འཛད་སྤྱོད་པའི་ཁེ་དབང་ལ་གནོད་སྐྱོན་བཟོས་པའི་གྱོད་དཔེ་ཆེན་པོ་བཅུ།སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2021-03-24 14:48ལ་འགྲུབ།

འཛད་སྤྱོད་པའི་ཁེ་དབང་ལ་གནོད་སྐྱོན་བཟོས་པའི་གྱོད་དཔེ་ཆེན་པོ་བཅུ།

འཛད་སྤྱོད་པའི་ཁེ་དབང་ལ་གནོད་སྐྱོན་བཟོས་པའི་གྱོད་དཔེ་ཆེན་པོ་བཅུ།
ཉེ་ཆར། མཚོ་སྔོན་གྱིས་འཛད་སྤྱོད་པའི་ཁེ་དབང་ལ་གནོད་སྐྱོན་བཟོས་པའི་གྱོད་དཔེ་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
侵害消费者权益的十大案例
རིགས་དབྱེ།
སྤྱི་ཚོགས།

1 ངོ་སྤྲོད། 

གྱོད་དཔེ་དང་པོ། 

ཟས་རིགས་ལ་ཚད་བརྒལ་རྫས་སྦྱོར་བསྲེས་པ།

སྤྱི་ལོ2020ལོའི་ཟླ10པའི་ཚེས10ཉིན། ཁྲི་ཀ་རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁྲིམས་བསྟར་མི་སྣས་ཞིང་ཆེན་ཟས་རིགས་ཞིབ་བཤེར་ཁང་གི་ལས་བྱེད་མི་སྣ་དང་མཉམ་འབྲེལ་གྱིས་ཁྲི་ཀ་རྫོང་གི་ཞོགས་ཟས་ཟ་ཁང་ཞིག་ལས་གོ་རེ་སྣུམ་བཙོས་ཤིག་དཔེ་གཞིར་བླངས་ཏེ་ཞིབ་བཤེར་བྱས་པ་བརྒྱུད། ཟ་ཁང་དེས་བཙོང་བཞིན་པའི་གོ་རེ་སྣུམ་བཙོས་ནང་ཧ་ཡང་གི་རྫས་ལྷག་ལུས་བྱུང་ཚད་དེ《རྒྱལ་ཁབ་ཟས་རིགས་བདེ་འཇགས་ཀྱི་ཚད་གཞི་དང་ཟས་རིགས་ལ་རྫས་སྦྱོར་བཀོལ་བའི་ཚད་གཞིའི》བླང་བྱ་དང་མི་མཐུན་པས། ཞིབ་བཤེར་མཇུག་འབྲས་ཚད་གཞི་དང་མི་མཐུན་པ་རེད། ཁྲིམས་འཛིན་མི་སྣས་མྱུར་ཏུ་ཞོགས་ཟས་ཟ་ཁང་དེར་ཞིབ་བཤེར་བྱས་ཚེ། ཐབ་ཚང་དུ་ཚུར་དཀར་སིལ་མ་སྟོང་ཁེ1.5བཞག་ཡོད་པ་རྙེད་ཅིང་། དོ་བདག་པས་དངོས་པོ་དེ་རིགས་ཀྱི་ཡོང་ཁུངས་དང་དཔང་ཡིག་སོགས་མཁོ་སྤྲོད་བྱེད་མ་ཐུབ། དོ་བདག་པའི་བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས》ཀྱི་གཏན་འཁེལ་དང་འགལ་ཏེ་ཟས་རིགས་རྫས་སྦྱོར་ཚད་བརྒལ་གྱིས་བཀོལ་སྤྱོད་བྱས་པའི་བྱ་སྤྱོད་གྲུབ་ཡོད་པས། ཁྲིམས་བསྟར་མི་སྣས་དོ་བདག་པ་ལ་ཁྲིམས་འགལ་གྱི་སྤྱོད་སྟངས་བཅོས་བསྒྱུར་བྱེད་དགོས་པའི་བཀའ་ཕབ་ཅིང་ཁྲིམས་འགལ་གྱི་ཡོང་འབབ་དང་ཁྲིམས་འགལ་གྱི་རྫས་སྦྱོར་དག་གཞུང་བཞེས་བྱས་པ་མ་ཟད་དངུལ་ཆད་བཅད།

