རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན།སྔ་མའི་པར་གཞི་དེ ཨ་ཅ་ཁུ་པེ།  ནས 2021-03-08 10:40ལ་འགྲུབ།

རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན།

རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན།
རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ནི་ལོ་རེའི་ཟླ3པའི་ཚེས8ཉིན་ཡིན་ཏེ། བུད་མེད་རྣམས་ཀྱིས་དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས་སོགས་སུ་བྱས་རྗེས་ཆེན་པོ་བཞག་ཅིང་གྲུབ་འབྲས་མི་དམན་པ་བླངས་པར་དམིགས་ནས་བཙུགས་པའི་དུས་ཆེན་ཞིག་ཡིན། དེའི་མིང་ཆ་ཚང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཀྱི་ཁེ་དབང་དང་རྒྱལ་སྤྱིའི་ཞི་བདེའི་ཉིན་མོ(International Working Women's Day བསྡུས་མིངIWD)། ཡང་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཀྱི་དབང་ཆ་དང་རྒྱལ་སྤྱིའི་ཞི་བདེའི་ཉིན་མོ(United Nations women's rights and international peace day)ཞེས་ཟེར་ལ། ཀྲུང་གོ་རུ་རྒྱལ་སྤྱིའི་བུད་མེད་དུས་ཆེན་དང་། གསུམ་བརྒྱད་དུས་ཆེན་ནམ་ཡང་ན་གསུམ་བརྒྱད་བུད་མེད་དུས་ཆེན་ཞེས་འབོད།
གཞི་རྩའི་གནས་ཚུལ།

ཕྱི་ཡིག་གི་མིང་།
International Women's Day
འབྱུང་ཁུངས།
ནུབ་ཕྱོགས་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་རིང་ལུགས་རབས་དང་པོ།
རྒྱ་ཡིག་གི་མིང་།
国际劳动妇女节
དོན་སྙིང་།
ལོ་བརྒྱའི་བུད་མེད་ཀྱི་ཁེ་དབང་རིང་ལུགས་ལས་འགུལ་གྱི་རྗེས་དྲན་ཉིན་མོ།
མིང་གཞན།
རྒྱལ་སྤྱིའི་བུད་མེད་དུས་ཆེན་དང་གསུམ་བརྒྱད་དུས་ཆེན་སོགས།
རིགས་ཁོངས།
རྒྱལ་སྤྱིའི་དུས་ཆེན།
འཛུགས་མཁན།
མཉམ་འབྲེལ་རྒྱལ་ཚོགས།
བཙུགས་ལོ།
1975ལོ།
1 དུས་ཆེན་གྱི་རྒྱབ་ལྗོངས།

དཔལ་འབྱོར། 

དབྱིན་ཇི་དང་ཧྥ་རན་སེ་སོགས་མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་བཟོ་ལས་ཆེན་པོར་འཕེལ་རྒྱས་བྱུང་བ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་འཕེལ་རྒྱས་སྔ་ན་མེད་པ་བྱུང་ཞིང་། དེས་བུད་མེད་ཀྱི་ལས་འགུལ་སྤེལ་བར་དཔལ་འབྱོར་གྱི་མཐུན་རྐྱེན་བསྐྲུན་པ་རེད།

ཆབ་སྲིད།

འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་ལ་རྒྱལ་ཁབ་སོ་སོ་ནས་རྒྱལ་ཁ་ཐོབ་པ་ཡིས་བུད་མེད་ཀྱི་ལས་འགུལ་སྤེལ་བར་ཆབ་སྲིད་ཀྱི་ཆ་རྐྱེན་བསྐྲུན་ལ། བུད་མེད་ཀྱི་ལས་འགུལ་དེ་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་དང་བསྟུན་ནས་རིམ་གྱིས་དར་སྤེལ་བྱུང་།

རིག་གནས།

འབྱོར་ལྡན་གྲལ་རིམ་གྱི་རིག་རྩལ་བསྐྱར་དར་ལས་འགུལ་དང་། ཆོས་ལུགས་བཅོས་སྒྱུར་ལས་འགུལ། བློ་འབྱེད་ལས་འགུལ་ཁྲོད་ཀྱི་རང་དབང་དང་། འདྲ་མཉམ། གནམ་གྱིས་བསྩལ་བའི་མིའི་དབང་ཆ་སོགས་ཀྱི་བསམ་བློ་བྱུང་བ་དང་བསྟུན་ནས་བུད་མེད་ཀྱི་ལས་དར་སྤེལ་བྱུང་།

2 ཐོག་མའི་འབྱུང་ཁུངས།

ནུབ་ཕྱོགས་ཀྱི་བུད་མེད་ཀྱི་ཁེ་དབང་རིང་ལུགས་རབས་དང་པོ།

ནུབ་ཕྱོགས་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་རིང་ལུགས་ནི་ཧྥ་རན་སེའི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་དང་བློ་འབྱེད་ལས་འགུལ་རྗེས་ནས་བྱུང་བ་ཡིན་ལ། དུས་རབས19པའི་མཇུག་ཏུ་བུད་མེད་ཀྱི་ཁེ་དབང་རིང་ལུགས་རབས་དང་པོ་བྱུང་བ་དང་། ཡོ་རོབ་གླིང་གི་བཟོ་ལས་གསར་བརྗེ་དང་དུས་མཉམ་དུ་བྱུང་།

