ཉེས་ཅན་གཙོ་བོ།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2021-04-08 10:35ལ་འགྲུབ།

ཉེས་ཅན་གཙོ་བོ།

ཉེས་ཅན་གཙོ་བོ།
ཉེས་ཅན་གཙོ་བོ་ཞེས་པ་ནི་ཉེས་གསོག་ཚོགས་པ་སྒྲིག་འཛུགས་དང་འགོ་ཁྲིད་བྱས་ནས་ཉེས་གསོག་སྤྱོད་ངན་སྤེལ་བའམ་ཡང་ན་བྱས་ཉེས་མཉམ་དུ་གསོག་སྐབས་ནུས་པ་གཙོ་བོ་འདོན་མཁན་གྱི་ཉེས་ཅན་ལ་ཟེར། 《ཉེས་ཁྲིམས》ཀྱི་དོན་ཚན་ཉེར་དྲུག་པའི“ཉེས་ཅན་གཙོ་བོ”ཞེས་པ་ནི་ཉེས་གསོག་ཚོགས་པ་སྒྲིག་འཛུགས་དང་འགོ་ཁྲིད་བྱས་ནས་ཉེས་གསོག་སྤྱོད་ངན་སྤེལ་བའམ་ཡང་ན་བྱས་ཉེས་མཉམ་དུ་བསགས་པའི་ནང་ནུས་པ་གཙོ་བོ་འདོན་མཁན་དེ་ཉེས་ཅན་གཙོ་བོ་ཡིན། ཉེས་གསོག་ཚོགས་པ་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་མཁན་ཉེས་ཅན་གཙོ་བོར་ཚོགས་པ་དེ་ཉིད་ཀྱིས་བསགས་པའི་བྱས་ཉེས་ཡོངས་རྫོགས་ལ་གཞིགས་ཏེ་ཉེས་ཆད་གཅོད་རྒྱུ། ནང་གསེས་དོན་ཚན་གསུམ་པའི་གཏན་འབེབས་ནང་ཚུད་མེད་པའི་ཉེས་ཅན་གཙོ་བོར་དེ་ཉིད་ཞུགས་པའམ་ཡང་ན་སྒྲིག་འཛུགས་དང་བཀོད་འདོམས་བྱས་ནས་བསགས་པའི་བྱས་ཉེས་ཡོངས་རྫོགས་ལ་གཞིགས་ཏེ་ཉེས་ཆད་གཅོད་རྒྱུ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
主犯
ཡོང་ཁུངས།
《ཉེས་ཁྲིམས》ཀྱི་དོན་ཚན་ཉེར་དྲུག་པ།
1 ཉེས་ཅན་གཙོ་བོའི་རིགས།
1_1 ཉེས་གསོག་ཚོགས་པའི་ཉེས་ཅན་གཙོ་བོ།

ཉེས་གསོག་ཚོགས་པའི་ཉེས་ཅན་གཙོ་བོ་ཞེས་པ་ནི་ཉེས་གསོག་ཚོགས་པ་སྒྲིག་འཛུགས་དང་འགོ་ཁྲིད་བྱས་ནས་ཉེས་གསོག་སྤྱོད་ངན་སྤེལ་མཁན་ལ་ཟེར།

ཉེས་གསོག་ཚོགས་པ་ཞེས་པ་ནི་མི་གསུམ་ཡན་གྱིས་མཉམ་དུ་བྱས་ཉེས་གསོག་ཆེད་བཙུགས་པའི་ཉེས་གསོག་རྩ་འཛུགས་ལ་ཟེར།

ཉེས་གསོག་ཚོགས་པའི་ཁྱད་ཆོས།

(གཅིག)མི་གསུམ་ཡན།

(གཉིས)ཅུང་གཏན་འཇགས་ཀྱི་ཉེས་གསོག་རྩ་འཛུགས་ཡོད་པ།

(གསུམ)ཉེས་གསོག་ཚོགས་པ་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་མཁན་ཉེས་ཅན་གཙོ་བོར་ཚོགས་པ་དེ་ཉིད་ཀྱིས་བསགས་པའི་བྱས་ཉེས་ཡོངས་རྫོགས་ལ་གཞིགས་ཏེ་ཉེས་ཆད་གཅོད་རྒྱུ།