གྱོད་དཔེ་གཉིས་པ། 

ཐོ་འགོད་བྱས་ཟིན་པའི་ཚོང་རྟགས་ཀྱི་ཆེད་སྤྱོད་དབང་ཆར་གནོད་སྐྱོན་བཟོས་ཏེ་ཆང་དཀར་བཙོང་བ།

སྤྱི་ལོ2020ལོའི་ཟླ6པའི་ཚེས5ཉིན། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱི་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁྲིམས་བསྟར་མི་སྣས་འཛད་སྤྱོད་པས་ཞུ་གཏུག་བྱས་པ་གཞིར་བཟུང་སྟེ། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱི་ཞང་ཆིན་ཟས་རིགས་ཚོང་ཁང་གི་ཡུལ་དངོས་ལ་བརྟག་དཔྱད་བྱས་ཤིང་། ཚོང་ཁང་ནང་གཞན་གྱིས་ཐོ་འགོད་བྱས་པའི་ཚོང་རྟགས་ཀྱི་ཆེད་སྤྱོད་དབང་ཆར་གནོད་སྐྱོན་བཟོས་པའི“ཝུའུ་ལང་ཡེ”ཆང་དཀར་དམ་བུ6ལག་སོན་བྱུང་ཞིང་། སི་ཁྲོན་ཞིང་ཆེན་དབྱི་པིན་ཝུའུ་ལང་ཡེ་སྡེ་ཚོགས་ཚད་ཡོད་ཀུང་སིས་ཐག་གཅོད་བྱས་པ་བརྒྱུད། ཚོང་ཁང་དེས་གཞན་གྱི་ཀུང་སིའི་ཐོ་འགོད་བྱས་ཟིན་པའི་ཚོང་རྟགས་རྫུན་བཟོ་བྱས་པ་གསལ་བོར་ཤེས། དོ་བདག་པའི་བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་རྟགས་ཐོ་འགོད་བཅའ་ཁྲིམས》ཀྱི་གཏན་འཁེལ་དང་འགལ་ཏེ། ཐོ་འགོད་བྱས་ཟིན་པའི་ཚོང་རྟགས་ཀྱི་ཆེད་སྤྱོད་དབང་ཆ་ལ་གནོད་སྐྱོན་བཟོས་ནས་ཚོང་རྫས་ཉོ་ཚོང་བྱེད་པའི་བྱ་སྤྱོད་གྲུབ་ཡོད་པས། ཁྲིམས་བསྟར་མི་སྣས་དོ་བདག་པར་གཞན་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་མཚམས་འཇོག་དགོས་པའི་བཀའ་ཕབ་ཏེ་ཚོང་རྫས་རྫུན་མ་གཞུང་བཞེས་བྱས་ཤིང་དངུལ་ཆད་བཅད།

