ་མིའི་ཚེ་སྲོག་གི་དབང་ཆ་འགན་སྲུང་གང་ལེགས་བྱེད་མ་ཐུབ་ན། ཁེ་དབང་གཞན་དག་ཚང་མ་མཁའ་ཐོག་གི་ཁང་ཆེན་ཡིན། དོན་མེད་ངང་མིའི་ཚེ་སྲོག་འཕྲོག་པའམ་ཡང་ན་རང་སྣང་གང་ཤར་གྱིས་མི་ལ་འཇིགས་སྐུལ་དང་། མནར་གཅོད་བཅས་བྱེད་པ་ནི་འགྲོ་བ་མིའི་ཐོབ་ཐང་མིན་པའི་མི་ལ་སྤྱོད་ཚུལ་འཛིན་སྟངས་ཡིན། གནས་ཚུལ་དེ་རིགས་རང་དགར་ཐོན་ན་སྒེར་གྱི་ཁེ་དབང་གླེང་ཐབས་བྲལ། སྤྱིར་བཏང་གི་རྒྱལ་ཁབ་ཁག་གི་ཉེས་ཁྲིམས་ནང་མི་གཞན་གྱི་ཚེ་སྲོག་དབང་ཆར་གནོད་འཚེ་གཏོང་བ་བྱས་ཉེས་ཀྱི་ཉེས་ཆད་ལྕི་ཤོས་ཡིན།

4_2 རང་དབང་།

རང་དབང་ཞེས་པ་ནི་མི་ལུས་རང་དབང་དང་། འཕྲིན་གཏོང་རང་མོས། གཏམ་བརྗོད་རང་མོས། ཆོས་དད་རང་མོས་སོགས་མི་སྒེར་གྱི་གཞི་རྩའི་ཁེ་དབང་ལ་ཟེར། རང་དབང་ནི་བལྟོས་བཅས་ཀྱི་སྒྲིག་ཁྲིམས་ལ་མཚོན་ན། བལྟོས་མེད་ཀྱི་རང་དབང་མེད་ཅིང་། རང་དབང་གི་དབང་ཆ་སྤྱོད་རྒྱུ་དེ་བཅའ་ཁྲིམས་ཀྱིས་ཁས་བླངས་པའི་ཁྱབ་ཁོངས་ལས་བརྒལ་མི་རུང་། རྒྱལ་ཁབ་དང་། སྤྱི་ཚོགས། ཐུན་མོང་བཅས་ཀྱི་ཁེ་ཕན་དང་སྤྱི་དམངས་གཞན་དག་གི་ཁྲིམས་མཐུན་རང་དབང་དང་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག

4_3 རྒྱུ་ནོར་དབང་ཆ།

རྒྱུ་ནོར་གྱི་བདག་དབང་ཞེས་པ་ནི་རང་ཉིད་ལ་ལུགས་མཐུན་གྱི་ཐོབ་བྱའི་ཁེ་དབང་ལ་ཟེར། རྒྱུ་ནོར་བདག་དབང་ནི་རྒྱུ་དངོས་བདག་དབང་དང་འདྲ། འོན་ཀྱང་དེའི་ངོ་བོ་ནི་མིའི་བཀོལ་སྤྱོད་དངོས་པོ་ཡིན་པ་དང་། རྒྱུ་ནོར་བདག་དབང་ནི་ཚེ་སྲོག་གི་དབང་ཆ་དང་རང་དབང་གི་རྒྱུན་བསྲིངས་པ་ཞིག་ཡིན། གལ་ཏེ་མི་ཞིག་འཚོ་གནས་བྱེད་འདོད་པ་དང་རང་ཉིད་ཀྱིས་དགའ་བའི་བྱེད་སྟངས་གདམ་ག་བྱས་ནས་འཚོ་གནས་བྱེད་པའི་ནུས་པ་ལྡན་དགོས་ན། ངེས་པར་དུ་དངོས་པོའི་རྒྱབ་སྐྱོར་ཡོད་དགོས་པ་ཡིན། རང་ཉིད་ཀྱི་ངལ་རྩོལ་ལ་ཐོབ་པའི་ཐོབ་ཆ་གཞན་ཕུད་རང་བཞིན་གྱི་བདག་བཟུང་བྱེད་པ་ནི་ཚེ་སྲོག་གི་དབང་ཆ་དང་རང་དབང་གི་དབང་ཆར་མེད་དུ་མི་རུང་བའི་འགན་སྲུང་ཡིན། མིས་ལས་ཀ་བྱེད་ཐུབ་ན་རང་ཉིད་ཀྱི་ངལ་རྩོལ་བྱས་འབྲས་ལ་བརྟེན་ནས་འཚོ་བ་སྐྱེལ་ཐུབ་པ་མ་ཟད། འཚོ་བའི་དངུལ་ལྷག་མ་རྣམས་བསགས་ནས་བུ་ཕྲུག་ལ་འཇོག་པའམ་ཡང་ན་རང་ཉིད་ཀྱི་ཚེ་མཇུག་ཏུ་བེད་སྤྱོད་བྱེད་ཐུབ་པ་དེ་དག་ཚང་མ་མིའི་ལ་རྒྱའི་ཆ་ཤས་ཤིག་ཡིན།

