གྲང་བ།སྔ་མའི་པར་གཞི་དེ ཨ་ཅ་ཁུ་པེ།  ནས 2021-03-31 09:30ལ་འགྲུབ།

གྲང་བ།

ཚ་བའི་ལྡོག་ཕྱོགས་ཀྱི་མིང་།
1 ལོ་ཙཱ།

རྒྱ་ཡིག 寒冷,寒冻

དབྱིན་ཡིག Cold, freezing

2 རྒྱས་འགྲེལ།

1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། 1.ཚ་བའི་ལྡོག་ཕྱོགས། 寒冷,寒冻 དགུན་དུས་གོས་ལྷམ་མ་གྱོན་པས་གྲང་བས་མནར་བ། 冬季没有穿衣服和鞋子,所以受冻ཆར་རླུང་འཐབ་པའི་གྲང་བས་མགོ་ལུས་གཟིར་བ། 风雨交加的寒气侵袭全身。འཁྱག་རོམ་གྱི་ནང་དུ་ཕྱིན་ནས་གྲང་བས་མི་ཚུགས། 进到冰窟里受不住寒。མིང་གི་རྣམ་གྲངས་ལ་འཁྱགས་པ་དང༌། གྲང་ངད། གྲང་མོ། གྲང་རེག་བསེར་བུ། ལྷགས་ངར་བཅས་སོ། 2.བད་ཀན་སོགས་འཁྱགས་ནས་བྱུང་བའི་ནད་རིགས་ཤིག 寒病、寒邪伤及人体涎分引起的疾病。3.སྨན་གྱི་ཞུ་རྗེས་སམ་ཡོན་ཏན། 凉性,寒性。药物性能之一。

2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས། 1.ཚ་བའི་ལྡོག་ཕྱོགས་ཏེ། (དཔེར་ན།) དགུན་དུས་གོས་ལྷམ་མ་གྱོན་པས་གྲང་བས་མནར་བ། ཆར་རླུང་འཐབ་པའི་གྲང་བས་མགོ་ལུས་གཟིར་བ། འཁྱག་རོམ་གྱི་ནང་དུ་ཕྱིན་ནས་གྲང་བས་མི་ཚུགས། མིང་གི་རྣམ་གྲངས་ལ་འཁྱགས་པ་དང༌། གྲང་ངད། གྲང་མོ། གྲང་རེག་བསེར་བུ། ལྷགས་ངར་བཅས་སོ། ། 2. བད་ཀན་སོགས་འཁྱགས་ནས་བྱུང་བའི་ནད་རིགས་ཤིག 3.སྨན་གྱི་ཞུ་རྗེས་སམ་ཡོན་ཏན།