གྱོད་དཔེ་གསུམ་པ། 

འཛད་སྤྱོད་པ་མི་སྒེར་གྱི་ཆ་འཕྲིན་ལ་གནོད་སྐྱོན་བཟོས་པ།

སྤྱི་ལོ2020ལོའི་ཟླ3པའི་ཚེས20ཉིན། ཟི་ལིང་གྲོང་ཁྱེར་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁྲིམས་བསྟར་མི་སྣས་ཁུངས་སྣེ་ཞིག་གཞིར་བཟུང་ནས་མཚོ་སྔོན་ཁེ་ཐིན་འཛུགས་སྐྲུན་མཛེས་བཟོ་ལས་གཞི་ཚད་ཡོད་ཀུང་སི་ལ་ཁྲིམས་ལྟར་ཡུལ་དངོས་སུ་ཞིབ་བཤེར་བྱས་པས། ཀུང་སི་དེས་ལས་གཉེར་གྱི་ཚད་ཇེ་མཐོར་གཏོང་ཆེད་འཛད་སྤྱོད་པ་ཡིད་འཐད་མ་བྱུང་བའི་གནས་ཚུལ་འོག འཛད་སྤྱོད་པའི་ཆ་འཕྲིན་བསྡུ་ཉར་དང་བེད་སྤྱོད་བྱས་པ་ཤེས་རྟོགས་བྱུང་། རྟོག་དཔྱོད་བྱེད་སྐབས། ཁྲིམས་བསྟར་མི་སྣས་ཀུང་སི་དེའི་ཚོང་གཉེར་པུའུ་ཡི་ལས་གཉེར་མི་སྣའི་ལག་ཏུ་ཡོང་ཁུངས་མི་གསལ་པའི་འཛད་སྤྱོད་པ་མི་སྒེར་གྱི་ཆ་འཕྲིན400ལྷག་ཡོད་པ་ཤེས་རྟོགས་བྱུང་བ་རེད། དོ་བདག་པའི་བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》ཀྱི་གཏན་འཁེལ་དང་འགལ་ཏེ། འཛད་སྤྱོད་པ་མི་སྒེར་གྱི་ཆ་འཕྲིན་ལ་གནོད་སྐྱོན་བཟོས་པའི་བྱ་སྤྱོད་གྲུབ་ཡོད་པས། ཁྲིམས་བསྟར་མི་སྣས་དོ་བདག་པར་ཁྲིམས་འགལ་གྱི་བྱ་སྤྱོད་དེའི་རིགས་མཚམས་འཇོག་དགོས་པའི་བཀའ་ཕབ་པ་མ་ཟད་དངུལ་ཆད་བཅད།

གྱོད་དཔེ་བཞི་བ། 

དྲ་རྒྱའི་སྟེགས་བུ་སྟེང་ལི་གྲོ་དྲིལ་སྒྲོག་རྫུན་བཟོ་བྱས་པ།

སྤྱི་ལོ2020ལོའི་ཟླ6པའི་ཚེས15ཉིན། ཟི་ལིང་གྲོང་ཁྱེར་ཧུང་ཀྲུང་ཆུས་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁྲིམས་བསྟར་མི་སྣས་ཐེར་འདོན་བྱས་པ་ལྟར། མཚོ་སྔོན་ཞིང་ཆེན་ཞིན་ལུའི་ཁང་ཟས་རིགས་ཚད་ཡོད་འགན་འཁྲི་ཀུང་སིར་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་བརྒྱུད། ཀུང་སི་དེས་ཨ་ལེ་པཱ་པཱ་སྟེགས་བུའི་སྟེང“ཆིན་སུའེ་ལི་གྲོ་འབྲས་དམར”ནི་འབྲུ་རིགས་ཁྲོད་ཀྱི་མཆོག་ཡིན་པར་ཤོག་བྱང་སྟེང་དཔར་ཡོད་ཅིང་། འབྲུ་འདེབས་ཞིང་བས་ར་སྤྲོད་ལ་ལི་གྲོ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབྲུ་འདེབས་ཞིང་བའི་རྩ་འཛུགས་ཀྱིས་ཁས་ལེན་པའི་སྤུས་ལེགས་ཅན་གྱི་ཟས་བཅུད་ཁེར་ཕུང་རྩི་ཤིང་ཡིན་ཞིང་། འབྲུ་རིགས་ཁྲོད་མཱེ་དང་མེང་། ཞིན། ཀའེ་སོགས་ཀྱི་གཏེར་རྒྱུ་སྣ་ཚོགས་འདུས་ཡོད་པ་དང་། སྤྱི་ལོ1980ལོར་ཨ་མེ་རི་ཁའི་འཇིག་རྟེན་འཕུར་སྐྱོད་པའི་བར་སྣང་གི་ཟས་རིགས་སུ་གྱུར་ཡོད་པ་སོགས་ཀྱི་གོ་ལོག་ཐེབས་སྲིད་པའི་དྲིལ་སྒྲོག་རྫུན་བཟོ་བྱས་ཡོད། ཀུང་སི་དེའི་བྱ་སྤྱོད་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》ཀྱི་གཏན་འཁེལ་དང་འགལ་ཡོད་པ་མ་ཟད། ཚོང་རྫས་ལ་གོ་ལོག་ཐེབས་སྲིད་པའི་དྲིལ་སྒྲོག་རྫུན་བཟོ་བྱས་ཡོད་པས། ཁྲིམས་བསྟར་མི་སྣས་དོ་བདག་པར་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་དགོས་པར་བཀའ་ཕབ་པ་མ་ཟད་དངུལ་ཆད་བཅད།

