ཉེས་གསོག་གི་ཐད་ཀའི་བྱ་ཡུལ།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2021-04-08 10:34ལ་འགྲུབ།

ཉེས་གསོག་གི་ཐད་ཀའི་བྱ་ཡུལ།

ཉེས་གསོག་གི་ཐད་ཀའི་བྱ་ཡུལ།
ཉེས་གསོག་གི་ཐད་ཀའི་བྱ་ཡུལ་ནི་ཉེས་གསོག་བྱ་སྤྱོད་ཀྱིས་ཐད་ཀར་བཙན་གནོད་བྱེད་པ་དང་ཉེས་དོན་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པའི་ཞིབ་ཕྲའི་སྤྱི་ཚོགས་ཀྱི་འབྲེལ་བ་ཞིག་ཡིན་ཞིང་། དེས་ཉེས་གསོག་བྱ་སྤྱོད་ཀྱི་ངོ་བོ་དང་ཁྱད་ཆོས་ཐད་ཀར་ཐག་གཅོད་བྱེད་ཀྱིན་ཡོད། བྱས་ཉེས་ཀྱི་ཐད་ཀའི་བྱ་བའི་ཡུལ་ནི་ཉེས་གསོག་བྱ་སྤྱོད་ལས་བྱུང་བའི་ཕྱི་རོལ་ཡུལ་གྱི་མཇུག་འབྲས་དང་ཁྱད་པར་ཡོད། སྔ་མ་ནི་ཞིབ་ཕྲའི་སྤྱི་ཚོགས་ཀྱི་འབྲེལ་བར་ཟེར། དེ་ནི་ཉེས་གསོག་གི་ཆ་རྐྱེན་གཙོ་བོའི་གྲས་ཤིག་ཡིན། ཕྱི་མ་ནི་ཉེས་གསོག་བྱ་སྤྱོད་ཀྱི་ཞིབ་ཕྲའི་གནོད་འཚེའི་མཇུག་འབྲས་ཡིན་པས། ཉེས་གསོག་གི་ངོ་བོ་ཐག་གཅོད་མི་ཐུབ་པར་བྱས་ཉེས་ཚད་འབེབས་སྐབས་བསམ་གཞིགས་བྱས་པའི་གནས་ཚུལ་གྱི་གྲས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
犯罪直接客体
དཀར་ཆག
1 གོ་དོན།

ཉེས་གསོག་བྱ་སྤྱོད་གཅིག་གིས་དུས་གཅིག་ཏུ་ཐད་ཀའི་བྱ་ཡུལ་གཉིས་ཡན་ལ་གནོད་འཚེ་བཏང་ཚེ་དེར་རྙོག་འཛིང་ཆེ་བའི་ཐད་ཀའི་བྱ་ཡུལ་ཞེས་བརྗོད་ཀྱིན་ཡོད། དཔེར་ན། འཕྲོག་བཅོམ་གྱི་བྱས་ཉེས་ཀྱིས་སྤྱི་པའི་རྒྱུ་ནོར་རམ་སྤྱི་དམངས་སྒེར་གྱི་ཁྲིམས་མཐུན་རྒྱུ་ནོར་གྱི་བདག་དབང་ལ་གནོད་འཚེ་བཏང་བ་མ་ཟད། སྤྱི་དམངས་ཀྱི་མི་ལུས་དབང་ཆར་ཡང་གནོད་འཚེ་བཏང་ཡོད། རྙོག་འཛིང་ཆེ་བའི་ཐད་ཀའི་བྱ་ཡུལ་ལ་གནོད་འཚེ་བཏང་བའི་ཉེས་མིང་ནི་ཉེས་ཁྲིམས་ཀྱིས་གཏན་འབེབས་བྱེད་དགོས། ཡང་དག་པའི་སྒོ་ནས་བྱས་ཉེས་གཏན་འཁེལ་དང་ཉེས་ཆད་གཅོད་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན།

དཔྱད་གཞིའི་ཡིག་ཆ།