(བཞི)ངེས་པར་དུ་ཉེས་ཅན་གཙོ་པོ་ཡོད་དགོས།

1_2 བྱས་ཉེས་མཉམ་བསགས་ཉེས་ཅན་གཙོ་བོ།

བྱས་ཉེས་མཉམ་བསགས་ཀྱི་ཉེས་ཅན་གཙོ་བོ། དེ་ནི་བྱས་ཉེས་མཉམ་བསགས་ནང་ནུས་པ་གཙོ་བོ་འདོན་མཁན་ལ་ཟེར།

བྱས་ཉེས་མཉམ་བསགས་ཞེས་པ་ནི་མི་གཉིས་ཡན་གྱིས་ཤེས་བཞིན་དུ་བྱས་ཉེས་མཉམ་དུ་བསགས་པར་ཟེར།

བྱས་ཉེས་མཉམ་བསགས་ཀྱི་ཁྱད་ཆོས་ནི།

(གཅིག)མི་གཉིས་ཡན།

(གཉིས)བྱས་ཉེས་མཉམ་བསགས་ཀྱི་ཁྲོད་དུ་ཉེས་ཅན་གཙོ་བོ་ཡོད་ན་རྗེས་འབྲངས་ཉེས་ཅན་ཡོད་དགོས།

ཉེས་ཅན་གཙོ་བོ་ཞེས་པ་ནི་བྱས་ཉེས་མཉམ་དུ་གསོག་སྐབས་ནུས་པ་གཙོ་བོ་འདོན་མཁན་ལ་ཟེར། རྗེས་འབྲངས་ཉེས་ཅན་ཞེས་པ་ནི་བྱས་ཉེས་མཉམ་དུ་གསོག་སྐབས་ནུས་པ་ཕལ་བའམ་རམ་འདེགས་ཀྱི་ནུས་པ་ཐོན་མཁན་ལ་ཟེར།

(གསུམ)བྱས་ཉེས་མཉམ་བསགས་ཀྱི་ཁྲོད་དུ་རྗེས་འབྲངས་ཉེས་ཅན་ཡོད་ན་ཉེས་ཅན་གཙོ་བོའང་ཡོད།

ཉེས་ཅན་གཙོ་བོ་དང་རྗེས་འབྲངས་ཉེས་ཅན་ནི་གཞན་བརྟེན་གྱི་འབྲེལ་བ་ཡིན་ཞིང་། ཞིབ་བསྡུར་བྱས་ནས་བཤད་ན། ཉེས་ཅན་གཙོ་བོ་མེད་ན་རྗེས་འབྲངས་ཉེས་ཅན་མེད། རྗེས་འབྲངས་ཉེས་ཅན་ཡོད་ན། ངེས་པར་དུ་ཉེས་ཅན་གཙོ་བོ་ཡོད་དགོས།

(བཞི)བྱས་ཉེས་མཉམ་བསགས་བྱེད་པའི་ནང་དུ་ཉེས་ཅན་གཙོ་མེད་ལ། དུས་མཚུངས་རྗེས་འབྲངས་ཉེས་ཅན་ཡང་མེད་པ།(གཙོ་འགན་འཁུར་མཁན་མེད་པ)

དཔེར་ན། མི་གཉིས་ཀྱིས་མཉམ་དུ་བྱས་ཉེས་བསགས་པར་གཙོ་བོ་དང་འབྲེལ་བ་གསལ་པོ་མེད་པའམ་མངོན་གསལ་དོད་པོ་མེད་པའི་རིགས་ལ་དེའི་བྱས་ཉེས་ཁོ་ནར་གཏན་འཁེལ་བྱས་པ་ལས། ཉེས་ཅན་གཙོ་བོའམ་རྗེས་འབྲངས་ཉེས་ཅན་ལ་གཏན་འཁེལ་བྱས་མེད།

2 ཆད་གཅོད།

ཉེས་ཅན་གཙོ་བོར་དེ་ཞུགས་པའམ་ཡང་ན་སྒྲིག་འཛུགས་དང་བཀོད་འདོམས་བྱས་ནས་བསགས་པའི་བྱས་ཉེས་ཡོངས་རྫོགས་ལ་གཞིགས་ཏེ་ཉེས་ཆད་གཅོད་རྒྱུ།