གྱོད་དཔེ་ལྔ་པ།  

བཟའ་བཏུང་གི་ཐོག་མའི་གྲུབ་ཆ་དྲིལ་སྒྲོག་རྫུན་བཟོ་བྱས་པ།

སྤྱི་ལོ2020ལོའི་ཟླ10པའི་ཚེས9ཉིན། ཞིང་ཆེན་ཚོང་ར་ལྟ་སྐུལ་ཅུས་ཁྲིམས་བསྟར་ཞིབ་བཤེར་ཅུས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་པའི་གོ་རིམ་ཁྲོད། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧྭའེ་ཝང་ཧུའུ་ཟ་ཁང་གི་སྒོ་བྱང་ལ“ཅང་ཞན”“ཧུའུ་ཞན”ཞེས་པའི་ཡི་གེ་བྲིས་ཡོད་པ་དང་། ཚལ་ཐོ་སྟེང“འབྲི་ཆུའི་ཉ་ཤ་བཙོས་མ”“རི་སྐྱེས་རུས་སྦལ” ཞེས་པའི་མིང་བྲིས་ཡོད་ཅིང་། ཞིབ་བཤེར་བརྒྱུད་ཤེས་རྟོགས་བྱུང་པ་ལྟར་ན། དོ་བདག་པས་རྒྱུ་ཆ་གྲོན་ཆུང་བྱ་ཆེད། སྔོན་ཆད་ཀྱི“ཡུང་ཐིན་ཀོ”ཟ་ཁང་གི་སྒོ་བྱང་དང་ཚལ་ཐོ་མུ་མཐུད་དུ་བཀོལ་སྤྱོད་བྱས་ནས། “འབྲི་ཆུའི་ཉ་ཤ་བཙོས་མ”ཞེས་པའི་རྒྱུ་ཆ་ནི་ནན་ཅིན་ལུའོ་ཧོ་ཆུས་ཡུས་ཡོ་ཟས་རིགས་ལས་སྣོན་བཟོ་གྲྭ་ནས་ཉོས་པའི་ཐའེ་ཧུའུ་མཚེའུ་ཉ་ཤའི་ཕྱེད་བཟོས་ཐོན་རྫས་ཡིན་ཞིང་། ལས་སྣོན་བྱས་པའི“རི་སྐྱེས་རུས་སྦལ”གྱི་རྒྱུ་ཆ་ནི་ཟི་ལིང་གྲོང་ཁྱེར་གྱི་ཚོང་ར་རུ་ཉོས་པའི་མིས་གསོ་སྤེལ་བྱས་པའི་རུས་སྦལ་ཡིན། དོ་བདག་པའི་བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》ཀྱི་གཏན་འཁེལ་དང་འགལ་ཡོད་ཅིང་། ཚོང་རྫས་ལ་གོ་ལོག་ཐེབས་སྲིད་པའི་དྲིལ་བསྒྲགས་རྫུན་བཟོ་བྱས་ཡོད་པས། ཁྲིམས་བསྟར་མི་སྣས་དོ་བདག་ལ་ཐ་ཚིག་བསྒྲགས་པར་མ་ཟད་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་བྱས་ཤིང་དངུལ་ཆད་བཅད།

