ཏང་གི་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ།སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2021-03-24 09:55ལ་འགྲུབ།

ཏང་གི་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ།

ཏང་གི་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ།
ཏང་གི་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་ཞེས་པ་ནི་ཏང་གི་རིམ་པ་ཁག་གི་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཡུན་ཚད་ཐིམ་རྗེས་ཏང་གི་འཐུས་མི་ཚོགས་ཆེན་འཚོགས་པའམ་ཏང་ཡོན་ཚོགས་ཆེན་ཐོག་སྐབས་གསར་པའི་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བར་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党的委员会换届
རིགས་དབྱེ།
ཆབ་སྲིད།
1 ངོ་སྤྲོད། 

ཏང་གི་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་ཞེས་པ་ནི་ཏང་གི་རིམ་པ་ཁག་གི་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཡུན་ཚད་ཐིམ་རྗེས་ཏང་གི་འཐུས་མི་ཚོགས་ཆེན་འཚོགས་པའམ་ཏང་ཡོན་ཚོགས་ཆེན་ཐོག་སྐབས་གསར་པའི་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བར་ཟེར། 

ཏང་ཨུའི་སྐབས་བརྗེ་ཞེས་པ་ནི་སྐབས་འདིའི་ཏང་ཨུའི་འགན་ཡུན་ལོན་ནས་ཁྲིམས་ལྟར་སྐབས་གསར་བའི་ཏང་ཨུ་འདེམས་བསྐོ་བྱེད་པའི་བཅའ་ཁྲིམས་ཀྱི་བྱ་སྤྱོད་ལ་ཟེར། དེའི་དམིགས་ཡུལ་ནི་ཏང་གི་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་ལེན་མཐར་ཕྱིན་བསྟར་བ། ཏང་གི་རྩ་འཛུགས་ཀྱི་འཐབ་འཛིང་ནུས་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན། ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཞང་བཅས་རིམ་པ་བཞིའི་ཏང་གི་ཨུ་ཡོན་ལྷན་ཁང་སྐབས་བརྗེའི་འདེམས་བསྐོ་བྱེད་པར་ཟེར།

ཨུ་ལྷན་གཉིས་ཀྱི་སྐབས་བརྗེ་བ་ནི་གྲོང་ཚོ་རིམ་པའི“ཨུ་ལྷན་གཉིས”སྐབས་བརྗེ་བ་སྟེ། གྲོང་ཚོའི་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་གྲོང་མིའི་ཨུ་ཡོན་ལྷན་ཁང་སྐབས་བརྗེ་བའི་འདེམས་བསྐོ་ཡིན།

2 ཏང་ཨུའི་སྐབས་བརྗེའི་གོ་རིམ།

1.ཏང་གི་ཨུ་ཡོན་ལྷན་ཁང་གིས་སྐབས་བརྗེའི་བསྐྱར་འདེམས་ལས་དོན་ལ་ཞིབ་འཇུག་བྱས་ནས་གྲོས་ཆོད་བཞག་སྟེ་གོང་རིམ་ཏང་རྩ་འཛུགས་ལ་སྐབས་བརྗེའི་བསྐྱར་འདེམས་ལས་དོན་སྐོར་གྱི་དགོངས་སྐོར་ཞུ་དགོས།

2.སྐབས་བརྗེ་བསྐྱར་འདེམས་མ་བྱས་གོང་གི་གྲ་སྒྲིག་ལས་དོན།

3.ཏང་ཡོན་ཚོགས་ཆེན་ནམ་ཏང་ཡོན་འཐུས་མི་ཚོགས་ཆེན་གྱི་གྲ་སྒྲིག་ཚོགས་འདུ་ལེགས་པར་འཚོག་དགོས།

4.ཏང་ཡོན་གྱི་ཚོགས་ཆེན་ནམ་ཏང་ཡོན་གྱི་འཐུས་མིའི་ཚོགས་ཆེན་འཚོགས་ཏེ་འདེམས་བསྐོ་བྱ་དགོས།

5.གསར་དུ་བདམས་པའི་ཏང་ཨུ(སྒྲིག་ཨུ)ཡི་ཁོངས་མིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོགས་བྱས་ཏེ་རང་མིང་མི་འགོད་པའི་འདེམས་ཤོག་འཕངས་ནས་ཏང་ཨུ(སྒྲིག་ཨུ)ཡི་ཧྲུའུ་ཅི་རྒན་པ་དང་གཞོན་པ་འདེམས་བསྐོ་བྱེད་པ་དང་། ཨུ་ཡོན་གྱི་ལས་བགོས་ལ་ཞིབ་འཇུག་བྱེད་དགོས།

6.གོང་རིམ་ཏང་རྩ་འཛུགས་ལ《སྐབས་བརྗེའི་བསྐྱར་འདེམས་བྱས་ཚུལ་སྙན་ཞུ》འབུལ་དགོས། སྙན་ཞུའི་ནང་དོན་ནི་སྐབས་བརྗེའི་བསྐྱར་འདེམས་ཀྱི་གནས་ཚུལ་མདོར་བསྡུས་དང་། བྱེད་ཐབས། གོ་རིམ་བཅས་ ཏང་ཨུ(སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང)ཡི་ཧྲུའུ་ཅི་རྒན་གཞོན་དང་། དེ་བཞིན་གྲོས་ཚོགས་བཅས་ཀྱི་ལས་བགོས་དང་། མི་རེ་རེའི་འདེམས་ཤོག་ཐོབ་གྲངས་དང་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་འདེམས་སྒྲུག་བྱེད་པའི་འདེམས་ཤོག་གི་གྲངས་འབོར།