ཉེས་ཅན་གཙོ་བོར་ཉེས་ཁྲིམས་ནང་དུ་ཉེས་ཆད་ལྕི་བར་གཅོད་དགོས་ཞེས་གཏན་འབེབས་བྱས་ཡོད་ཅིང་། དེའི་བྱས་ཉེས་དང་ཉེས་ཆད་ཚད་འབེབས་བྱས་ནས་དེའི་ནང་ཞུགས་པའི་རིགས་དང་། སྒྲིག་འཛུགས་བྱེད་པའི་རིགས། བཀོད་འདོམས་བྱེད་པའི་རིགས་བཅས་ཀྱི་བྱས་ཉེས་ཡོངས་རྫོགས་ལ་གཞིགས་ཏེ་ཉེས་ཆད་གཅོད་རྒྱུ།

ཉེས་ཆད་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ཉེས་ཆད་བཅའ་ཡང་དང་ཚོད་བགམ་གློད་འགྲོལ་གཏོང་དགོས་པའི་རིགས་ཁོང་དུ་ནན་མོ་ཆུད་པ་བྱེད་དགོས། ཉེས་ཁྲིམས་ནང་ཉེས་ཅན་གཙོ་བོར་ཉེས་ཆད་གཅོད་པར་གནས་ཚུལ་རིགས་གཉིས་ཡོད་དེ། གཅིག་ནི་ཉེས་གསོག་ཚོགས་པ་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་མཁན་ཉེས་ཅན་གཙོ་བོར་ཚོགས་པས་བསགས་པའི་བྱས་ཉེས་ཡོངས་རྫོགས་ལ་གཞིགས་ནས་ཉེས་ཆད་གཅོད་རྒྱུ། གཉིས་པ་ནི་ཉེས་གསོག་ཚོགས་པའི་གཙོ་བོ་ཕུད་པའི་ཉེས་ཅན་གཞན་དག་ཡིན་ཕྱིན། ཉེས་ཅན་གཙོ་བོ་དེས་བྱས་ཉེས་མཉམ་དུ་བསགས་པའི་བྱེད་སྒོའི་ནང་ཞུགས་པའི་བྱས་ཉེས་ཡོངས་རྫོགས་ལ་གཞིགས་པའམ་ཡང་ན་དེས་སྒྲིག་འཛུགས་དང་བཀོད་འདོམས་བྱས་པའི་བྱས་ཉེས་ཡོངས་རྫོགས་ལ་གཞིགས་ནས་ཉེས་ཆད་གཅོད་རྒྱུ། སྤྱིར་བཏང་གི་ཉེས་ཅན་གཙོ་བོས་བྱས་ཉེས་མཉམ་དུ་བསགས་པའི་ནང་ཞུགས་ནས་བསགས་པའི་བྱས་ཉེས་ལ་ནུས་པ་གཙོ་བོ་ཐོན་ཡོད་མོད། འོན་ཀྱང་དེ་ནི་ཉེས་གསོག་ཚོགས་པའི་གཙོ་བོ་དང་འདྲ་བར་ཉེས་གསོག་ཚོགས་པའི་བྱེད་སྒོ་ཚང་མར་སྒྲིག་འཛུགས་དང་། ཇུས་འགོད། བཀོད་འདོམས་བཅས་བྱེད་མི་ཐུབ་པས་ཉེས་གསོག་ཚོགས་པའི་གཙོ་བོ་ཕུད་པའི་ཐུན་མོང་ཉེས་གསོག་གི་ཉེས་ཅན་གཙོ་བོའང་ཉེས་དོན་འགན་འཁྲི་བདའ་འདེད་བྱེད་སྐབས་དེའི་ཉེས་དོན་འགན་འཁྲི་འཁུར་ཁྱོན་ཡང་ཉེས་གསོག་ཚོགས་པའི་ཉེས་ཅན་གཙོ་བོ་དང་གཅིག་མཚུངས་མིན། ཁོ་ཚོས་རང་ཉིད་དངོས་སུ་ཞུགས་པའམ་སྒྲིག་འཛུགས་དང་བཀོད་འདོམས་བྱས་པའི་བྱས་ཉེས་ཡོངས་རྫོགས་ལ་ཉེས་འགན་འཁུར་དགོས་པ་ལས། ཉེས་གསོག་ཚོགས་པའི་གཙོ་བོ་ལྟར་ཚོགས་པའི་ཉེས་གསོག་བྱ་སྤྱོད་ཡོད་ཚད་ལ་ཉེས་འགན་འཁུར་མི་དགོས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཉེས་ཅན་གཙོ་བོ། ཉེས་ཅན། གཙོ་བོ།