གྱོད་དཔེ་དྲུག་པ། 

ཟས་རིགས་བདེ་འཇགས་བླང་བྱ་དང་མི་མཐུན་པའི་རྒྱུ་ཆ་བཀོལ་སྤྱོད་བྱས་པ།

སྤྱི་ལོ2020ལོའི་ཟླ5པའི་ཚེས27ཉིན། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁྲིམས་བསྟར་མི་སྣས“མཱ་ཞའོ་མཱ་ལ་ཡིའུ་ཧོ”ཞེས་མིང་བཏགས་ཡོད་པའི་ཟི་ལིང་ཀྲུང་ཏའོ་བཟའ་བཏུང་ཞབས་ཞུ་ཚད་ཡོད་ཀུང་སིར་ཞིབ་བཤེར་བྱེད་སྐབས། ཀུང་སི་དེའི་ཐབ་ཚང་དུ་བསྡོམས་པས་སྟོང་ཁེ36.4ཡོད་པའི་ཞོག་ཁོག་ལ་མྱུ་གུ་འབུས་ཡོད་པ་དང་། གཡོས་སྦྱོར་ཁང་གི་ཤིང་ཏོག་བསྣུར་མ་དང་དྲོད་རྫས་སྤུས་ཚད་འགན་ལེན་དུས་ཡུན་ལས་བརྒལ་ཡོད་པ། དེ་མིན་དྲོད་རྫས་སྐོར་ཞིག་གི་ཐོན་སྐྱེད་དུས་ཡུན་དབྱེ་བ་འབྱེད་ཐབས་མེད་ལ། རྒྱུ་ཆ་སྐོར་ཞིག་ལ་ཚད་གཞིའི་ཤོག་བྱང་སྦྱར་མེད་པ་ཤེས། དོ་བདག་པའི་བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》ཀྱི་གཏན་འཁེལ་དང་འགལ་ཡོད་ཅིང་། ཟས་སྤྱོད་ཚོར་དབང་ཁྱད་པར་ཟས་རིགས་བེད་སྤྱོད་དང་། སྤུས་ཚད་འགན་སྲུང་དུས་ཡུན་ལས་བརྒལ་བ། ཚད་གཞིའི་ཤོག་བྱང་སྦྱར་མེད་པའི་ཟས་རིགས་བཀོལ་སྤྱོད་བྱས་ཏེ་བཟའ་བཏུང་ཞབས་ཞུ་ཚོང་གཉེར་བྱ་འགུལ་གཉེར་བའི་བྱ་སྤྱོད་གྲུབ་ཡོད་པས། ཁྲིམས་བསྟར་མི་སྣས་དོ་བདག་པར་ཁྲིམས་འགལ་བྱ་སྤྱོད་ཡོ་བསྲང་བྱ་རྒྱུ་བཀའ་ཕབ་ཏེ། གོང་གི་ཁྲིམས་འགལ་ཟས་རིགས་གྲུབ་ཆ་གཞུང་བཞེས་བྱས་ཤིང་དངུལ་ཆད་བཅད།

གྱོད་དཔེ་བདུན་པ། 

ཆ་འཕྲིན་སྤུས་ཚད་རྫུན་བཟོ་བྱས་ཏེ་འཛད་སྤྱོད་པའི་ཁེ་དབང་ལ་གནོད་སྐྱེལ་བ།

སྤྱི་ལོ2020ལོའི་ཟླ5པའི་ཚེས14ཉིན། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ལ་འཛད་སྤྱོད་པའི་གཏུག་བཤེར་བྱས་ཏེ། ཁྲི་ཀ་རྫོང་ཧོ་ཞི་གྲོང་རྡལ་ཚེ་ཐང་སྡེ་བ་ནས་དངོས་ཟོག་རླངས་འཁོར་ལས་རྡོ་སོལ་འཚོང་བཞིན་ཡོད་པ་དང་། རླངས་འཁོར་རེར་ཏུན3གྱི་སྤུས་ཚད་དང་རིན་གོང་ལྟར་ཕྱིར་འཚོང་བྱེད་བཞིན་ཡོད་ལ་རྡོ་སོལ་གྱི་སྤུས་ཚད་མངོན་གསལ་གྱིས་ཞན་པ་རེད། ཁྲིམས་བསྟར་མི་སྣ་མྱུར་ཏུ་ཡུལ་དངོས་སུ་སོང་སྟེ་ཚོང་གཉེར་བས་ཕྱིར་འཚོང་བྱེད་བཞིན་པའི་རྡོ་སོལ་ལ་ཡང་བསྐྱར་ཚད་འཇལ་བྱས་རྗེས་དོན་དངོས་སུ་རླངས་འཁོར་རེར་ཏུན1.5ལས་མེད་པ་རེད།

བརྟག་དཔྱད་བརྒྱུད་རྩད་ཆོད་པ་ལྟར་ན། དོ་བདག་གིས་ཁྲི་ཀ་རྫོང་ཧོང་ཡོན་རྡོ་སོལ་ཕྱིར་འཚོང་ཁང་ནས་ཏུན་རེར་སྒོར590ཡི་རིན་གོང་ལྟར་རླངས་འཁོར7ཉོས་ནས་བསྡོམས་པས་རྡོ་སོལ་ཏུན10.76ཉིན་གསུམ་རིང་ཚང་མ་ཕྱིར་འཚོང་བྱས་པ་དང་བསྡོམས་པས་སྒོར9600བསྡུ་ལེན་བྱས།

