མཚོ་སྲིད་གཞུང་ལས་ཐིང(2011)ཡིག་ཨང229པ།སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2021-03-25 09:16ལ་འགྲུབ།

མཚོ་སྲིད་གཞུང་ལས་ཐིང(2011)ཡིག་ཨང229པ།

མཚོ་སྲིད་གཞུང་ལས་ཐིང(2011)ཡིག་ཨང229པ།
འདིར་མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་ལག་བསྟར་བསམ་འཆར(ཚོད་ལྟའི་ལག་བསྟར)གྱི་ནང་དོན་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青政办[2011]229号
དུས་ཚོད།
སྤྱི་ལོ2011ལོའི་ཟླ9པའི་ཚེས28ཉིན།
1 བསམ་འཆར་གྱི་ནང་དོན། 

《ཞིང་ལས་པུའུ་དང་ནོར་སྲིད་པུའུ་ཡིས〈སྤྱི་ལོ2011ལོའི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་དང་སྲིད་ཇུས་ལག་བསྟར་བྱེད་པའི་མཛུབ་སྟོན་བསམ་འཆར〉དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར》(ཞིང་ནོར་སྤེལ〔2011〕ཡིག་ཨང85བ)ནན་ཏན་གྱིས་ལག་བསྟར་དངོས་འབེབས་བྱེད་པ་དང། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཤུགས་སྣོན་པ། ཕྱུགས་ལས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་ཆེད། རང་ཞིང་གི་རྩྭ་ཐང་དང་འབྲོག་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ད་ལྟ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་འཛུགས་པར་གཞིགས་ནས་གཤམ་གསལ་གྱི་ལག་བསྟར་བསམ་འཆར(ཚོད་ལྟའི་ལག་བསྟར)བཏོན་པ་སྟེ།

གཅིག རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་འཛུགས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས།

རྩྭ་ཐང་ནི་རང་ཞིང་གི་ཆེས་ཆེ་བའི་སྐྱེ་ཁམས་བཀག་དངོས་ཡིན་ལ། འབྲོག་པ་རྣམས་ཀྱིས་དེར་བརྟེན་ནས་འཚོ་གནས་བྱེད་པའི་དངོས་པོ་རྨང་གཞི་གལ་ཆེན་ཡང་ཡིན་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་ཁྲོད་འཐབ་ཇུས་ཀྱི་གོ་ས་གལ་ཆེན་ལྡནཔ་དེ་ཡིན། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། འབྲོག་པའི་ཡོང་སྒོ་མང་དུ་གཏོང་བར་སྐུལ་འདེད་གཏོང་བ་དེ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་མགྱོགས་པོ་གཏོང་བ། འཆམ་མཐུན་སྤྱི་ཚོགས་བསྐྲུན་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་འཛུགས་པའི་སྐོར་གྱི་གཏན་ཕབ་གཞིར་བཟུང་ནས། སྤྱི་ལོ2011ལོ་ནས་བཟུང་ཞིང་ཆེན་ཡོངས་སུ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་དང་སྲིད་ཇུས་སྒོ་ཀུན་ནས་དངོས་འབེབས་བྱེད་པ་དང་། འདི་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་ཁྱོན་ཡོངས་ནས་ཐབས་ཇུས་གལ་ཆེན་གཏན་ལ་ཕབ་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དངོས་འབེབས་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་བྱེ་བྲག་གི་མངོན་ཚུལ་ཡིན་ལ། རྩྭ་ཐང་སྲུང་སྐྱོང་ཇེ་མགྱོགས་སུ་གཏོང་བ་དང་རྩྭ་ཐང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐབས་ཤེས་གལ་ཆེན་ཡང་ཡིན། སྲིད་ཇུས་འདི་ལག་བསྟར་བྱེད་པ་དེ་རང་ཞིང་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལེགས་བཅོས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་བྱེད་པར་ཕན་པ་ཡོད་པ་མ་ཟད། ད་དུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། ཕྱུགས་ལས་གོང་སྤེལ་བྱེད་སྟངས་སྒྱུར་བ་དང་འབྲོག་པའི་ཡོང་སྒོ་མང་དུ་གཏོང་བར་སྐུལ་འདེད་གཏོང་བར་ཕན་པ་ཡོད་པའི་ཆབས་ཅིག་ཏུ། མི་རིགས་མཐུན་སྒྲིལ་དང་ས་ཁུལ་གཏན་འཇགས་སྲུང་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད། དེའི་ཕྱིར། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་རྩྭ་ཐང་གི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ། འབྲོག་ཁུལ་གྱི“འཕེལ་རྒྱས་བཞིའི”ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་འཛུགས་པའི་དགོས་ངེས་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། རྩ་འཛུགས་དང་འགོ་ཁྲིད་ལ་དངོས་གནས་ཤུགས་སྣོན་པ། བྱེད་ཐབས་དོན་ཐོག་འཁྱོལ་བ་ཇེ་དྲག་ཏུ་གཏོང་བ། བྱ་བ་སྒྲུབ་ཚད་ཇེ་ཆེར་བཏང་སྟེ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་དང་སྲིད་ཇུས་དངོས་འབེབས་བྱེད་པའི་བྱ་བར་ཕན་འབྲས་དངོས་ཐོབ་པར་འཇུག་དགོས་ངེས་ཡིན།

གཉིས། མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན། དམིགས་འབེན་དང་ལས་འགན།

(གཅིག) མཛུབ་སྟོན་བསམ་བློ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བས་མཛུབ་སྟོན་བྱས་ཏེ《ཞིང་ལས་པུའུ་དང་ནོར་སྲིད་པུའུ་ཡིས〈སྤྱི་ལོ2011ལོའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་དང་སྲིད་ཇུས་ལག་བསྟར་བྱེད་པའི་མཛུབ་སྟོན་བསམ་འཆར〉དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར》དང《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྐྱིན་ཚབ་འཇལ་བའི་ལམ་སྲོལ་འཚོལ་ཞིབ་དང་གསར་འཛུགས་བྱེད་པའི་སྐོར་གྱི་བསམ་འཆར་འགའ》སྒོ་ཀུན་ནས་ལག་བསྟར་དངོས་འབེབས་བྱེད་པ་དང་། སྐྱེ་ཁམས་དམིགས་སུ་བཀར་བ་དང་སྲུང་སྐྱོང་དང་འཕེལ་རྒྱས་དུས་མཉམ་དུ་སྤེལ་བའི་རྩ་དོན་ལྟར། རང་བྱུང་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་པ་དང་། ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་དང་མཁོ་སྤྲོད་བརྟན་འཇགས་བྱེད་པར་ཁག་ཐེག་བྱེད་པ་དང་འབྲོག་པའི་ཡོང་སྒོ་མང་དུ་གཏོང་བར་སྐུལ་འདེད་གཏོང་བ་དམིགས་འབེན་བྱས་པ། ཐོན་སྐྱེད་བདག་གཉེར་བྱེད་སྟངས་སྒྱུར་བ་སྙིང་པོ་བྱས་ཏེ་མཐོ་སྒང་གི་ཁྱད་ཆོས་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྩྭ་ཐང་གི་སྐྱེ་ཁམས་ཕྱུགས་ལས་ཤུགས་ཆེན་གྱིས་འཕེལ་རྒྱས་གཏོང་དགོས། ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་གྲངས་ཉུང་དུ་བཏང་བ་བརྒྱུད་ནས་རྩྭ་ཕྱུགས་དོ་མཉམ་དུ་འཕེལ་རྒྱས་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས། འབྲོག་པའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་པ་དང་གསོ་སྤེལ་ཁྱིམ་ཚང་ཆེན་པོར་རོགས་སྐྱོར་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་དགོས། རྩྭ་ཐང་ལྟ་སྐུལ་དང་དོ་དམ་མ་ལག་གསར་འཛུགས་དང་འཐུས་ཚང་དུ་བཏང་བ་བརྒྱུད་ནས་ལག་བསྟར་ཕན་འབྲས་ཁག་ཐེག་བྱེད་དགོས། ཕྱུགས་ལས་འཕེལ་རྒྱས་དང་རྗེས་མཐུད་ཐོན་ལས་ལ་རོགས་སྐྱོར་བྱེད་པའི་ཆ་ཚང་སྡེབ་སྒྲིག་གི་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་དང་འཐུས་ཚང་དུ་བཏང་བ་བརྒྱུད་ནས་འབྲོག་པས་ཐོན་སྐྱེད་དང་ཐོན་ལས་སྒྱུར་བར་སྐུལ་འདེད་བཏང་སྟེ། ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་གྲངས་ཉུང་དུ་གཏོང་ཡང་ཤའི་ཐོན་ཚད་ཉུང་དུ་མི་གཏོང་བ་དང་འབྲོག་པའི་ཡོང་སྒོ་ཉུང་དུ་མི་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། མི་རྩྭ་ཕྱུགས་གསུམ་དོ་མཉམ་ཡོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་དམིགས་འབེན་འབད་བརྩོན་གྱིས་མངོན་འགྱུར་བྱེད་དགོས།