ཐོག་མའི་རེ་འདོད།

བུད་མེད་རྣམས་སློབ་གསོ་དང་ཁྲིམས་འཛུགས། དཔལ་འབྱོར་སོགས་ཀྱི་ཐད་སྐྱེས་པ་དང་འདྲ་མཉམ་འབྱུང་དགོས་པའི་རེ་འདོད་བརྗོད་པ།

རྒྱལ་སྤྱིའི་བུད་མེད་དུས་ཆེན་འཛུགས་པའི་ཐོག་མའི་བསམ་བློ།

སྐབས་དེའི་ནུབ་ཕྱོགས་རྒྱལ་ཁབ་རྣམས་བཟོ་ལས་ཅན་དུ་བསྒྱུར་བ་དང་དཔལ་འབྱོར་རྒྱ་བསྐྱེད་པའི་དུས་རིམ་ཞིག་ལ་ཁེལ་འདུག་ཅིང་། 1857ལོའི་ཟླ3པའི་ཚེས8ཉིན་ཨ་རིའི་ནཱེའུ་ཡོ་ཁུའི་བུད་མེད་ལས་བཟོ་བ་ཡར་ལངས་ནས་ལས་ཀའི་ཁོར་ཡུག་བཙོག་པོ་དང་གླ་ཕོགས་ཉུང་ངུར་ངོ་རྒོལ་བྱས། དེས་ལོ་གཉིས་རྗེས་ཀྱི་ཟླ3པའི་བཟོ་ཚོགས་དང་པོ་བྱུང་བར་སྐུལ་འདེད་ཐེབས།

1910ལོ།

སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱིས་ཌན་མཱར་ཀིའི་ཁོ་ཕུན་ཧེ་གུན(Copenhagen)དུ་རྒྱལ་སྤྱིའི་བུད་མེད་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་འཇར་མན་གྱི་བུད་མེད་ལས་འགུལ་གྱི་འགོ་ཁྲིད་ལྕམ་ཁཱུ་ལ་རཱ་ཛྭ་ཀྭིན( Clara Zetkin)གྱིས་རྒྱལ་སྤྱིའི་བུད་མེད་ཉིན་མོ་ཞིག་འཛུགས་དགོས་པའི་བསམ་བློ་ཁྱབ་བརྡལ་དུ་བཏང་ནས་ཀུན་གྱིས་རྒྱབ་སྐྱོར་ཐོབ།

3 དུས་ཆེན་གྱི་འཕེལ་རིམ།

ལོ་ལྟར་ཟླ་གསུམ་པའི་ཚེས་བརྒྱད་ཉིན་ནི་འཛམ་གླིང་ཡུལ་གྲུ་ཀུན་ཏུ་རྒྱལ་སྤྱིའི་བུད་མེད་དུས་ཆེན་དུ་འབོད་བཞིན་ཡོད་ཅིང་། དེས་འཛམ་གླིང་གི་བུད་མེད་ཡོངས་དང་ལྷག་པར་དུ་དཔའ་མཛངས་ལྡན་པའི་བུད་མེད་དམ་པ་དག་གི་སྙིང་སྟོབས་ལ་རྗེས་དྲན་དང་བརྩི་མཐོང་བྱེད་བཞིན་པ་མཚོན་གྱིན་ཡོད།

1900ལོར་སྤྱི་ཚོགས་ཀྱི་གཉའ་གནོན་དང་དབྱེ་འབྱེད་ཁྲོད་ནས་བུད་མེད་ཚོ་སྡོད་ཐབས་བྲལ་ནས་ཡར་ལངས་དང་འབོད་སྐུལ་བྱེད་འགོ་བརྩམས་ཏེ་འགྱུར་བ་གསར་བ་ཞིག་ལ་རེ་ལྟོས་བྱས། ཨ་རིའི་སྤྱི་ཚོགས་རིང་ལུགས་ཚོགས་པས་འགན་བཞེས་ཏེ་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཉིན་དང་པོ་དེ་ཟླ་གཉིས་པའི་ཚེས་ཉི་ཤུ་བརྒྱད་ལ་གཏན་ཁེལ་བྱས་ཤིང་དེ་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ལའང་ངོས་འཛིན་བྱས།  དེ་ནས་བཟུང1913ལོའི་ཟླ2པའི་རེས་གཟའ་ཉི་མ་མཐའ་མ་བར་རྒྱལ་ཁབ་ཀྱི་བུད་མེད་དུས་ཆེན་དུ་གཏན་ཁེལ་བྱས།