དོ་བདག་པ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》ཀྱི་གཏན་འཁེལ་དང་འགལ་ཏེ། ཚོང་གཉེར་པས་འཛད་སྤྱོད་པར་ཚོང་ཟོག་གི་ཆ་འཕྲིན་སྤུས་ཚད་རྫུན་མ་ཡིན་པའི་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་བྱ་སྤྱོད་གྲུབ་ཡོད་པས། ཁྲིམས་བསྟར་མི་སྣས་དོ་བདག་པར་ཁྲིམས་འགལ་གྱི་བྱ་སྤྱོད་ཡོ་བསྲང་བྱེད་དགོས་པའི་བཀའ་ཕབ་པ་མ་ཟད། ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་དང་དངུལ་ཆད་བཅད།

གྱོད་དཔེ་བརྒྱད་པ། 

བརྡ་ཁྱབ་རྫུན་མ་ཁྱབ་སྒྲོག་བྱས་པ།

སྤྱི་ལོ2020ལོའི་ཟླ4པའི་ཚེས20ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁྲིམས་བསྟར་མི་སྣས་གཏེར་ལེན་ཁ་དབྱི་མིང་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་ཟིར་ཡུལ་དངོས་སུ་ཞིབ་བཤེར་བྱེད་སྐབས། ཀུང་ཟི་དེས་ཚྭ་འདམ་གློག་རྡུལ་ཚོང་དོན་བྱེ་ཐང་སྤང་ལྗོངས་དྲ་བའི་སྟེང་སྤེལ་བའི་འཁྱགས་ཉར་འདྲེ་ཚེར་མ་དང་ཁུག་བླུགས་སྐྱེ་ལྡན་འདྲེ་ཚེར་མ། འདྲེ་ཚེར་མ་ནག་པོའི་སྦྲང་རྩི། དེམ་བླུགས་སྐྱེ་ལྡན་འདྲེ་ཚེར་མ། འདྲེ་ཚེར་མ་དང་སྟར་བུའི་ཁུ་བ། འདྲེ་ཚེར་མའི་ཁུ་བ་སོགས་ཟས་རིགས་མཚམས་སྦྱོར་དྲིལ་སྒྲོག་ནང་དོན་དག་ལ་རིམས་ནད་སྔོན་འགོག་དང་བྱེད་ནུས་སྨན་བཅོས། བེད་སྤྱོད་རྫུན་མའམ་ཡང་ན་ར་སྤྲོད་བྱེད་ཐབས་མེད་པའི་ཚན་རིག་ཞིབ་འཇུག་འབྲས་བུ་སོགས་དོན་དངོས་དང་མི་མཐུན་པའི་དྲིལ་སྒྲོག་སྐད་ཆ་བཤད་ཡོད།

བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲིལ་སྒྲོག་བརྡ་ཁྱབ་བཅའ་ཁྲིམས》ཀྱི་གཏན་འཁེལ་དང་འགལ་ཡོད་པས། ཁྲིམས་བསྟར་མི་སྣས་དོ་བདག་པར་དྲིལ་སྒྲོག་བརྡ་ཁྱབ་སྤེལ་མཚམས་འཇོག་དགོས་པ་དང་། དེ་བསྟུན་གྱི་ཁྱབ་ཁོངས་སུ་ཤུགས་རྐྱེན་སེལ་དགོས་པའི་བཀའ་ཕབ་པ་མ་ཟད་དངུལ་ཆད་བཅད།

གྱོད་དཔེ་དགུ་པ། 

འཛད་སྤྱོད་པའི་ཁེ་དབང་ཚད་བཀག་བཟོས་པ།

སྤྱི་ལོ2020ལོའི་ཟླ4པའི་ཚེས13ཉིན། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུས་སྐྱེ་དངོས་ར་བ་ཁུལ་ཡན་ལག་ཁྲིམས་བསྟར་མི་སྣས་ཚོང་རར་ཞིབ་བཤེར་བྱེད་སྐབས། ཀི་ཝེ་སི་བདེ་ཐང་འདྲི་རྟོག་ཁང་གིས་འཛད་སྤྱོད་པར་ཚོགས་མིའི་བྱང་བུ་སྒྲུབ་པ་དང་། ཚོགས་ཞུགས་ཀྱི་གན་རྒྱའི་ཡི་གེ་ནང་། གན་རྒྱའི་འགྲེལ་བཤད་དབང་ཆ་དང་བཟོ་བཅོས་དབང་ཆ་ནི་ངེད་ཚོགས་པར་དབང་བ་ཡིན་ཞེས་གཏན་འཁེལ་བྱས་ཡོད་པ་ཤེས།