7.སྐབས་བརྗེའི་བསྐྱར་འདེམས་ལས་དོན་གྱི་ཡིག་ཆ་དང་འདེམས་ཤོག་སོགས་དཔྱད་ཡིག་ཐམ་མནན་ཉར་ཚགས་བྱས་ནས་ཡིག་ཚགས་སུ་འཇོག་རྒྱུ།

ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཡུན་ཚད་མ་ལོན་པའི་སྔོན་དུ། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་འཚོགས་ནས། ཀྲི་པུའུ་ཏང་ཡོན་ཚོགས་ཆེན་འཚོགས་ཏེ་སྐབས་བརྗེའི་འདེམས་བསྐོ་བྱེད་པའི་འབྲེལ་ཡོད་དོན་དག་ལ་ཞིབ་འཇུག་བྱེད་དགོས། དེའི་ནང་དུ་དུས་བཅད་ལྟར་སྐབས་བརྗེའི་འདེམས་བསྐོ་བྱེད་མིན་དང་། ཀྲི་པུའུ་ཏང་ཡོན་ཚོགས་ཆེན་ཚོགས་པའི་དུས་ཚོད་དང་གྲོས་རིམ་གཏན་འཁེལ་བྱེད་དགོས། སྐབས་རྗེས་མའི་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བཅས་ཀྱི་མི་གྲངས། ཨུ་ཡོན་གྱི་འོས་མིའི་མིང་འདོན་པ། ཀྲི་པུའུ་ཏང་ཡོན་ཚོགས་ཆེན་གྱི་འདེམས་བསྐོ་བྱེད་ཐབས་སོགས་ཡིན།

ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་གོང་རིམ་ཏང་རྩ་འཛུགས་ལ་ཀྲི་པུའུ་ཏང་ཡོན་ཚོགས་ཆེན་བསྡུས་ནས་སྐབས་བརྗེ་འདེམས་བསྐོ་བྱེད་པའི་སྐོར་གྱི་དགོངས་སྐོར་སྙན་སེང་ཞུ་དགོས། ཀྲི་པུའུ་ཏང་ཡོན་ཚོགས་ཆེན་འཚོགས་ནས་སྐབས་བརྗེའི་འདེམས་བསྐོ་བྱ་རྒྱུའི་སྐོར་གྱི་དགོངས་སྐོར་སྙན་སེང་གོང་རིམ་ཏང་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་རྗེས། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་ཀྲི་པུའུ་ཏང་ཡོན་ཚོགས་ཆེན་སྐོང་ཚོགས་བྱ་རྒྱུའི་གྲ་སྒྲིག་དོན་ཚན་ལ་ཞིབ་འཇུག་དང་། སྐབས་རྗེས་མའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བཅས་ཀྱི་འོས་མི་གྲ་སྒྲིག་བྱ་རྒྱུའི་གྲོས་བསྡུར་དང་འོས་སྦྱོར་བྱ་རྒྱུའི་སྒྲིག་འཛུགས་བྱ་དགོས།

ཀྲི་པུའུ་ཡི་ཏང་ཡོན་ཡོངས་ཀྱི་ཚོགས་ཆེན་སྐོང་འཚོག་བྱ་དགོས། གྲོས་ཚོགས་ཀྱི་གྲོས་རིམ་ནི་ཀྲི་པུའུ་ཏང་ཡོན་ཚོགས་ཆེན་གྱི་ཚོགས་འདུ་འཚོགས་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ་དང་། རྒྱལ་གླུ་ལེན་པ། ཏང་ཀྲི་པུའུ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གྱིས་ལས་དོན་སྙན་སྒྲོན་གནང་བ་དང་། ཏང་དངུལ་རྩིས་ལེན་དང་བེད་སྤྱོད་བྱས་པའི་གནས་ཚུལ་སྙན་ཞུ་བྱ་དགོས། ཏང་ཀྲི་པུའུ་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་སྐོང་འཚོགས་བྱས་ནས་ཏང་ཀྲི་པུའུ་ཨུ་ལྷན་གྱི་ལས་དོན་སྙན་ཞུའི(ཏང་དངུལ་རྩིས་ལེན་བེད་སྤྱོད་བྱས་ཚུལ་གྱི་སྙན་ཞུ)གྲོས་བསྡུར་བྱས་ཚུལ་གྱི་སྙན་ཞུ་ཉན་ནས་ཞིབ་འཇུག་བྱས་ཏེ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་འདོན་དགོས། ཚོགས་ཆེན་གྱི་འདེམས་བསྐོ་བྱེད་ཐབས (འཆར་ཟིན)དང་སྐབས་རྗེས་མའི་ཏང་ཀྲི་པུའུ་ཨུ་ལྷན་གྱི་གདམ་བྱའི་འོས་མིའི་གྲོས་འགོའི་མཚན་ཐོར་གྲོས་བསྡུར་བྱས་ཚུལ་གྱི་སྙན་ཞུ་ཉན་ནས་འོས་མིའི་མིང་ཐོ་གཏན་འཁེལ་བྱེད་དགོས།