(གཉིས)  གཞི་རྩའི་རྩ་དོན། གཅིག་གྱུར་གྱིས་འཆར་འགོད་དང་རིགས་འབྱེད་མཛུབ་སྟོན་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། རང་ཞིང་གི་རྩྭ་ཐང་འབྲོག་ཁུལ་གྱི་ས་ཁོངས་རྒྱ་ཆེ་ཞིང་ས་ཁུལ་བར་གྱི་རྩྭ་ཐང་དང་ཕྱུགས་ཟོག མི་གྲངས་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཁྱད་པར་ཧ་ཅང་ཆེ་བས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་འཛུགས་སྐབས་དོན་དངོས་དང་སྦྲེལ་ཏེ་ས་གནས་སོ་སོའི་རྩྭ་ཐང་གི་རྒྱ་ཁྱོན་དང་རྩྭ་ཐང་གི་ཐོན་སྐྱེད་ནུས་པ་དང་དེ་མིན་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་སོགས་ཀྱི་གནས་ཚུལ་གཅིག་གྱུར་གྱིས་བསམ་བློ་བཏང་སྟེ། དོན་དངོས་དང་མཐུན་པའི་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་དང་སྲིད་ཇུས་གཏན་འབེབས་བྱེད་དགོས། རིམ་བཞིན་གོང་འཕེལ་དང་སྐུལ་སྤེལ་བརྟན་པོ་གཏོང་བའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། སྔོན་སླ་རྗེས་དཀའ་དང་རིམ་བཞིན་གོང་འཕེལ། སྐུལ་སྤེལ་བརྟན་པོ་གཏོང་བའི་བླང་བྱ་ལྟར། གཏན་འཇགས་བྱ་བ་དེ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་དང་སྲིད་ཇུས་དངོས་འབེབས་བྱེད་པའི་ཨང་དང་པོར་བཞག་ཐོག ས་གནས་སོ་སོས་དོན་དངོས་གཞིར་བཟུང་སྟེ་ཚོད་ལྟའི་བྱ་བ་ལེགས་སུ་སྒྲུབ་པར་དམ་འཛིན་བྱེད་དགོས་པ་དང་། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་སྔོན་ནས་ལག་བསྟར་བྱེད་འགོ་བརྩམ་པ་མ་ཟད། ད་དུང་དཔེ་སྟོན་རྫོང་བདམས་ནས་དཔེ་སྟོན་ལེགས་པོ་བྱེད་དགོས། ཆ་རྐྱེན་མི་འཛོམས་པའི་ས་ཁུལ་གྱིས་རྨང་གཞིའི་བྱ་བ་སྣ་ཚོགས་ལེགས་སྒྲུབ་བྱས་རྗེས་ཡང་བསྐྱར་ལག་བསྟར་བྱེད་དགོས། སྲིད་གཞུང་གིས་ཁྲིད་སྟོན་དང་འབྲོག་པས་རང་འཐད་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། སྲིད་གཞུང་གི་ཁྲིད་སྟོན་ཡང་དག་འོག་འབྲོག་པའི་འདོད་བློ་ལ་བརྩི་བཀུར་གང་ལེགས་དང་འབྲོག་པའི་ནུས་པ་གཙོ་བོ་འདོན་སྤེལ་བྱེད་དགོས་པ་དང་། འབྲོག་པ་མང་ཚོགས་ལ་ཁ་གསབ་དང་བྱ་དགའ་སྟེར་བའི་ནང་དོན་དང་དབང་ཆ་དང་འགན་འཁྲི་ཤེས་སུ་འཇུག་པ། ལས་འགན་དངོས་འབེབས་དང་མ་དངུལ་གཏོང་སྤྲོད། ཞབས་འདེགས་མཛུབ་སྟོན། ལྟ་སྐུལ་དོ་དམ། ཡིག་ཚགས་དང་ཁ་བྱང་འཛུགས་པ་བཅས“ཁྱིམ་ཚང་དུ་ཐོན་པ་ལྔ”དངོས་གནས་སྒྲུབ་པ། སྲིད་ཇུས་ཀྱི་མཚམས་ཚད་ཁོང་དུ་ཆུད་པ་ནན་མོ་བྱས་ཏེ་སྲིད་ཇུས་དངོས་འབེབས་བྱེད་ཐད་མངོན་གསལ་དང་དྲང་སྙོམས། གཞུང་དྲང་བཅས་ཁག་ཐེག་བྱེད་དགོས། སྐྱེ་ཁམས་དམིགས་སུ་བཀར་བ་དང་ཐོན་སྐྱེད་དང་འཚོ་བར་ཕན་ཚུན་ལྟ་རྟོག་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་གྲངས་ཉུང་དུ་གཏོང་བའི་བྱ་བར་དམ་པོར་དམིགས་ནས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པར་དངོས་གནས་ཤུགས་སྣོན་པའི་ཆབས་ཅིག་ཏུ། ཁ་གསབ་དང་བྱ་དགའ་སྟེར་བའི་སྲིད་ཇུས་ལག་བསྟར་བྱེད་པ་དེ་རང་ཞིང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྩ་ཐང་གི་སྐྱེ་ཁམས་སྐྱིན་ཚབ་འཇལ་བའི་ལམ་སྲོལ་འཛུགས་པ་དང་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་ཆེན་པོ། འབྲོག་པ་གཞིས་ཆགས་བཟོ་འགོད། སྐྱེ་ཁམས་ཕྱུགས་གོང་དུ་སྤེལ་བ་བཅས་དང་ཟུང་འབྲེལ་བྱེད་པ་དང་། རྩྭ་སའི་ཕྱུགས་ལས་ཐོན་ཁུངས་ལེགས་སྒྱུར་བསྐྱར་སྒྲིག་བྱས་པ་བརྒྱུད། ཕྱུགས་ལས་ཐོན་སྤེལ་གྱི་སྦས་ཤུགས་ཚད་ཆེ་ཤོས་ཀྱིས་འདོན་པ། ཐོན་སྐྱེད་བདག་གཉེར་བྱེད་སྟངས་སྒྱུར་བ། ཕྱུགས་ལས་ཐོན་སྐྱེད་ཀྱི་ཕྱོགས་བསྡུས་ཕན་ནུས་མཐོར་འདེགས་བཏང་སྟེ། ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་པར་ཤུགས་རྐྱེན་མི་ཐེབས་པ་དང་འབྲོག་པའི་ཡོང་སྒོ་ཉུང་དུ་མི་གཏོང་བར་ཁག་ཐེག་བྱེད་དགོས།

ཁ་གསབ་དང་བྱ་དགའ་སྟེར་བ་ཟུང་འབྲེལ་དང་སྐུལ་ལྕག་དང་ཚོད་འཛིན་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།

སྲིད་ཇུས་ལག་བསྟར་བྱེད་པའི་བརྒྱུད་རིམ་དུ་ངེས་པར་དུ་ཕྱུགས་འཚོ་མི་ཆོག་པར་ཁ་གསབ་བྱེད་པ་དེ་རྩྭ་ཕྱུགས་དོ་མཉམ་ཡོང་བར་བྱ་དགའ་སྟེར་བ་དང་འབྲོག་པའི་ཐོན་སྐྱེད་རང་བཞིན་གྱི་ཁ་གསབ་སྲིད་ཇུས་གཉིས་དང་ཕན་ཚུན་ཟུང་འབྲེལ་དམ་པོ་བྱས་ཏེ་ཆ་ཚང་སྡེབ་སྒྲིག་གི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས། རྒྱལ་ཁབ་ཀྱི"ཞིང་ཆེན་དུ་ཐོན་པ་བཞིའི"བླང་བྱ་ལྟར་དབང་ཆ་དང་འགན་འཁྲི་ཁུལ་དུ་དངོས་འབེབས་བྱེད་པ་དང་། ལས་འགན་རྫོང་དུ་བགོ་བཤའ་རྒྱག་པ། རིམ་པ་བཞིན་དམིགས་འབེན་འགན་ཁུར་ལམ་ལུགས་དངོས་འབེབས་བྱས་ཏེ་ལུགས་མཐུན་དང་ཕན་འབྲས་ཡོད་པའི་འཁོར་སྐྱོད་ལམ་སྲོལ་འཛུགས་དགོས། དུས་མཚུངས་སུ་སྲིད་ཇུས་སྣ་ཚོགས་དངོས་འབེབས་གནས་ཚུལ་དང་སྐྱེ་ཁམས་སྲུང་སྐྱོང་ཕན་འབྲས་སོགས་ལོ་འཁོར་གྱི་བྱས་རྗེས་དང་ལས་ཆོད་དཔྱད་ཞིབ་ཁྱབ་ཁོངས་སུ་འཇོག་པ་དང་། སྐུལ་ལྕག་དང་ཚོད་འཛིན་བྱེད་པའི་ནང་རྐྱེན་བཙུགས་ཏེ་ཁ་གསབ་དང་བྱ་དགའ་སྟེར་བའི་སྲིད་ཇུས་ལ་ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱེད་དགོས།

(གསུམ) དམིགས་འབེན་དང་ལས་འགན།

ལོ5ནི་འཁོར་ཡུན་ཡིན་པའི་ཁ་གསབ་དང་བྱ་དགའ་སྟེར་བའི་ནང་རྐྱེན་དང་སྲིད་ཇུས་དངོས་འབེབས་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་འབྲོག་ཁུལ་དུ་ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་མཚམས་འཇོག་པ། ཕྱུགས་འཚོ་རེས་བྱེད་པ་དང་རྩྭ་ཕྱུགས་དོ་མཉམ་ཡོང་བའི་ལམ་ལུགས་སྒོ་ཀུན་ནས་ཁྱབ་སྤེལ་བྱས་ཏེ། རྩྭ་ཐང་གི་ཤོང་ཚད་ལས་བརྒལ་ནས་ཕྱུགས་འཚོ་བའི་གནས་ཚུལ་ཚོད་འཛིན་དང་། སྤྱི་ཁོག་ནས་སྐྱེ་ཁམས་ཉམས་ཞན་དུ་འགྱུར་བའི་འཕེལ་ཕྱོགས་ཕལ་ཆེར་བཀག་འགོག་བྱེད་དགོས་ཤིང་། རྩྭ་ཐང་གི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མཐོར་འདེགས་མངོན་གསལ་གཏོང་བ་དང་། ཕྱུགས་ལས་འཕེལ་རྒྱས་བྱེད་སྟངས་མགྱོགས་མྱུར་གྱིས་སྒྱུར་བ། འབྲོག་ཁུལ་གྱི་རྒྱུན་མཐུད་ངང་འཕེལ་རྒྱས་ནུས་པ་བརྟན་པོར་ཇེ་དྲག་ཏུ་གཏོང་བ། འབྲོག་པའི་ཡོང་སྒོའི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། སྐྱེ་ཁམས་བཟང་ཞིང་ཐོན་སྐྱེད་འཕེལ་རྒྱས། མི་དང་རང་བྱུང་འཆམ་མཐུན་ངང་གནས་པ་ཕལ་ཆེར་མངོན་འགྱུར་བྱེད་དགོས་པ་དེ་ཡིན། ཞིང་ཆེན་ཡོངས་ཀྱི་འབྲིང་རིམ་ཡན་གྱི་ཞན་གྱུར་རང་བྱུང་རྩྭ་ཐང་མུའུ་དུང་ཕྱུར2.45ལ་ཕྱུགས་འཚོ་མི་ཆོག་པར་ཁ་གསབ་བྱེད་དགོས། ཕྱུགས་འཚོ་མི་ཆོག་པའི་ས་ཁུལ་ལས་གཞན་གྱི་བེད་སྤྱོད་ཆོག་པའི་རྩྭ་ཐང་མུའུ་དུང་ཕྱུར2.29ལ་རྩྭ་ཕྱུགས་དོ་མཉམ་ཡོང་བར་བྱ་དགའ་སྟེར་བ་དང་། ལོ་གསུམ་རིང་ལ་ཤོང་ཚད་ལས་བརྒལ་བའི་ཕྱུགས་ཟོག་རྩིས་གཞི་ལུག་ཁྲི་ཚོ570ཉུང་འཕྲི་བྱེད་དགོས། ལོ་འཁོར་ལྟར་ཕྱུགས་ཟོག་ཉུང་འཕྲི་བྱེད་པའི་བསྡུར་ཚད་ནི་ལོ་དང་པོར40%དང་ལོ་གཉིས་པར40%། ལོ་གསུམ་པར20%ཡིན། འབྲོག་ཁུལ་དང་རོང་མ་འབྲོག་ས་ཁུལ་གྱི་མིས་བཏབ་རྩྭ་ར་མུའུ་ཁྲི་ཚོ450ལ་ཕྱུགས་རྩྭ་སོན་བཟང་གི་ཁ་གསབ་རོགས་དངུལ་སྤྲོད་དགོས། འབྲོག་ཁྱིམ་ཁྲི་ཚོ17.2ལ་ཐོན་སྐྱེད་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་རོགས་དངུལ་སྤྲོད་དགོས།