4_4 ལ་རྒྱའི་དབང་ཆ།

གཟབ་ནན་གྱི་དབང་ཆ་ཞེས་པ་ནི་མི་སྒེར་ལ་མི་གཞན་གྱིས་བརྩི་འཇོག་བྱེད་པ་ལས་མི་གཞན་གྱི་སྐད་ཆ་དང་སྐད་ཆ་མ་ཡིན་པའི་རྐྱེན་གྱིས་མི་སྒེར་གྱི་གྱོང་གུན་མི་ཕོག་པའི་ཁེ་དབང་ལ་ཟེར། དབང་ཆ་ལ་བརྩི་འཇོག་བྱེད་པ་ནི་མི་སྒེར་གྱི་མི་གཤིས་ལ་རྒྱ་འགན་སྲུང་བྱེད་པ་ཞིག་ཡིན་ལ། ཚེ་སྲོག་གི་དབང་ཆ་དང་རང་དབང་གི་དབང་ཆ་ལུགས་མཐུན་ངང་རྒྱུན་བསྲིངས་པ་ཞིག་ཀྱང་ཡིན། གལ་ཏེ་མི་ཞིག་ལ་རྒྱ་མེད་ན། ཁོའི་ཚེ་སྲོག་ནི་མི་གཤིས་མེད་པའི་རྣམ་པ་ཞིག་ཡིན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》(སྤྱི་ལོ2018ལོའི་བཟོ་བཅོས)ནང་“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་མིའི་ཐོབ་ཐང་དང་ལ་རྒྱར་གནོད་འཚེ་མི་ཕོག་པ་དང་། བྱེད་ཐབས་གང་རུང་སྤྱད་དེ་སྤྱི་དམངས་ལ་བརྙས་བཅོས་དང་། སྐུར་འདེབས། སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བཅས་བྱེད་རིགས་གཏན་འགོག་བྱེད་དགོས་ཞེས་འཁོད་ཡོད།

