ཏང་གི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་ཡུན།སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2021-03-24 10:02ལ་འགྲུབ།

ཏང་གི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་ཡུན།

ཏང་གི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་ཡུན།
ཏང་གི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་ཡུན་ཞེས་པ་ནི་ཏང་གི་རིམ་པ་ཁག་གི་འཐུས་མིའི་ཚོགས་ཆེན་ནམ་ཏང་ཡོན་ཚོགས་ཆེན་ཐོག་བདམས་ཐོན་བྱུང་བའི་རིམ་པ་གཅིག་མཚུངས་ཀྱི་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར་འགོ་ཁྲིད་ལས་ཁུངས་ཀྱི་འགན་འཁྲི་སྒྲུབ་པ་དང་། འགོ་ཁྲིད་ཀྱི་དབང་ཆ་སྤྱོད་པའི་དུས་ཀྱི་ཡུན་ཚད་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党的委员会任期
རིགས་དབྱེ།
ཆབ་སྲིད།
1 ​ངོ་སྤྲོད། 

ཏང་གི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་ཡུན་ཞེས་པ་ནི་ཏང་གི་རིམ་པ་ཁག་གི་འཐུས་མིའི་ཚོགས་ཆེན་ནམ་ཏང་ཡོན་ཚོགས་ཆེན་ཐོག་བདམས་ཐོན་བྱུང་བའི་རིམ་པ་གཅིག་མཚུངས་ཀྱི་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར་འགོ་ཁྲིད་ལས་ཁུངས་ཀྱི་འགན་འཁྲི་སྒྲུབ་པ་དང་། འགོ་ཁྲིད་ཀྱི་དབང་ཆ་སྤྱོད་པའི་དུས་ཀྱི་ཡུན་ཚད་ལ་ཟེར།

ཏང་གི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་ཡུན་ནི་ཏང་གི་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གིས་འགན་དབང་སྤྱོད་ཡུན་བཅས་ཡིན། ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར་ན། ཏང་གི་ཀྲུང་དབྱང་དང་ས་གནས་ཀྱི་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་སྐབས་རེའི་འགན་འཁུར་ཡུན་ནི་ལོ་ལྔ་རེ་ཡིན། ཏང་གི་སྒྲིག་ཡིག་གི་དོན་ཚན་བཅུ་གསུམ་པ་སོ་སོར་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་། སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཅས་ཀྱི་སྐབས་རེའི་འགན་འཁུར་ཡུན་ཚད་སྐོར་རྩ་དོན་ཐོག་གཏན་འབེབས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཏང་གི་སྒྲིག་ཡིག་གི་རྩ་དོན་གྱི་གཏན་འབེབས་ལྟར། རིགས་མི་འདྲ་བ་དང་རིམ་པ་མི་འདྲ་བའི་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་ཡུན་སྐོར་ལ་གཏན་འབེབས་ཞིབ་ཕྲ་བྱས་པ་གཤམ་གསལ། ཁེ་ལས་ཆེ་འབྲིང་དང་། སློབ་གྲྭ་ཆེ་འབྲིང་། གཞི་ཁྱོན་ཅུང་ཆེ་བའི་ཚན་རིག་ཞིབ་འཇུག་ཁང་གི་ཏང་གི་ཨུ་ཡོན་ལྷན་ཁང་དང་། ས་གནས(གྲོང་ཁྱེར། ཀྲོའུ། མེང)རིམ་པ་དང་ས་ཁུལ(གྲོང་ཁྱེར། ཀྲོའུ། མེང)རིམ་པ་ཡན་གྱི་ལས་ཁུངས་ཀྱི་ཏང་གི་ཨུ་ཡོན་ལྷན་ཁང་གིས་ལས་འགན་ལོ་བཞི་འཁུར་ཡུན་དང་། ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་གཞན་དག་གིས་ལས་འགན་ལོ་གསུམ་འཁུར་ཡུན་ལག་ལེན་བསྟར་རྒྱུ། ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་གྲོང་སྡེའི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་ལོ་གསུམ་གྱི་འགན་འཁུར་ཡུན་ལག་ལེན་བསྟར་རྒྱུ་དང་། ཏང་གི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གཞན་དག་གིས་ལོ་གཉིས་ཀྱི་འགན་འཁུར་ཡུན་ལག་ལེན་བསྟར་རྒྱུ།

《ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་བྱ་བའི་ཚིག་མཛོད》ལས་བདམས་པ།

ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་སྐབས་རེའི་འགན་འཁུར་ཡུན་ཚད་ལོ་གསུམ་ནས་ལྔ་བར་ཡིན། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ན། དོན་ཚན་སོ་གཅིག་པ་རུ། ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་། སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཅས་སྐབས་རེའི་འགན་འཁུར་ཡུན་ཚད་ལོ་གསུམ་ནས་ལྔའི་བར་ཡིན། གཞི་རིམ་ཨུ་ཡོན་ལྷན་ཁང་དང་། སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་བདམས་ཐོན་བྱུང་རྗེས། གོང་རིམ་ཏང་གི་རྩ་འཛུགས་ལ་ཆོག་མཆན་ཞུ་དགོས།

དོན་ཚན་སོ་བརྒྱད་པ། ཏང་གི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་རྣམས་དམངས་གཙོས་འདེམས་བསྐོ་བྱས་པའམ་ཡང་ན་འགོ་ཁྲིད་ལས་ཁུངས་ཀྱིས་བསྐོ་གཞག་བྱས་པ་གང་ཡིན་རུང་། ཁོ་ཚོའི་གོ་གནས་དེ་ཚེ་གང་ལ་བཟུང་ཆོག་པ་ཞིག་མ་ཡིན་པར་ཚང་མ་བསྒྱུར་ཆོག་པའམ་ཕྱིར་འཐེན་བྱས་ཆོག ལོ་ན་མཐོ་བ་དང་གཟུགས་གཞི་བདེ་ཐང་མིན་པའི་རྐྱེན་གྱིས་ལས་ཀ་མུ་མཐུད་བྱས་ན་མི་འཚམ་པའི་ལས་བྱེད་པ་རྣམས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོ་བྱ་དགོས།