གསུམ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་མགྱོགས་མྱུར་གྱིས་འཛུགས་དགོས།

(བཞི) རང་བྱུང་རྩྭ་ཐང་དུ་ཕྱུགས་འཚོ་མི་ཆོག་པར་ཁ་གསབ་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་དགོས།

སྒོ་ཀུན་ནས་བརྟག་དཔྱད་བྱེད་པ་དང་རྩྭ་ཐང་དང་ཕྱུགས་ཟོག མི་གྲངས། སྤྱི་ཚོགས་དཔལ་འབྱོར་སོགས་གཞི་རྩའི་གནས་ཚུལ་གསལ་པོར་རྟོགས་པའི་རྨང་གཞིའི་ཐོག འཚོ་བསྐྱུར་རྩྭ་སྐྱོང་གི་བཟོ་འགོད་ལག་བསྟར་བྱས་པའི་ཕྱུགས་འཚོ་མི་ཆོག་པའི་ས་ཁུལ་གྱི་འཛུགས་སྐྲུན་དང་སྦྲེལ་ཏེ། གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་ས་བབ་དང་སྟུན་པ། སྡེ་བའམ་འབྲོག་ཁྱིམ་གཞི་རྩའི་སྡེ་ཚན་དུ་བརྩིས་པ་དང་དབྱར་སྟོན་རྩྭ་ས་གཙོ་གནད་བྱས་ཏེ་ཕྱུགས་འཚོ་མི་ཆོག་པའི་ས་ཁུལ་ཚན་རིག་ལུགས་མཐུན་གྱིས་གཏན་འཁེལ་བྱེད་དགོས་ཤིང་། རྩྭ་ཐང་གི་སྐྱེ་ཁམས་ཞན་པ་དང་འཚོ་གནས་ཁོར་ཡུག་ངན་པ། ཉམས་ཞན་དུ་འགྱུར་བ་དང་བྱེ་མར་འགྱུར་བ། བ་ཚྭ་ཅན་དུ་འགྱུར་བ་བཅས་ཚབས་ཆེན་ཡིན་པ་དང་དེ་མིན་འབྲི་ཆུ་དང་རྨ་ཆུའི་ཆུ་ཁུངས་གསོ་འཁྱོངས་ས་ཁུལ་གྱི་འབྲིང་རིམ་ཡན་ཆད་ཀྱི་ཞན་འགྱུར་རྩྭ་ཐང་ལ་སྔོན་ནས་ཕྱུགས་འཚོ་མི་ཆོག་པ་དང་འགོག་གསོ་བྱེད་དགོས། ཕྱུགས་འཚོ་མི་ཆོག་པའི་དུས་བཅད་ལོན་རྗེས། རྩྭ་ཐང་གི་སྐྱེ་ཁམས་རྩོལ་ནུས་ཉམས་གསོ་གནས་ཚུལ་གཞིར་བཟུང་སྟེ་མུ་མཐུད་དུ་ཕྱུགས་འཚོ་མི་ཆོག་པའམ་རྩྭ་ཕྱུགས་དོ་མཉམ་གྱི་དོ་དམ་དུ་སྒྱུར་བ། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་བྱེད་སྟངས་ཁྱབ་སྤེལ་བྱས་ཏེ་རྩྭ་ཐང་གི་ཐོན་ཁུངས་ཚན་རིག་ལྟར་བེད་སྤྱོད་བྱེད་དགོས། རྒྱལ་ཁབ་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པའི་རང་ཞིང་གི་རྩྭ་ཐང་དུ་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་ལྟར། དོན་དངོས་དང་སྦྲེལ་ཏེ་ས་གནས་སོ་སོའི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་གཏན་འཁེལ་བྱེད་པ་མ་ཟད། རིམ་པ་བཞིན་རྫོང་དང་ཞང་། སྡེ་བ། འབྲོག་ཁྱིམ་བཅས་ལ་བགོ་བཤའ་དང་དངོས་འབེབས་བྱེད་དགོས། ཕྱུགས་འཚོ་མི་ཆོག་པའི་ཁ་གསབ་ཚད་གཞི་གཏན་འཁེལ་བྱེད་སྐབས། ཞིང་ཆེན་ཡོངས་ཀྱི་ལོ་རེར་ཆ་སྙོམས་ཀྱིས་རྩིས་གཞི་ལུག་གཅིག་གསོ་བར་མཁོ་བའི་རང་བྱུང་རྩྭ་ཐང་མུའུ26.73དེ“ཚད་གཞའི་མུའུ”ཞིག་ཏུ་བརྩི་བ་དང་། དེ་རྨང་གཞི་བྱས་ཏེ་ཁུལ་སོ་སོའི་ཕྱུགས་འཚོ་མི་ཆོག་པའི་ས་ཁུལ་གྱི་རྩྭ་ཐང་རྒྱ་ཁྱོན་དང་ཚད་འཇལ་གཏན་འཁེལ་བྱེད་པའི་ཚད་གཞིའི་མུའུ་ཡི་རྟག་གྲངས་ལྟར། རྒྱལ་ཁབ་ཀྱི་ཕྱུགས་འཚོ་མི་ཆོག་པར་ཁ་གསབ་བྱེད་པའི་ཚད་འཇལ་གཏན་འཁེལ་ཚད་གཞི་དང་སྦྲེལ་ནས། འཚོ་བསྐྱུར་རྩྭ་སྐྱོང་གི་གཟན་ཆས་ཁ་གསབ་སྲིད་ཇུས་དང་ལུགས་མཐུན་གྱིས་འབྲེལ་མཐུད་བྱེད་པའི་རྨང་གཞིའི་ཐོག་ཁུལ་སོ་སོའི་ལོ་སྔོན་མའི་མི་རེའི་ཆ་སྙོམས་ཕྱུགས་ལས་ཡོང་སྒོ་རྐྱང་བ་དང་འབྲོག་པའི་མི་གྲངས། ཕྱུགས་འཚོ་མི་ཆོག་པའི་རྩྭ་ཐང་རྒྱ་ཁྱོན་དང་དེ་མིན་ཕྱུགས་གྲངས་དང་ཡོང་སྒོ་ཉུང་འཕྲི་བྱེད་པ་རྒྱུ་རྐྱེན་བཞི་ཕྱོགས་བསྡུས་བསམ་བློ་བཏང་སྟེ། ཁུལ་སོ་སོའི་ཕྱུགས་འཚོ་མི་ཆོག་པའི་ཁ་གསབ་ཚད་གཞི་དང་མ་དངུལ་བསྡོམས་གྲངས་གཏན་འཁེལ་བྱེད་དགོས། ཁུལ་སོ་སོའི་ཕྱུགས་འཚོ་མི་ཆོག་པར་ཁ་གསབ་བྱེད་པའི་ཚད་འཇལ་གཏན་འཁེལ་ཚད་གཞི་ནི། མགོ་ལོག་དང་ཡུས་ཧྲུའུ་ཁུལ་ལ་མུའུ་རེ་ལྟར་སྒོར5དང་མཚོ་ལྷོ་དང་མཚོ་བྱང་ཁུལ་ལ་མུའུ་རེ་ལྟར་སྒོར10 རྨ་ལྷོ་ཁུལ་ལ་མུའུ་རེ་ལྟར་སྒོར14 མཚོ་ནུབ་ཁུལ་ལ་མུའུ་རེ་ལྟར་སྒོར3བཅས་ཡིན། ཁ་གསབ་མ་དངུལ་དེ་ཞིང་ཆེན་གྱིས་བགོ་བཤའ་བརྒྱབ་ཏེ་ཁུལ་སོ་སོར་གཤམ་སྤྲོད་བྱེད་པ་དང་། ཁུལ་སོ་སོས་དོན་དངོས་དང་སྦྲེལ་ཏེ་ས་གནས་དེ་གའི་ཕྱུགས་འཚོ་མི་ཆོག་པའི་ཁ་གསབ་ཚད་གཞི་གཏན་འཁེལ་བྱེད་པ་མ་ཟད་ཁྱིམ་ཚང་དུ་དངོས་འབེབས་བྱེད་དགོས། ལག་བསྟར་ཞིབ་ཕྲ་བྱེད་ཁྲོད་ཆེས་མཐོའི་ཚད་གཞི་དང་ཆེས་དམའི་ཚད་གཞི་ལག་བསྟར་བྱེད་པ་དང་། དེའི་ཚད་གཞི་ཁུལ་སོ་སོས་དོན་དངོས་དང་སྦྲེལ་ཏེ་ཞིབ་འཇུག་དང་གཏན་འཁེལ་བྱེད་པ་མ་ཟད། ད་དུང་ཞིང་ཆེན་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་སྲིད་ཇུས་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་ལ་གོང་ཞུ་བྱས་ཏེ་ཞིབ་བཤེར་དང་ཡིད་འཐད་བྱུང་རྗེས་ལག་བསྟར་བྱེད་པ། ཁ་གསབ་དངུལ་གྲངས་མང་དྲགས་པས“དངུལ་མང་བའི་ཁྱིམ་ཚང་དུ་འགྱུར་བ”དང་ཁ་གསབ་དངུལ་གྲངས་ཉུང་དྲགས་པས་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་བྱུང་བར་གཡོལ་དགོས།