4_5 དྲང་བདེན་དབང་ཆ།

དྲང་གཞག་དབང་ཆ་ཞེས་པ་ནི་ལ་རྒྱ་དང་ཁེ་དབང་གི་ཐད་ནས་མི་ཚང་མར་འདྲ་མཉམ་ལུགས་མཐུན་གྱི་ལྟ་སྟངས་འཛིན་པ་ལ་ཟེར། 《འཛམ་གླིང་གི་མིའི་ཐོབ་ཐང་གི་བསྒྲགས་གཏམ》(TheUniversal Declaration of Human Rights) དོན་ཚན1པོའི་ནང“མི་ཚེ་ལ་རང་དབང་ཡོད་པ་དང་། ལ་རྒྱ་དང་ཁེ་དབང་གི་ཐད་ཚང་མ་འདྲ་མཉམ་ཡིན། མི་ཚང་མར་བསྒྲགས་གཏམ་འདིའི་ནང་འཁོད་པའི་ཁེ་དབང་དང་རང་དབང་ཡོད་ཚད་ལོངས་སུ་སྤྱོད་རྒྱུའི་དབང་ཆ་ཡོད་པ་དང་། རིགས་རྒྱུད་དང་། ཤ་མདོག ཕོ་མོ། སྐད་ཆ། ཆོས་ལུགས། ཆབ་སྲིད་བཅས་སམ་ཡང་ན་ལྟ་བ་གཞན་དག་དང་།རྒྱལ་ཁོངས་སམ་སྤྱི་ཚོགས་ཀྱི་འབྱུང་ཁུངས། རྒྱུ་ནོར། སྐྱེས་པའམ་ཡང་ན་ཐོབ་ཐང་གཞན་དག་སོགས་ཀྱི་དབྱེ་བ་གང་ཡང་མི་འབྱེད་པའི་དབང་ཆ་དྲང་བདེན་དབང་ཆ་ནི་མིའི་ཐོབ་ཐང་མི་རེ་རེའི་སྟེང་དུ་རྒྱ་བསྐྱེད་པའི་ཆེད་དུ་ཡིན། གཞུང་དྲང་དབང་ཆ་ནི་འགྲོ་བ་མིའི་ཐོབ་ཐང་གི་ཆ་ཤས་ཤིག་ཡིན་པ་མ་ཟད། དེ་བས་གལ་ཆེ་བ་ཞིག་ནི་དེ་འགྲོ་བ་མིའི་ཐོབ་ཐང་ཁྲོད་ཀྱི་ཆ་ཤས་གཞན་དག་གི་དགོས་ངེས་ཀྱི་ཆ་རྐྱེན་ཡང་ཡིན།

5 ལོ་རྒྱུས་འཕེལ་རིམ།
5_1 རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་འགྲོ་རིམ།

རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་བགྲོད་ལམ་དེ་ལོ་ངོ5000ལྷག་ཙམ་གྱི་རིག་གནས་སྲོལ་རྒྱུན་ལ་རྩ་བ་ཚུགས་པ་དང་། ཉེ་རབས་ཚུན་གྱི་ལོ་ངོ170ལྷག་ཙམ་གྱི་དཀའ་སྤྱད་འཚོལ་ཞིབ་ལས་བྱུང་ནད་། སྤྱི་ལོ1949ལོ་ནས་བཟུང་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ42རིང་གི་རླབས་ཆེན་ལག་ལེན་ལས་བྱུང་བ་ཞིག་རེད། རང་རྒྱལ་གྱིས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་དང་དམིགས་བསལ་རང་བཞིན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། དམངས་གཙོ། དམངས་འཚོ་ཕན་ཚུན་བར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ཞི་བདེ་དང་འཕེལ་རྒྱས་ཕན་ཚུན་མཐུན་སྦྱོར་ཡོང་བ་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་འགྲོ་བ་མིའི་ཐོབ་ཐང་ཡར་ཐོན་ཡོང་བའི་ལོ་རྒྱུས་ཀྱི་ལེའུ་བརྩམས་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གི་དངོས་ཡོད་ཇུས་གཞི་རྒྱ་སྐྱེད་བཏང་།

5_2 དོན་སྙིང་གཙོ་བོ།

《འཛམ་གླིང་གི་མིའི་ཐོབ་ཐང་སྐོར་གྱི་བསྒྲགས་གཏམ》(The Universal Declaration of Human Rights)གླེང་གཞིའི་ནང་དུ“མིའི་ཐོབ་ཐང”སྐོར་གྱི་དོན་སྙིང་གལ་ཆེན་བཏོན་ཡོད་པ་སྟེ།

