གྲང་མཁྲིས།སྔ་མའི་པར་གཞི་དེ ཨ་ཅ་ཁུ་པེ།  ནས 2021-03-26 09:24ལ་འགྲུབ།

གྲང་མཁྲིས།

མཁྲིས་པ་འཇུ་བྱེད་ཀྱི་བྱེད་ལས་ཉམས་པའི་གྲང་བ་ཤས་ཆེ་བའི་མཁྲིས་ནད་ཅིག
1 ལོ་ཙཱ།

རྒྱ་ཡིག 寒胆

དབྱིན་ཡིག Cold gall

2 རྒྱས་འགྲེལ།

1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མཁྲིས་པ་འཇུ་བྱེད་ཀྱི་བྱེད་ལས་ཉམས་པའི་གྲང་བ་ཤས་ཆེ་བའི་མཁྲིས་ནད་ཅིག་སྟེ། ནད་རྟགས་སུ་མིག་སྤྲིན་དང་ཤ་མདོག་སེར་པོར་འགྱུར་བ་དང༌། ཟས་མི་འཇུ་བ། བཤང་བ། དཀར་པོར་འགྱུར་བ་སོགས་སོ། 寒胆。消化胆功能衰退、寒邪偏重的胆病。症见眼及皮肤变黄、食物不化、大便色白等象。

2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས། མཁྲིས་པ་འཇུ་བྱེད་ཀྱི་བྱེད་ལས་ཉམས་པའི་གྲང་བ་ཤས་ཆེ་བའི་མཁྲིས་ནད་ཅིག ནད་རྟགས་སུ་མིག་སྤྲིན་དང་ཤ་མདོག་སེར་པོར་འགྱུར་བ་དང༌། ཟས་མི་འཇུ་བ། བཤང་བ་དཀར་པོར་འགྱུར་བ་སོགས་སོ། །