(ལྔ) རྩྭ་ཕྱུགས་དོ་མཉམ་ཡོང་བར་བྱ་དགའ་སྟེར་བའི་སྲིད་ཇུས་འཛུགས་དགོས།

ས་གནས་སོ་སོས་དོན་དངོས་དང་སྦྲེལ་ཏེ་ཕྱུགས་འཚོ་མི་ཆོག་པའི་ས་ཁུལ་ལས་གཞན་གྱི་རྩྭ་ཐང་ལ་ཕྱུགས་ཤོང་ཚད་གཏན་འཁེལ་བྱས་རྗེས་ཤོང་ཚད་ལས་བརྒལ་བའི་ཕྱུགས་གྲངས་གཏན་འཁེལ་དང་ཕྱུགས་གྲངས་ཉུང་འཕྲི་འཆར་གཞི་གཏན་འཁེལ་བྱེད་པ་དང་། ཤོང་ཚད་ལས་བརྒལ་བའི་ཕྱུགས་གྲངས་ཉུང་འཕྲི་བྱེད་པ། རྩྭ་ས་ལྟར་ཕྱུགས་གྲངས་གཏན་འཁེལ་བྱེད་པ་དང་རྩྭ་ཕྱུགས་དོ་མཉམ་ཡོང་བའི་ལམ་ལུགས་བཙུགས་ཏེ། རྩྭ་ཕྱུགས་དོ་མཉམ་ཡོང་བའི་དོ་དམ་བྱེད་དགོས། ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ཚོད་དཔག་བྱས་པ་ལྟར་ན་ཞིང་ཆེན་ཡོངས་ཀྱི་ཕྱུགས་ཤོང་ཚད་ལུག་རྩིས་གཞི་བྱས་ནས་ཁྲི་ཚོ2475ཡོད་པ་དང་། ཞིབ་བཤེར་གཏན་འབེབས་བྱས་པའི་ཚོད་དཔག་ཕྱུགས་ཤོང་ཚད་གཞིར་བཟུང་སྟེ་ཕྱུགས་གྲངས་ལུག་རྩིས་གཞི་བྱས་ནས་ཁྲི་ཚོ570ཉུང་འཕྲི་བྱེད་དགོས། ས་གནས་སོ་སོས་རྩྭ་ཕྱུགས་དོ་མཉམ་རྒྱ་ཁྱོན་དང་ཕྱུགས་གྲངས་ཉུང་འཕྲི་ལས་འགན་རིམ་པ་བཞིན་རྫོང་དང་ཞང་། སྡེ་བ། འབྲོག་ཁྱིམ་བཅས་སུ་བགོས་ནས་དངོས་འབེབས་བྱེད་པ་དང་། ཁྱབ་སྒྲོག་བྱས་པ་བརྒྱུད་རྫོང་དང་ཞང་བར་དང་ཞང་དང་སྡེ་བ་བར། སྡེ་བ་དང་འབྲོག་ཁྱིམ་བར་གྱིས་རིམ་པ་རེ་བཞིན་ཕྱུགས་གྲངས་ཉུང་འཕྲི་བྱེད་པའི་གན་རྒྱ་འཇོག་པ་མ་ཟད། ད་དུང་རིམ་པ་སོ་སོའི་ནོར་སྲིད་དང་ཞིང་ཕྱུགས་སྡེ་ཁག་གིས་ཕྱུགས་གྲངས་ཉུང་འཕྲི་འཆར་གཞི་ལག་བསྟར་བྱེད་པའི་འབྲོག་པར་ལོ་རེ་མུའུ་རེར་སྒོར1.5སྤྲོད་པའི་ཚད་ལེན་ཞིབ་རྩིས་ཚད་གཞི་ལྟར་རྩྭ་ཕྱུགས་དོ་མཉམ་ཡོང་བར་བྱ་དགའ་སྟེར་དགོས། རྩྭ་ཕྱུགས་དོ་མཉམ་ཡོང་བའི་རྨང་གཞིའི་ཐོག་འབྲོག་པས་དུས་ཚིགས་ལྟར་ཕྱུགས་འཚོ་མཚམས་འཇོག་པ་དང་ས་ཁུལ་བགོས་ནས་ཕྱུགས་འཚོ་རེས་བྱས་ཏེ། རྩྭ་ཐང་ལུགས་མཐུན་གྱིས་བེད་སྤྱོད་པའི་ཡུན་ཕན་ལམ་སྲོལ་འཛུགས་དགོས།

(དྲུག) འབྲོག་པའི་ཐོན་སྐྱེད་རང་བཞིན་གྱི་ཁ་གསབ་སྲིད་ཇུས་དངོས་འབེབས་བྱེད་དགོས།

ཕྱུགས་ལས་ཐོན་སྐྱེད་ཀྱི་དགོས་མཁོ་དངོས་གཞིར་བཟུང་སྟེ། ཕྱུགས་ལས་ཐོན་སྐྱེད་ཐད་མཁོ་བའི་གཡག་ཐུག་དང་ལུག(ར་མ)ཐུག་གི་སོན་བཟང་ཁ་གསབ་དངོས་འབེབས་བྱེད་པ་དང་། ཕྱུགས་ཟོག་གསོན་པོ་ལྟར་ཁ་གསབ་བྱེད་པ། ཞིང་ཆེན་རིམ་པས་སུས་འཇོན་དེ་འགུག་བྱས་ནས་སོན་བཟང་མཁོ་སྤྲོད་སྡེ་ཚན་དང་སོན་བཟང་མཁོ་སྤྲོད་རིན་གོང་གཏན་འཁེལ་དང་སོན་ཕྱུགས་གསལ་འབྱེད་བྱེད་པ་མ་ཟད་ཁྱབ་སྒྲོག་བྱེད་པ་དང་། རྣམ་གྲངས་ལག་བསྟར་རྫོང་གིས་ཞིང་ཆེན་རིམ་པའི་ཞིང་ཕྱུགས་གཙོ་གཉེར་སྡེ་ཁག་གིས་གཏན་ཁེལ་བྱས་པའི་སོན་བཟང་མཁོ་སྤྲོད་སྡེ་ཚན་གཞིར་བཟུང་སྟེ་གསལ་འབྱེད་བྱས་ནས་ཚད་དང་མཐུན་པའི་སོན་ཕྱུགས་སྡུད་ཉོ་བྱེད་པ། ཁ་གསབ་ཚད་གཞི་ནི། འབྲི་གཡག་རེར་སྒོར2000དང་ལུག་རེར་སྒོར800 ཁུལ་ལྡན་ར་མ་རེར་སྒོར800བཅས་ཁ་གསབ་བྱེད་དགོས། སྡུད་ཉོ་བྱེད་སྐབས་རིན་ཁྱད་ཁོ་ན་སྤྲོད་པ་དང་། སོན་བཟང་མཁོ་སྤྲོད་སྡེ་ཚན་གྱིས་ཕྱིར་འཚོང་བའི་ཟིན་ཐོ་དང་རྫོང་རིམ་པའི་ཞིང་ཕྱུགས་སྡེ་ཁག་གིས་བཏོན་པའི་དཔང་ཡིག་གཞིར་བཟུང་སྟེ་ནོར་སྲིད་སྡེ་ཁག་ལ་ཁ་གསབ་མ་དངུལ་ལེན་དགོས། འབྲོག་ཁུལ་དང་རོང་མ་འབྲོག་ས་ཁུལ་དུ་མིས་རྩྭ་བོན་འདེབས་པར་མཁོ་བའི་ས་བོན་ཁ་གསབ་དངོས་འབེབས་བྱེད་པ་དང་། ཁ་གསབ་ཚད་གཞི་ནི་ལོ་མང་སྐྱེ་བའི་མིས་བཏབ་རྩྭ་ས་མུའུ་རེ་སྒོར50དང་ལོ་གཅིག་གི་རིང་སྐྱེ་ཞིང་སྨིན་པ་ལོ་རེར་མུའུ་རེ་སྒོར10ཡིན་ཞིང་། རྣམ་གྲངས་དོ་དམ་དང་ཡང་ན་འབྲོག་པར་ཐད་ཀར་ཁ་གསབ་བྱེད་པའི་རྣམ་པ་གཉིས་བེད་སྤྱད་དེ་ཕྱུགས་རྩྭ་སོན་བཟང་དངོས་རྫས་རྣམ་པ་ལྟར་འབྲོག་པར་ཁ་གསབ་བྱེད་པ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་དང་སྡེ(འབྲོག)དམངས་ཨུ་ཡོན་ལྷན་ཁང་གིས་འབྲོག་པ་གཅིག་གྱུར་གྱིས་རྩ་འཛུགས་བྱས་ནས་གཅིག་བསྡུས་ཀྱིས་རྩྭ་བོན་འདེབས་པའམ་འབྲོག་པས་རྩྭ་བོན་འདེབས་པར་མཛུབ་སྟོན་བྱེད་དགོས། ཕྱུགས་ཟོག་སོན་བཟང་དང་ཕྱུགས་རྩྭ་སོན་བཟང་གི་ཁ་གསབ་དེ་ཞིང་ཆེན་ཞིང་ཕྱུགས་ཐིན་དང་ནོར་སྲིད་ཐིན་གྱིས་གཏན་ཁེལ་བྱས་པའི་ལས་གཞི་ལག་བསྟར་འཆར་གཞི་དང་དོ་དམ་བྱེད་ཐབས་ལྟར་ལག་ལེན་བྱེད་དགོས། རྩྭ་ས་འགན་གཙང་ལེན་བྱས་པ་མ་ཟད་ཕྱུགས་འཚོ་མི་ཆོག་དང་ཕྱུགས་རྩྭ་དོ་མཉམ་བྱེད་པའི་འོས་འགན་ལག་ལེན་བྱེད་པ་དང་། མིག་སྔར་སྔར་བཞིན་ཕྱུགས་ལས་ཐོན་སྐྱེད་སྒྲུབ་བཞིན་པའི་ཁྱིམ་ཚང་གིས་ཐོན་སྐྱེད་ཐད་མཁོ་སྤྱོད་པའི་ཁྲའེ་ཡིའུ་སྣུམ་དང་རྫས་འགྱུར་ལུད། གཟན་རྩྭ་གཟན་ཆས་སོགས་ཐོན་སྐྱེད་རྒྱུ་ཆས་ཁ་གསབ་དངོས་འབེབ་བྱས་ཏེ། ཁྱིམ་ཚང་རེ་ལ་ཁ་གསབ་ཚད་གཞི་སྒོར500ཡིན་པས། ཁ་གསབ་མ་དངུལ་ཐད་ཀར་ཁྱིམ་ཚང་དུ་གཏོང་སྤྲོད་བྱེད་དགོས།

(བདུན) བྱས་རྗེས་དང་ལས་ཆོད་དཔྱད་ཞིབ་དང་བྱ་དགའ་སྟེར་བའི་ལམ་ལུགས་འཛུགས་དགོས།

རྒྱལ་ཁབ་ཀྱི“ཞིང་ཆེན་དུ་ཐོན་པ་བཞིའི”བླང་བྱ་ལྟར། རང་ཞིང་གིས་དམིགས་འབེན་དང་ལས་འགན། མ་དངུལ། འགན་འཁྲི་བཅས“ཁུལ (ཏིས་དང་གྲོང་ཁྱེར)དུ་ཐོན་པ་བཞི”ལག་ལེན་བྱས་ཏེ། ས་གནས་སོ་སོའི་ཁ་གསབ་དང་བྱ་དགའི་སྲིད་ཇུས་དངོས་འབེབ་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས། ཁ་གསབ་དང་བྱ་དགའི་མ་དངུལ་བེད་སྤྱོད་དོ་དམ་དང་དེ་མིན་ཆ་ཚང་སྡེབ་སྒྲིག་གི་སྲིད་ཇུས་གཏན་ཁེལ་དང་དངོས་འབེབ་བྱེད་པ་སོགས་ཀྱི་གནས་ཚུལ་ལ་བྱས་རྗེས་དང་ལས་ཆོད་དཔྱད་བསྡུར་བྱས་པ་མ་ཟད། དུས་བཅད་དང་དུས་བཅད་མིན་པའི་སྒོ་ནས་སྐོར་སྐྱོད་ལྟ་སྐུལ་བྱས། བྱ་བ་གཟེངས་སུ་ཐོན་པ་དང་གྲུབ་འབྲས་མངོན་གསལ་ཡིན་པའི་ས་ཁུལ་ལ་བྱ་དགའ་སྟེར་བ་དང་། དམིགས་འབེན་གྱི་ལས་འགན་མ་འགྲུབ་མཁན་ལ་བརྡ་ཡིག་གི་ཐོག་ནས་སྐྱོན་བརྗོད་བྱེད་དགོས། དཔྱད་བསྡུར་བྱེད་ཐབས་ལོགས་སུ་གཏན་འབེབ་བྱེད་རྒྱུ་ཡིན།