མིའི་རིགས་ཁྱིམ་ཚང་གི་ཁོངས་མི་ཡོངས་ཀྱི་སྔར་ཡོད་ལ་རྒྱ་དང་འདྲ་མཉམ། འགྱུར་བ་མེད་པའི་ཁེ་དབང་ཁས་ལེན་བྱས་པར་གཞིགས་ནས། འཛམ་གླིང་རང་དབང་དང་དྲང་བདེན། ཞི་བདེ་བཅས་ཀྱི་རྨང་གཞི་ཡིན་པས། འགྲོ་བ་མིའི་ཐོབ་ཐང་སྣང་མེད་དུ་འཇོག་པ་དང་དམའ་འབེབས་བྱེད་པ་དེ་གདུག་རྩུབ་ཀྱི་རྩུབ་སྤྱོད་དུ་འཕེལ་བར་དམིགས་ནས། དྲག་སྤྱོད་འདི་དག་གིས་མིའི་རིགས་ཀྱི་གཞུང་སེམས་ལ་བསླད་སྐྱོན་བཏང་བ་དང་། མི་ཚང་མར་གཏམ་བརྗོད་དང་དད་མོས་རང་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་མ་ཟད། འཇིག་སྐྲག་མི་དགོས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ནང་ཁོང་ཚོས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། མི་གཤིས་ལ་རྒྱ། རིན་ཐང་བཅས་དང་དེ་བཞིན་ཕོ་མོ་འདྲ་མཉམ་གྱི་ཁེ་དབང་ལ་བཅངས་པའི་དད་སེམས་བསྐྱར་བསྒྲགས་བྱས་པར་གཞིགས་ནས་རང་དབང་ཅུང་ཆེ་བའི་ཁྲོད་ཀྱི་སྤྱི་ཚོགས་ཡར་ཐོན་དང་འཚོ་བའི་ཆུ་ཚད་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་བཅངས་ཡོད།

5_3 རང་རྒྱལ་གྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཡིག་ཆ།

རང་རྒྱལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དེ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བ་ཡོད་པའི་ནང་དོན་དང་འབྲེལ་བ་ཡོད། དེའི་ཁྲོད་རང་རྒྱལ་གྱི་རྩ་བའི་བཅའ་ཁྲིམས་ཆེན་པོའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》(སྤྱི་ལོ2018ལོའི་བཟོ་བཅོས)ནང་འགྲོ་བ་མིའི་ཐོབ་ཐང་ལ་གཏན་འབེབས་གསལ་པོ་བྱས་ཡོད། གཞན་ཡང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》(སྤྱི་ལོ2020ལོ)《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》(སྤྱི་ལོ2020ལོའི་བཟོ་བཅོས)《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཁེ་དབང་འགན་སྲུང་བཅའ་ཁྲིམས》(སྤྱི་ལོ2018ལོའི་བཟོ་བཅོས)《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་འགན་སྲུང་བཅའ་ཁྲིམས》(སྤྱི་ལོ2018ལོའི་བཟོ་བཅོས)སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་ཡོད་ནང་དོན་དང་འབྲེལ་བ་ཡོད། བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཡིག་ཆ་འདི་དག་གིས་མཉམ་དུ་རང་རྒྱལ་སྤྱི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱས་ཡོད།

5_4 རང་རྒྱལ་གྱི་པུའུ་ཨུ་ཁག་གི་འབྲེལ་ཡོད་སློབ་གསོའི་རིགས་ཀྱི་ཡིག་ཆ།

མིའི་ཐོབ་ཐང་ནི་མི་ཚང་མའི་ལྷན་སྐྱེས་ཀྱི་ཁེ་དབང་ཡིན། རང་རྒྱལ་གྱི་པུའུ་ཨུ་ཁག་གིས་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་སློབ་གསོའི་རིགས་ཀྱི་ཡིག་ཆའི་ནང་།《སློབ་གྲྭ་འབྲིང་ཆུང་གི་ཁྲིམས་ལུགས་སློབ་གསོའི་མཛུབ་སྟོན་རྩ་གནད》(སྤྱི་ལོ2007ལོར)འགྲོ་བ་མིའི་ཐོབ་ཐང་སློབ་གསོའི་དགོས་ངེས་རང་བཞིན་གསལ་པོར་ནན་བཤད་བྱས་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་སློབ་གསོའི་ནང་དོན་དང་དམིགས་འབེན་བསྟན་ཡོད།


དཔྱད་གཞིའི་ཡིག་ཆ།