དོ་བདག་པའི་བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》དང《འཛད་སྤྱོད་པའི་ཁེ་དབང་ལ་གནོད་སྐྱོན་བཏང་བའི་བྱ་སྤྱོད་ལ་ཁྲིམས་ཆད་གཅོད་ཐབས》ཀྱི་གཏན་འཁེལ་དང་འགལ་ཡོད་པས། གན་རྒྱའི་ནང་དོན་གྱིས་འཛད་སྤྱོད་པའི་ཁེ་དབང་ལ་ཚོད་འཛིན་ཐེབས་ཡོད་ཅིང་། ཚོང་གཉེར་པའི་འགན་འཁྲི་ཇེ་ཡང་དང་ཡང་ན་མེད་པར་བཟོས་པའི་བྱ་སྤྱོད་གྲུབ་ཡོད་པར་བརྟེན། ཁྲིམས་བསྟར་མི་སྣས་དོ་བདག་ལ་ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་དགོས་པའི་བཀའ་ཕབ་པ་མ་ཟད་དངུལ་ཆད་བཅད།

གྱོད་དཔེ་བཅུ་བ། 

ཁ་ཐུམ་གྱི་རིན་གོང་ཧམ་སྤར་བྱས་པ།

སྤྱི་ལོ2020ལོའི་ཟླ1པོའི་ཚེས24ཉིན། ཧོང་ཡོན་རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་འཛད་སྤྱོད་པའི་གཏུག་བཤེར་ལ་གཞིགས་ཏེ། ཧོང་ཡོན་ཧུའེ་མིན་ཐང་སྨན་རྫས་ཕྱིར་བཙོང་ཚད་ཡོད་ཀུང་ཟི་སྲང་ལམ་ནུབ་མའི་སྨན་ཁང་གིས་རིན་གོང་མཐོན་པོས་ཐེངས་གཅིག་རང་བཞིན་གྱི་ཁ་ཐུམ་ཕྱིར་འཚོང་བྱས་པའི་བྱ་སྤྱོད་ལ་ཞིབ་བཤེར་བྱས། ཁྲིམས་བསྟར་མི་སྣས་གཏུག་ཡུལ་གྱི་རྩིས་འཁོར་ནང་རིགས་མཐུན་ཚོང་རྫས་ཀྱི་འབྲེལ་ཡོད་ཆ་འཕྲིན་བསྡུ་ལེན་བྱས་ཚེ་ཚོང་ཟོག་ཉོ་འདྲེན་གྱི་རིན་གོང་ནི་ཐུམ་རེར་སྒོར3དང་རྒྱུན་ལྡན་གྱི་སིལ་འཚོང་རིན་གོང་ཐུམ་རེར་སྒོར5ཡིན་པ་ཤེས་ལ། འོན་ཀྱང་སྨན་ཁང་དེས་ཐུམ་རེར་སྒོར15ཡི་རིན་གོང་ལྟར་ཕྱིར་འཚོང་བྱས་ཡོད།

དོ་བདག་པའི་བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིན་གོང་བཅའ་ཁྲིམས》ཀྱི་གཏན་འཁེལ་དང་འགལ་ཏེ་རིན་གོང་ཧམ་སྤར་བྱས་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང《རིན་གོང་ཁྲིམས་འགལ་བྱ་སྤྱོད་ལ་སྲིད་འཛིན་ཁྲིམས་གཅོད་བྱེད་པའི་གཏན་འཁེལ》གྱི་གཏན་འཁེལ་ལྟར། ཁྲིམས་བསྟར་མི་སྣས་དོ་བདག་པར་ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་དགོས་པའི་བཀའ་ཕབ་པ་མ་ཟད་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་བྱས་ཤིང་དངུལ་ཆད་བཅད།  

དཔྱད་གཞིའི་ཡིག་ཆ།