བཞི། ཆ་ཚང་སྡེབ་སྒྲིག་གི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དང་དངོས་འབེབ་བྱེད་དགོས།

(བརྒྱད) རྩྭ་ཐང་འགན་གཙང་ལེན་ཁྱིམ་ཚང་དུ་སྤྲོད་པའི(ཁྱིམ་ཚང་མཉམ་འབྲེལ་གྱིས་འགན་གཙང་ལེན་བྱེད་པ)བྱ་བ་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་དགོས།

《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་རྩྭ་ཐང་འགན་གཙང་ལེན་བྱ་བ་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་བའི་བསམ་འཆར་བརྒྱུད་སྤེལ་བྱས་པའི་སྐོར་གྱི་བརྡ་སྦྱོར》ལྟར། རྩྭ་ཐང་འགན་གཙང་ལེན་འཐུས་ཚང་དང་དངོས་འབེབ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཕྱུགས་འཚོ་མི་ཆོག་དང་ཕྱུགས་རྩྭ་དོ་མཉམ་བྱེད་པའི་ས་ཁུལ་གྱི་རྩྭ་ཐང་ཚང་མ་ཁྱིམ་ཚང་དུ(ཁྱིམ་ཚང་མཉམ་འབྲེལ་གྱིས་འགན་གཙང་ལེན་བྱེད་པ)རྩྭ་ཐང་འགན་གཙང་ལེན་དང་དངོས་འབེབ་བྱེད་པ། རྩྭ་ཐང་འགན་གཙང་ལེན་ཚད་ལྡན་ཅན་གྱི་དོ་དམ་བྱེད་པར་སྔར་ལས་ལྷག་པར་ཤུགས་བསྣན་ཏེ། དབང་གཏོགས་དང་དབྱེ་མཚམས། འགན་འཁྲི། འོས་འགན་བཅས་གསལ་བོར་བྱེད་དགོས། རྩྭ་ཐང་བེད་སྤྱོད་དབང་ཆ་དཔང་ཡིག་དང་འགན་གཙང་ལེན་བདག་གཉེར་དབང་ཆ་དཔང་ཡིག འགན་གཙང་ལེན་བདག་གཉེར་གན་རྒྱ་བཅས་ཀྱི་ཐོ་འགོད་དང་དཔྱད(བརྗེ་བ་དང་མཆན་འགོད)སྤྲོད་བཅས་ཀྱི་བྱ་བ་ལེགས་སྒྲུབ་བྱས་ཏེ། ཡིག་ཚགས་དཔྱད་ཡིག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རྩྭ་ཐང་བེད་སྤྱོད་དབང་ཆ་དཔང་ཡིག་དང་འགན་གཙང་ལེན་བདག་གཉེར་དབང་ཆ་དཔང་ཡིག འགན་གཙང་ལེན་བདག་གཉེར་གན་རྒྱ་བཅས་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་གཅིག་གྱུར་གྱིས་དཔར་སྐྲུན་བྱེད་དགོས།

(དགུ) གཞི་རྩའི་རྩྭ་ཐང་སྲུང་སྐྱོང་ནན་མོར་བྱེད་དགོས།

《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས་ཞིང་ཆེན་ཞིང་ཕྱུགས་ཐིང་གི་གཞི་རྩའི་རྩྭ་ཐང་དབྱེ་མཚམས་བཅད་པའི་ལག་བསྟར་བསམ་འཆར་བརྒྱུད་སྤེལ་བྱས་པའི་སྐོར་གྱི་བརྡ་སྦྱོར》གྱི་བླང་བྱ་ལྟར། གཞི་རྩའི་རྩྭ་ཐང་དབྱེ་མཚམས་བཅད་པའི་བྱ་བ་ཇེ་མགྱོགས་སུ་བཏང་སྟེ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཐད་ཀྱི་ཁ་གསབ་དང་བྱ་དགའ་སྟེར་བའི་སྲིད་ཇུས་ལག་བསྟར་གཏན་ཁེལ་བྱས་པའི་ཕྱུགས་འཚོ་མི་ཆོག་པའི་ས་ཁུལ་དང་ཕྱུགས་རྩྭ་དོ་མཉམ་བྱེད་པའི་ས་ཁུལ་ཚང་མ་གཞི་རྩའི་རྩྭ་ཐང་དབྱེ་མཚམས་བཅད་པའི་གཞི་ཁྱོན་ནང་དུ་བཞག་སྟེ། གཞི་རྩའི་རྩྭ་ཐང་སྲུང་སྐྱོང་གི་ལམ་ལུགས་ལག་ལེན་བསྟར་བ་དང་། གཞི་རྩའི་རྩྭ་ཐང་སྡུད་བཟུང་བཀོལ་གསུམ་གྱི་ཞིབ་བཤེར་ཆོག་མཆན་དོ་དམ་ནན་མོར་བྱེད་པ། གཞི་རྩའི་རྩྭ་ཐང་གཏོར་བརླག་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་སྟེ། གཞི་རྩའི་རྩྭ་ཐང་སྤྱོད་སྒོ་མི་འགྱུར་བ་དང་གྲངས་ཚད་ཉུང་དུ་མི་གཏོང་བ། སྤུས་ཚད་ཞན་དུ་མི་གཏོང་བ་བཅས་ཁག་ཐེག་བྱེད་དགོས།

(བཅུ) ཕྱུགས་ལས་ཐོན་སྐྱེད་ཀྱི་བདག་གཉེར་བྱེད་སྟངས་མགྱོགས་མྱུར་ངང་སྒྱུར་དགོས།

འབྲོག་ཁུལ་དུ་ཕྱུགས་འཚོ་མི་ཆོག་པར་མ་དངུལ་ཁ་གསབ་དང་ཕྱུགས་རྩྭ་དོ་མཉམ་པ་བྱེད་པར་བྱ་དགའ་སྟེར་བའི་སྲིད་ཇུས་ལག་ལེན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་ཤུགས་ཆེན་གྱིས་འཕེལ་རྒྱས་གཏོང་བ་དང་། དུས་ཚིགས་རང་བཞིན་གྱི་ཕྱུགས་འཚོ་མཚམས་འཇོག་པ་དང་། ས་ཁུལ་དབྱེ་ནས་ཕྱུགས་འཚོ་རེས་བྱེད་པ། ས་དེའི་མིས་འདེབས་གཟན་རྩྭ་གཟན་ཆས་དང་སོག་མའི་ཐོན་ཁུངས། ལྷས་སྤྱིལ་སྒྲིག་བཀོད་ཆ་རྐྱེན་བེད་སྤྱོད་གང་ལེགས་བྱས་ཏེ། ལྷས་སྤྱིལ་དུ་གཟན་གསོ་དང་འཚོ་ཞོར་གསོ་ཞོར་བྱེད་པ་ཁྱབ་སྤེལ་བྱེད་པ། སྔོན་ཐོན་ཉེར་སྤྱོད་ཀྱི་རྩྭ་འདེབས་ཕྱུགས་གསོ་དང་ཚན་རིག་དང་བསྟུན་ནས་ཕྱུགས་གསོ་བའི་ལག་རྩལ་ཁྱབ་སྤེལ་གཏོང་བ། ཕྱུགས་ཟོག་ཡན་གར་གྱི་གཤིས་ནུས་ཇེ་རྒྱས་གཏོང་བ། རྒྱུ་སྤུས་མཐོ་རུ་འདེགས་པ། འབྲོག་པ་རྣམས་ཀྱིས་ལུ་གུ་དང་བེའུ་བཤས་ཁོངས་སུ་གཏོང་བར་སྣེ་ཁྲིད་བྱེད་པ། ཕྱུགས་ཁྱུ་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། མོ་ཕྱུགས་བསྡུར་ཚད་མཐོ་རུ་བཏང་སྟེ། ཕྱུགས་ལས་ནང་ཁུལ་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་དགོས། ཕྱུགས་ལས་ཐོན་སྐྱེད་ཀྱི་བདག་གཉེར་བྱེད་སྟངས་བསྒྱུར་ཏེ། ཕྱུགས་ལས་དེ་ལེགས་བསྡུས་ཞིབ་གཉེར་ཅན་དུ་ཐོན་སྐྱེད་དང་ཐོན་ལས་ཅན་དུ་བདག་གཉེར་བྱེད་པར་ཁྱབ་སྤེལ་བཏང་སྟེ། ཕྱུགས་ལས་ཕྱོགས་བསྡུས་ཐོན་སྐྱེད་ཀྱི་ཕན་འབྲས་མཐོར་འདེགས་གཏོང་དགོས། རོང་མ་འབྲོག་ས་ཁུལ་གྱིས་གཟན་རྩྭ་གཟན་ཆས་འདེབས་འཛུགས་དང་ཕྱུགས་ཟོག་ལྷས་སྤྱིལ་འཛུགས་སྐྲུན་སོགས་ཧུར་ཐག་གིས་ཁྱབ་སྤེལ་བཏང་སྟེ། ཕྱུགས་ལས་རྨང་གཞི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་། ཞིང་ལས་ས་ཁུལ་གྱི་ཕྱུགས་ལས་ཤུགས་ཆེན་ངང་འཕེལ་རྒྱས་གཏོང་བ། གཞི་ཁྱོན་ཅན་དང་ཚད་གཞི་ཅན་གྱི་གསོ་སྤེལ་ལས་རིགས་ཁྱབ་སྤེལ་བཏང་སྟེ། ཕྱུགས་ལས་ཕྱོགས་བསྡུས་ཐོན་སྐྱེད་ཀྱི་ནུས་པ་མཐོར་འདེགས་གཏོང་དགོས།

(བཅུ་གཅིག) རྗེས་མཐུད་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྐྱིན་གསབ་ནང་རྐྱེན་གྱི་སྲིད་ཇུས་དང་ཟུང་འབྲེལ་བྱས་ཐོག ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་དུ་རྗེས་མཐུད་ཐོན་ལས་ཀྱི་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་བཙུགས་ཏེ། འབྲོག་པས་རྗེས་མཐུད་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། འབྲོག་པས་རང་བདག་ལས་སྐྲུན་དང་ཐོན་ལས་སྤོ་སྒྱུར་བྱེད་པར་སྣེ་ཁྲིད་དང་བསྐུལ་བསྟོད་བྱས་ཏེ། ཡོང་སྒོ་འཕར་སྣོན་གཏོང་དགོས། འབྲོག་པའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་དང་ཕྱུགས་གསོ་དུད་ཆེན(ཁྱིམ་ཚང་གི་ཕྱུགས་ར)ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ལས་ཞུགས་ཀྱི་ཐབས་ལམ་རྒྱས་གཏོད་དང་། དེ་བས་མང་བའི་འབྲོག་པ་བསྡུ་རུབ་བྱས་ནས་ལས་ཀར་ཞུགས་པ། ངལ་རྩོལ་པ་ལྷག་མ་གནས་སྤོ་བྱེད་པ། འབྲོག་པ་རྩ་འཛུགས་ཅན་དུ་འགྱུར་ཚད་འབད་བརྩོན་གྱིས་མཐོར་འདེགས་བཏང་སྟེ། སྒྲིག་བཀོད་ཕྱུགས་ལས་དང་འཚོལ་བསྡུ་ལས་རིགས། ཁྱིམ་ཚང་གི་ཁྱད་ཆོས་ལྡན་པའི་འདེབས་གསོ་ལས་རིགས་དང་དེ་མིན་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་དང་སྐྱེ་ཁམས་གནས་སྐོར་ལས་རིགས། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་བཟོ་སྐྲུན་སོགས་ཐད་ལ་ཤུགས་ཆེན་གྱིས་རོགས་སྐྱོར་བྱས་ཏེ། འབྲོག་པ་གནས་སྤོའི་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས།

(བཅུ་གཉིས) སྤྱོད་གོ་ཆོད་པའི་དོ་དམ་ལམ་ལུགས་འཛུགས་པ་དང་ལག་བསྟར་བྱེད་དགོས།

འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་སྟེ། བརྟག་དཔྱད་ཞིབ་འཇུག་བྱེད་པའི་རྨང་གཞིའི་ཐོག 《མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་འཚོ་མི་ཆོག་དང་ཕྱུགས་རྩྭ་དོ་མཉམ་བྱེད་པར་པར་དོ་དམ་བྱེད་པའི་སྐོར་གྱི་གནས་སྐབས་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་སྐྱེ་ཁམས་བདག་སྐྱོང་དོ་དམ་བྱེད་པའི་སྐོར་གྱི་གནས་སྐབས་བྱེད་ཐབས》། 《མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་གྱི་མ་དངུལ་དོ་དམ་བྱེད་པའི་སྐོར་གྱི་གནས་སྐབས་བྱེད་ཐབས》། 《མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་དང་བྱས་རྗེས་དང་ལས་ཆོད་དཔྱད་ཞིབ་ལ་བྱ་དགའ་སྟེར་བའི་སྐོར་གྱི་གནས་སྐབས་བྱེད་ཐབས》སོགས་ཆ་ཚང་བྱེད་ཐབས་དང་ལམ་ལུགས་མགྱོགས་མྱུར་ངང་གཏན་ཁེལ་བྱེད་པ་མ་ཟད། ལམ་ལུགས་སོ་སོའི་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་དགོས།

(བཅུ་གསུམ) རྩྭ་ཐང་ལྟ་སྐུལ་དོ་དམ་མ་ལག་དང་ཞིབ་བཤེར་གྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

རིམ་པ་སོ་སོ་སྲིད་གཞུང་གིས་རྩྭ་ཐང་ལྟ་སྐུལ་དོ་དམ་དང་ལག་རྩལ་ཁྱབ་སྤེལ་ཞབས་འདེགས་མ་ལག་ལ་མཐོང་ཆེན་ཚད་མཐོན་པོར་བྱས་ཏེ། ལས་ཁུངས་སྒྲིག་འཛུགས་ལུགས་མཐུན་ཡིན་པ་དང་དཔུང་སྡེའི་སྒྲིག་གཞི་ལེགས་སུ་སྒྱུར་བ། སྒྲིག་ཆས་ཆ་ཚང་ཡིན་པ། ཁྲིམས་འཛིན་ལྟ་སྐུལ་ནུས་ལྡན་ཡིན་པ་བཅས་ཀྱི་བླང་བྱ་ལྟར། རྩྭ་ཐང་ལྟ་སྐུལ་དོ་དམ་གྱི་བྱ་བ་སྔར་ལས་ལྷག་པར་ཤུགས་སྣོན་བཏང་སྟེ། འབྲོག་ཁུལ་དང་རོང་མ་འབྲོག་ས་ཁུལ་དུ་རྩྭ་ཐང་ལྟ་སྐུལ་དོ་དམ་གྱི་ལས་ཁུངས་འཛུགས་པ་དང་། ཞིང་ཕྱུགས་སྡེ་ཁག་ཏུ་ཁའོ་གཞོན་པ་རིམ་པའི་རྩྭ་ཐང་ལྟ་སྐུལ་དོ་དམ་གྱི་ལས་ཁུངས་བཙུགས་ཏེ། མི་སྣའི་སྒྲིག་གཞི་དེ་རྫོང་སོ་སོས་ད་ཡོད་ཀྱི་སྒྲིག་གཞིའི་ནང་ནས་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས། འབྲོག་ལས་ཞང་དུ་རྩྭ་ཐང་ལྟ་སྐུལ་དོ་དམ་གྱི་ལས་རྐང་སྒྲིག་འཛུགས་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་དུ་རྩྭ་ཐང་སྐྱེ་ཁམས་བདག་སྐྱོང་པའི་སྤྱི་ཕན་རང་བཞིན་གྱི་ལས་རྐང་བཙུགས་ཏེ། བདག་སྐྱོང་པའི་གསོ་སྦྱོང་དང་དོ་དམ་ལ་ཤུགས་བསྣན་ཏེ། བྱ་བའི་ནུས་པ་མཐོར་འདེགས་གཏོང་དགོས། རིམ་པ་སོ་སོའི་རྩྭ་ཐང་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་རང་ས་ཁོངས་གཏོགས་ས་ཁུལ་ནང་ནས་རྩྭ་ཐང་དུ་ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་མཚམས་འཇོག་པ། ཕྱུགས་རྩྭ་གཉིས་དོ་སྙོམ་པར་བྱེད་པ་བཅས་ཀྱི་ལམ་ལུགས་དངོས་འབེབ་བྱས་ཚུལ་གྱི་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། དུས་བཅད་ལྟར་ཕྱུགས་འཚོ་མི་ཆོག་པའི་ས་ཁུལ་དང་ཕྱུགས་འཚོ་མཚམས་བཞག་སྐབས་ཕྱུགས་འཚོ་བར་ལྟ་སྐོར་ཞིབ་བཤེར་གྱི་བྱ་བ་སྤེལ་བའི་དུས་མཚུངས་སུ། སྡེ་བ་རིམ་པའི་བདག་སྐྱོང་པའི་དཔུང་སྡེ་དེ་རྫོང་དང་ཞང་རིམ་པ་གཉིས་ཀྱི་རྩྭ་ཐང་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་གཅིག་གྱུར་རྩ་འཛུགས་འོག ཕྱུགས་རྩྭ་དོ་མཉམ་བྱེད་པའི་ས་ཁུལ་དུ་ཕྱུགས་འཚོ་བར་རྗེས་འདེད་ཞིབ་བཤེར་བྱེད་པ་མ་ཟད། ཕྱུགས་འཚོ་མི་ཆོག་པའི་རྩྭ་ཐང་དང་ཕྱུགས་ཟོག་ཉུང་འཕྲི་གཏོང་བ་སོགས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།

(བཅུ་བཞི) རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་བཟོ་འགོད་ཀྱི་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་དགོས།

ས་གནས་སོ་སོས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་དང་བྱ་དགའ་སྟེར་བའི་ནང་རྐྱེན་ཏན་ཏིག་ངང་ཁྱབ་སྤེལ་གཏོང་བའི་ཆབས་ཅིག་ཏུ། ཁ་གསབ་དང་བྱ་དགའ་སྟེར་བའི་སྲིད་ཇུས་དེ་འབྲོག་པ་གཏན་འདུག་བཟོ་འགོད་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན། མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་བཅོས་སྐྱོང་། ཕྱུགས་བསྐྱུར་རྩྭ་སྐྱོང་སོགས་གཙོ་གནད་ཀྱི་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་གྱི་བཟོ་འགོད་དང་ཕན་ཚུན་ཟུང་འབྲེལ་བྱས་ཏེ། རྩྭ་ས་ར་བསྐོར་དང་རྩྭ་སའི་ཨ་བྲ་དང་འབུ་གནོད་དང་དེ་མིན་དུག་རྩྭ་དང་ལྡུམ་བུ་འགོག་བཅོས། ཕྱུགས་ཟོག་དྲོད་སྤྱིལ། མིས་གཟན་རྩྭ་འདེབས་སའི་འཛུགས་སྐྲུན། ཕྱུགས་ཟོག་སོན་བཟང་གི་བཟོ་འགོད་འཛུགས་སྐྲུན་སོགས་ལས་གཞི་འཛུགས་སྐྲུན་ཐད་ཀྱི་མ་དངུལ་འཇོག་ཚད་ཇེ་མང་དུ་བཏང་སྟེ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཕྱུགས་བཀོལ་དྲོད་སྤྱིལ་དང་སྔོ་གསོག་སྤྱིལ་བུ། འགོག་ཁབ་རྒྱག་ས་དང་དེ་མིན་ལས་ཡུལ་ར་བསྐོར་སོགས་ཀྱི་ཕྱུགས་ལས་ཐོན་སྐྱེད་སྒྲིག་བཀོད་ལེགས་བཅོས་བྱེད་པ། སྒྲིག་བཀོད་ཕྱུགས་ལས་ཤུགས་ཆེན་གྱིས་འཕེལ་རྒྱས་བཏང་སྟེ། ཕྱུགས་འཚོ་མི་ཆོག་པ་དང་དུས་ཚིགས་རང་བཞིན་གྱི་ཕྱུགས་འཚོ་མཚམས་འཇོག་པ་དང་། ས་ཁུལ་དབྱེ་ནས་ཕྱུགས་འཚོ་རེས་བྱེད་པ། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་ཏེ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།

ལྔ། རྩ་འཛུགས་དོ་དམ་ཇེ་དྲག་ཏུ་གཏོང་དགོས།

(བཅོ་ལྔ) རྩ་འཛུགས་འགོ་ཁྲིད་ལ་དངོས་གནས་ཤུགས་སྣོན་དགོས།

རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་བཙུགས་ཏེ། ཁུལ(ཏིས་དང་གྲོང་ཁྱེར)དང་རྫོང་མི་དམངས་སྲིད་གཞུང་ནི་འགན་ཁུར་མཁན་གཙོ་བོ་ཡིན་ལ། སྲིད་གཞུང་གི་འགན་འཁུར་པ་གཙོ་བོ་ནི་འགན་འཁུར་པ་དང་པོ་ཡིན། གཙོ་གཉེར་འགན་འཁུར་པ་ནི་ཐད་ཀར་འགན་འཁུར་པ་ཡིན། རིམ་པ་སོ་སོའི་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོར་བྱས་ཏེ། རྩ་འཛུགས་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། འགན་ཁུར་ལས་བགོས་གསལ་བོ་བྱེད་པ། འགོ་ཁྲིད་འགན་ཁུར་ལམ་ལུགས་དང་སྡེ་ཁག་འགན་ཁུར་ལམ་ལུགས་དོན་དམ་དུ་དངོས་འབེབ་བྱས་ཏེ། རིམ་བཞིན་དུ་དམིགས་འབེན་འགན་ཁུར་ཡིག་གེ་དགོད་དགོས། ཞིང་ཆེན་རིམ་པའི་ཁོངས་མི་སྡེ་ཚན་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོའི་བར་ཕན་ཚུན་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱེད་དགོས། རིམ་པ་སོ་སོའི་ཞིང་ཕྱུགས་དང་ནོར་སྲིད་སྡེ་ཁག་གིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་དང་བྱ་དགའ་སྟེར་བའི་ནང་རྐྱེན་ལ་ལྟ་སྐུལ་ཞིབ་བཤེར་དང་མཛུབ་སྟོན་བྱེད་པར་དངོས་གནས་ཤུགས་བསྣན་ཏེ། འབྲེལ་ཡོད་ཀྱི་ཚད་གཞི་དང་དོ་དམ་བྱེད་ཐབས་རྒྱུན་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། ཕྱུགས་འཚོ་མི་ཆོག་པར་བདག་སྐྱོང་དང་ཕྱུགས་རྩྭ་དོ་མཉམ་བྱེད་པའི་ཞིབ་བཤེར་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། དུས་ཐོག་ཏུ་ཁ་གསབ་དང་བྱ་དགའ་སྟེར་བའི་མ་དངུལ་དེ་ཁྱིམ་ཚང་དུ་དངོས་འབེབ་བྱེད་དགོས། ནོར་སྲིད་སྡེ་ཁག་གིས་རིམ་འབྱེད་དོ་དམ་གྱི་བླང་བྱ་ལྟར། བྱ་བའི་གྲོན་དངུལ་བཀོད་སྒྲིག་བྱེད་པའི་ཆབས་ཅིག་ཏུ། སྲིད་ཇུས་ཀྱིས་ཁྲིད་སྟོན་དང་དྲིལ་བསྒྲགས་འགྲེལ་བཤད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རྒྱ་ཆེ་བའི་འབྲོག་པ་རྣམས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཞུགས་པ་དང་རྒྱབ་སྐྱོར་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་སློང་གང་ལེགས་བྱས་ཏེ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་ཁྱོན་ཡོངས་ནས་འཛུགས་པར་མང་ཚོགས་ཀྱི་རྨང་གཞི་འདིང་དགོས།

(བཅུ་དྲུག) སྲིད་ཇུས་དབྱེ་མཚམས་ཚོད་འཛིན་ནན་མོ་བྱེད་དགོས།

རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་འབྲེལ་རྒྱ་ཆེ་ལ་སྲིད་ཇུས་གྱི་རང་བཞིན་དྲག་པས། ཐད་ཀར་རྒྱ་ཆེ་བའི་འབྲོག་པ་རྣམས་ཀྱི་རྩ་བའི་ཁེ་ཕན་ལ་འབྲེལ་བ་ཡོད། ས་གནས་སོ་སོས་གཟབ་ནན་གྱིས་ཞིང་ནོར་སྡེ་ཁག་གཉིས་ཀྱིས་བཀྲམ་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་དང་བྱ་དགའ་སྟེར་བའི་ནང་རྐྱེན་སྲིད་ཇུས་ལག་ལེན་དང་མཛུབ་སྟོན་བསམ་འཆར་དང་མ་དངུལ་དོ་དམ་བྱེད་ཐབས་ལྟར། མ་དངུལ་འགྲེམ་གཏོང་བྱ་ཡུལ་གསལ་བོ་བྱེད་པ་དང་། སྲིད་ཇུས་དབྱེ་མཚམས་ཚོད་འཛིན་ནན་མོ་བྱེད་དགོས། ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་རྩྭ་དོ་སྙོམ་མཉམ་ལག་ལེན་བྱེད་པའི་ཁ་གསབ་དང་བྱ་དགའ་སྟེར་ཡུལ་ནི་རྩྭ་ཐང་འགན་གཙང་ལེན་བྱས་ཟིན་པ་མ་ཟད་ཕྱུགས་འཚོ་མི་ཆོག་པའམ་ཡང་ན་ཕྱུགས་རྩྭ་གཉིས་དོ་སྙོམ་བྱེད་པའི་འོས་འགན་ལག་ལེན་བྱས་པའི་འབྲོག་པ་ཡིན། ཁ་གསབ་དང་བྱ་དགའ་སྟེར་བའི་མ་དངུལ་དེ་འགན་གཙང་ལེན་བྱས་ཟིན་པའི་ཁྱིམ་ཚང་གི་ཕྱུགས་འཚོ་མི་ཆོག་པའམ་ཡང་ན་ཕྱུགས་རྩྭ་གཉིས་དོ་སྙོམ་པར་བྱེད་པའི་རྒྱ་ཁྱོན་ལྟར་ཐད་ཀར་འབྲོག་པའི་ཁྱིམ་ཚང་དུ་གཏོང་སྤྲོད་བྱེད་དགོས། འབྲོག་པའི་ཐོན་སྐྱེད་རྒྱུ་ཆས་ཕྱོགས་བསྡུས་ཁ་གསབ་ཀྱི་མ་དངུལ་གཏོང་སྤྲོད་བྱ་ཡུལ་ནི་སྤྱི་ལོ2009ལོའི་ལོ་མཇུག་ཏུ་སྡོམ་རྩིས་བྱས་པའི་འགན་གཙང་ལེན་བྱས་ཟིན་པ་མ་ཟད་མིག་སྔར་ཕྱུགས་ལས་ཐོན་སྐྱེད་སྒྲུབ་པའི་འབྲོག་པའི་ཁྱིམ་ཚང་ཡིན། དུས་མཚུངས་སུ་ལག་བསྟར་འཆར་གཞི་གཏན་ཁེལ་དང་ཞིབ་ཚགས་སུ་བཏང་སྟེ། ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་རྩྭ་གཉིས་དོ་སྙོམ་བྱེད་པའི་ལས་འགན་དེ་རིམ་བཞིན་དབྱེ་ཕྲལ་བྱས་ནས་རྩྭ་ས་དང་ས་ཚན། འབྲོག་ཁྱིམ་བཅས་སུ་དངོས་འབེབ་བྱེད་པ་དང་། ཕྱུགས་འཚོ་མི་ཆོག་པའི་ས་ཁུལ་དུ་རྟགས་ཕུར་བཙུགས་ཏེ། འཆར་གཞི་ལྡན་པའི་སྒོ་ནས་ཕྱུགས་འཚོ་མི་ཆོག་པའི་བྱེད་ཐབས་གཏན་ཁེལ་བྱེད་དགོས། ཕྱུགས་རྩྭ་དོ་མཉམ་བྱེད་པའི་ས་ཁུལ་དུ་ཕྱུགས་ཤོང་ཚད་ཀྱི་ཚད་གཞི་ཞིབ་བཤེར་གཏན་འབེབ་བྱས་པ་དེ་གཞིར་བཟུང་སྟེ། ཕྱུགས་ཟོག་ཉུང་འཕྲི་གཏོང་བའི་འཆར་གཞི་གསལ་གཏན་ཁེལ་བྱེད་པ་དང་། ཕྱུགས་ཟོག་ཉུང་འཕྲི་གཏོང་བའི་དུས་ཚོད་སྒྲུབ་ཚད་གཏན་ཁེལ་བྱས་ཏེ། ཕྱུགས་ཟོག་ཉུང་འཕྲི་གཏོང་བའི་ལས་འགན་འགྲུབ་པར་ཁག་ཐེག་བྱེད་དགོས། ས་གནས་སོ་སོའི་ལག་བསྟར་འཆར་གཞི་དེ་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་དང་རིམ་བཞིན་ཞིབ་བཤེར་གཏན་འབེབ་བྱས་རྗེས། ཞིང་ཆེན་འགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་ལ་གོང་ཞུ་བྱས་ནས་ཞིབ་བཤེར་དང་སྙན་སེང་ཐོ་འགོད་བྱེད་དགོས།

(བཅུ་བདུན) ཁ་གསབ་དང་བྱ་དགའ་སྟེར་བའི་མ་དངུལ་ལ་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།

རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་གཟབ་ནན་གྱིས《མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་གྱི་མ་དངུལ་དོ་དམ་བྱེད་པའི་སྐོར་གྱི་གནས་སྐབས་བྱེད་ཐབས》ལྟར། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་དང་བྱ་དགའ་སྟེར་བའི་ནང་རྐྱེན་མ་དངུལ་དོ་དམ་བྱེད་པར་ཤུགས་བསྣན་ཏེ། ཆེད་ཐོ་ཞིབ་རྩིས་དང་ཆེད་དངུལ་ཆེད་སྤྱོད་དངོས་གནས་སྒྲུབ་ཐུབ་པ་དང་། གཅིག་འཐུས་བྱང་བུ་དང་ཡང་ན་ལག་དངུལ་འཛིན་སྟངས་སྤྱད་དེ་དུས་ཐོག་ཏུ་ཁ་གསབ་དང་བྱ་དགའ་སྟེར་བའི་མ་དངུལ་འདང་ངེས་ཤིག་ལག་ཐོག་འཇོག་དགོས། ལས་གཞི་ལག་བསྟར་འཆར་གཞི་གཞིར་འཛིན་ས་བྱས་ནས་མ་དངུལ་དོ་དམ་བྱེད་པ་དང་། མ་དངུལ་བདེ་འཇགས་དང་ཚད་ལྡན་ངང་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་དང་རྩིས་བཤེར་སྡེ་ཁག་གིས་ཁ་གསབ་དང་བྱ་དགའ་སྟེར་བའི་མ་དངུལ་གཏོང་སྤྲོད་དང་བེད་སྤྱོད་སོགས་ཐད་ལ་རྒྱུན་ལྡན་རང་བཞིན་གྱི་ཞིབ་བཤེར་གྱི་བྱ་འགུལ་སྤེལ་ཏེ། བརྒྱུད་རིམ་ཧྲིལ་བོར་ལྟ་སྐུལ་བྱེད་པ་དང་། འགན་ཁུར་ལས་ཁུངས་ལ་འཛུགས་སྐྲུན་མ་དངུལ་དོ་དམ་དང་བེད་སྤྱོད་ལེགས་པོ་བྱེད་པར་སྐུལ་འདེད་བྱེད་དགོས། བྱ་བ་སྒྲུབ་ཤུགས་མི་འདང་བ་དང་གནད་དོན་ཚབས་ཆེན་བྱུང་བའི་ས་ཁུལ་དུ། བརྡ་ཡིག་གི་ཐོག་ནས་སྐྱོན་བརྗོད་བྱེད་པ་མ་ཟད། དོ་དག་པ་དང་འགོ་ཁྲིད་གཙོ་བོའི་འགན་འཁྲི་རྩད་གཅོད་བྱེད་དགོས།

(བཅོ་བརྒྱད) སྲིད་ཇུས་དངོས་འབེབ་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་དགོས།

རྩྭ་ཐང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་དང་ཟུང་འབྲེལ་བྱས་ཏེ། ས་གནས་སོ་སོས་རྩྭ་ཐང་དུ་ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་མཚམས་འཇོག་པ་དང་དེ་མིན་ཕྱུགས་རྩྭ་དོ་མཉམ་བྱེད་པའི་ལམ་ལུགས་ཀྱི་དངོས་འབེབ་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་དང་ཁ་གསབ་དང་བྱ་དགའ་སྟེར་བའི་དཔྱད་ཞིབ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དེའི་ཁོངས་གཏོགས་རྫོང(གྲོང་ཁྱེར་དང་སྲིད་ཨུ)གིས་བྱ་བ་སྒྲུབ་ཚད་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བྱེད་པ། བྱ་བའི་གོ་རིམ་ཚད་ལྡན་དུ་གཏོང་བ། བྱ་བའི་སྤུས་ཚད་ཁག་ཐེག་བྱེད་པ། བྱ་བའི་ཁྲོད་བྱུང་བའི་གནད་དོན་གཅིག་གྱུར་གྱིས་ཐག་གཅོད་བྱས་ཏེ། ཁ་གསབ་དང་བྱ་དགའ་སྟེར་བའི་ནང་རྐྱེན་གྱི་སྲིད་ཇུས་བརྟན་བརླིང་དང་ཕན་ནུས་ལྡན་པའི་སྒོ་ནས་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས། ཕྱུགས་འཚོ་མི་ཆོག་པའི་ས་ཁུལ་དང་ཕྱུགས་རྩྭ་དོ་མཉམ་བྱེད་པའི་ས་ཁུལ་གྱི་ཕྱུགས་ཟོག་ཉུང་འཕྲི་གཏོང་བའི་ལས་འགན་འགྲུབ་རྗེས། རྫོང་དང་ཞང་གི་རྩྭ་ཐང་ལྟ་སྐུལ་དོ་དམ་དང་འབྲོག་པའི་བདག་སྐྱོང་པས་ཞིབ་བཤེར་དང་ཞིབ་བསྡུར་བརྒྱུད་པ་མ་ཟད། རྫོང་རིམ་པའི་ནོར་སྲིད་དང་རྩིས་བཤེར། ཞིང་ཕྱུགས་བཅས་ཀྱི་སྡེ་ཁག་གིས་ཞིབ་བསྡུར་དང་ཁས་ལེན་བྱས་རྗེས། ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་རྩྭ་དོ་མཉམ་ཡོང་བའི་བླང་བྱ་དང་མཐུན་པའི་འབྲོག་ཁྱིམ་ལ་སྲིད་ཇུས་གཏན་འབེབ་ལྟར་ཁ་གསབ་དང་བྱ་དགའ་སྟེར་བའི་མ་དངུལ་ལག་ཐོག་ཏུ་འཇོག་པའི་ཆབས་ཅིག་ཏུ། བྱས་རྗེས་དང་ལས་ཆོད་དཔྱད་ཞིབ་ལ་བྱ་དགའ་སྟེར་བའི་བྱེད་ཐབས་གཞིར་བཟུང་སྟེ། བྱ་བ་གཟེངས་སུ་ཐོན་པ་དང་གྲུབ་འབྲས་མངོན་གསལ་ཡིན་པའི་ས་ཁུལ་ལ་བྱ་དགའ་སྟེར་བ་དང་། དམིགས་འབེན་གྱི་ལས་འགན་མ་འགྲུབ་མཁན་ལ་བརྡ་ཡིག་གི་ཐོག་ནས་སྐྱོན་བརྗོད་བྱེད་དགོས། དེ་ལས་གཞན་ད་དུང་ཆ་འཕྲིན་བརྡ་སྐྱེལ་གྱི་བྱ་བ་ལེགས་སྒྲུབ་བྱས་ཏེ། ཆ་འཕྲིན་ཟླ་རེའི་སྙན་ཞུ་དང་། དུས་ཚིགས་རེའི་སྙན་ཞུ། ལོ་རེའི་སྙན་ཞུ་བཅས་ཀྱི་ལམ་ལུགས་འཛུགས་པ་དང་། ཆེད་དུ་མི་སྣ་གཏན་ཁེལ་སྒོས་ཆ་འཕྲིན་རྩོམ་སྒྲིག་སྙན་ཞུའི་བྱ་བར་འགན་ཁུར་ཏེ། བྱ་བ་སྒྲུབ་ཚུལ་དང་མ་དངུལ་གནས་སར་འབྱོར་ཚུལ་དང་དེ་མིན་སྲིད་ཇུས་དངོས་འབེབ་ཁྲོད་ཀྱི་བསམ་འཆར་དང་གྲོས་གཞི་དུས་ཐོག་ཏུ་ཞིང་ཆེན་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་ལ་ཞུ་འབུལ་བྱེད་དགོས།

(བཅུ་དགུ) ལག་རྩལ་གསོ་སྦྱོང་དང་འགན་སྲུང་ཞབས་འདེགས་ལེགས་སྒྲུབ་བྱེད་དགོས།

རིམ་པ་སོ་སོའི་སྲིད་གཞུང་གིས་ལས་བྱེད་པ་དོ་དམ་དང་ལག་རྩལ་མི་སྣའི་གསོ་སྦྱོང་བྱ་བ་དངོས་གནས་ཤུགས་སྣོན་བཏང་ཏེ། ཁོ་ཚོར་ཁ་གསབ་དང་བྱ་དགའ་སྟེར་བའི་སྲིད་ཇུས་ཀྱི་རྩ་དོན་དང་བླང་བྱ། འབྲེལ་ཡོད་ནང་དོན་སོགས་ཡང་དག་སྒོས་ཁོང་དུ་ཆུད་པར་བྱས་ཏེ། དོ་དམ་ཆུ་ཚད་དང་བྱེད་སྒོའི་ཆུ་ཚད་རྒྱུན་མི་ཆད་པར་མཐོར་འདེགས་གཏོང་དགོས། རིམ་པ་སོ་སོའི་རྩྭ་ཐང་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་གྱི་དུས་བབ་གསར་བ་དང་བླང་བྱ་གསར་བ་དང་མཐུན་ཐབས་བྱས་ཏེ། རྩྭ་ཐང་གི་ལྟ་སྐུལ་ཚད་ལེན་གྱི་འཆར་གཞི་གཏན་འབེབ་དང་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་ཚད་ལེན་གྱི་བྱེད་ཐབས་དང་ཆ་རྐྱེན་ལེགས་བཅོས་བྱེད་པ། རྩྭ་ཐང་གི་ལྟ་སྐུལ་ཚད་ལེན་གྱི་བྱ་བ་ཁྱབ་སྤེལ་གཏོང་བ། དུས་ཐོག་ཏུ་ལྟ་སྐུལ་ཚད་ལེན་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ། ལུགས་མཐུན་གྱིས་ཕྱུགས་ཤོང་ཚད་གཏན་ཁེལ་དང་ཚན་རིག་དང་མཐུན་པའི་ཁ་གསབ་དང་བྱ་དགའ་སྟེར་པའི་སྲིད་ཇུས་ལག་བསྟར་ཕན་འབྲས་ལ་ཚན་རིག་གི་ཐོག་ནས་གཞིར་འཛིན་ས་འདོན་སྤྲོད་བྱེད་པའི་ཆབས་ཅིག་ཏུ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་དང་བྱ་དགའ་སྟེར་པའི་ལམ་སྲོལ་གྱི་ཆ་འཕྲིན་དོ་དམ་བརྒྱུད་རིམ་བཀོལ་སྤྱོད་གང་ལེགས་བྱས་ཏེ། ཁྱིམ་ཚང་ཆ་འཕྲིན་དང་རྩྭ་ཐང་འགན་གཙང་ལེན། ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་མཚམས་འཇོག་པ། ཕྱུགས་རྩྭ་དོ་མཉམ་བྱེད་པ། འབྲེལ་ཡོད་སྲིད་ཇུས་སོགས་ཀྱི་ཆ་འཕྲིན་དཔྱད་གཞི་ཡིག་རིགས་རྩིས་འཁོར་ནང་དུ་འཇུག་པའི་བྱ་བ་མགྱོགས་མྱུར་ངང་ཡོངས་འགྲུབ་བྱེད་པ། གློག་རྡུལ་གྱི་ཡིག་ཚགས་འཛུགས་པ། གོང་འོག་དྲ་འབྲེལ་མངོན་འགྱུར་བྱས་ཏེ། འགུལ་རྣམ་དོ་དམ་དང་རྗེས་འདེད་ཞབས་འདེགས་ལ་ཤུགས་སྣོན་དགོས།

(ཉི་ཤུ) དཔེ་ལེགས་དཔེ་སྟོན་གྱི་བྱ་བ་དངོས་གནས་ལེགས་སྒྲུབ་བྱེད་དགོས།

ས་གནས་སོ་སོས“རིམ་བགྲོད་གོང་འཕེལ་དང་སྔོན་སླ་རྗེས་དཀའ། བརྟན་བརླིང་སྐུལ་སྤེལ”བཅས་ཀྱི་བླང་བྱ་ལྟར། ཚོད་ལྟ་སྔོན་དུ་སྒྲུབ་པ་མ་ཟད། རྨང་གཞིའི་བྱ་བ་ཏན་ཏིག་ཡིན་ལ་ཆ་རྐྱེན་འཛོམས་པའི་རྫོང་བདམས་ནས་དཔེ་སྟོན་རྫོང་གྲས་སུ་བརྩི་བ་དང་། དཔེ་ལེགས་དཔེ་སྟོན་གྱི་བྱ་བ་སྔོན་དུ་བསྒྲུབས་ཏེ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་དང་བྱ་དགའ་སྟེར་བའི་ལམ་སྲོལ་གྱི་སྲིད་ཇུས་སྔར་ལས་ལྷག་པར་དངོས་འབེབ་ལེགས་པོ་བྱས་ནས་ཉམས་མྱོང་འཚོལ་ཞིབ་དང་དཔེ་དབྱིབས་གསར་སྐྲུན་བྱེད་དགོས།

བརྡ་འགྲེལ་གདོང་འཛར།

མཚོ་སྔོན། སྐྱེ་ཁམས་སྲུང་སྐྱོབ།