1910ལོར་ཀཱོ་པན་གྷན( Copenhagen)དུ་རྒྱལ་སྤྱིའི་.jpgབུད་མེད་ལས་བྱེད་གྲོས་ཚོགས་ཤིག་འཇར་མན(Germany)གྱི་དམངས་གཙོ་སྤྱི་ཚོགས་ཚོགས་པའི་བུད་མེད་ལས་བྱེད་པའི་ཚོགས་གཙོས་བསྡུས་ཤིང་། བུད་མེད་ཐོབ་ཐང་རྩོད་ལེན་མཁན་ལྕམ་ཁཱུ་ལ་རཱ་ཛྭ་ཀྭིན( Clara Zetkin)གྱིས་རྒྱལ་སྤྱིའི་བུད་མེད་ཉིན་མོ་ཞེས་པའི་བསམ་བློ་དེ་ཁྱབ་སྤེལ་བྱས་པས། མི་མང་པོས་ཁོང་མོའི་བསམ་ཚུལ་ལ་བསྔགས་བརྗོད་བླ་ལྷག་བྱས་ཏེ་རྒྱལ་སྤྱིའི་བུད་མེད་ཉིན་མོ་དབུ་བརྙེས་པ་རེད།

རྒྱལ་སྤྱིའི་བུད་མེད་ཉིན་མོ་ཐེངས་དང་པོ་དེ་ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན་ཨོ་སི་ཁྲུ་ཡ(Austria)དང་ཌན་མཱར་ཀི( Denmark)། ཇར་མན་དང་སྭི་བེ་ལན་ཌི( Swtzerland)ཡི་རྒྱལ་ཁབ་ཁག་ཏུ་སྲུང་བརྩི་བྱས་ཤིང་། སྐྱེས་པ་དང་སྐྱེས་མ་ས་ཡ་གཅིག་ལྷག་ཅིག་མཉམ་འཛོམས་ཐོག་བུད་མེད་ཀྱི་ལས་གནས་ཐོབ་ཐང་དང་འོས་བསྡུའི་རང་དབང་དགོས་པ་དང་། ཕོ་མཆོག་མོ་དམན་གྱི་ལྟ་བ་འདོར་དགོས་པར་འབོད་སྐུལ་ནན་མོ་བཏང་།   

1013ལོའི་རྗེས་ནས་རིམ་བཞིན་བགྲོ་གླེང་གི་འབྲས་སུ། རྒྱལ་སྤྱིའི་བུད་མེད་ཉིན་མོ་དེ་ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན་ནས་ཟླ་གསུམ་པའི་ཚེས་བརྒྱད་ལ་བསྒྱུར་བཅོས་བཏང་སྟེ་དུས་ད་ལྟའི་བར་འཛམ་གླིང་གི་དུས་ཆེན་ཁྱད་པར་ཅན་ཞིག་ཏུ་གྱུར་བར་མ་ཟད་ལོ་དེ་གའི་རིང་ལ་ཡོ་རོབ་རྒྱལ་ཁག་ཏུ་ཡང་ཁྱབ་བརྡལ་ཆེན་པོ་ཕྱིན་ཏེ་རྒྱལ་སྤྱིའི་བུད་མེད་ཉིན་མོ་ཞེས་སྲུང་བརྩི་བྱས་དང་བྱེད་བཞིན་ཡོད།  

སྐབས་དེར་དམག་འཁྲུག་ཁྲོད་དུ་ཨུ་རུ་སུའི་དམག་མི་ས་ཡ་གཉིས་ལྷག་འདས་གྲོངས་སུ་ཕྱིན་པས། ཨུ་རུ་སུའི་བུད་མེད་ཚོས“འཚོ་རྟེན་དང་ཞི་བདེའི”སླད་དུ་ངོ་རྒོལ་བྱེད་འགོ་བརྩམས། ཆབ་སྲིད་ཀྱི་འགོ་གཙོ་རྣམས་ཁོང་ཚོའི་ཁ་གཏད་དུ་ལངས་ཀྱང་བུད་མེད་ཚོས་ངོ་རྒོལ་མཐའ་འཁྱོལ་བྱས་ཏེ་མཐར་ཁོང་ཚོའི་གོ་ས་མཐོ་ས་ནས་དམའ་སར་བཙན་གྱིས་བཤོལ་དགོས་བྱུང་ཞིང་། སྲིད་གཞུང་གིས་བུད་མེད་ཚོར་འོས་བསྡུའི་ཐོབ་ཐང་སྤྲད། ཉི་མ་དེ་ནི་ད་དུང་ལོ་རྒྱུས་རང་བཞིན་ལྡན་པའི་ཐོག་ནས་ཡེ་ཤུའི་ལོ་ཐོ་རུ་གསུམ་པའི་བརྒྱད་ཅེས་གསལ།

རྒྱལ་སྤྱིའི་བུད་མེད་དུས་ཆེན་འདི་ནི་ལོ་རེ་བཞིན་ཁྱབ་རྒྱ་ཇེ་ཆེ་དང་དར་སྤེལ་དུ་གཏོང་བཞིན་ཡོད་པས།  1975ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་ཉིན་མོ་འདི་ནི་རྒྱལ་སྤྱིའི་བུད་མེད་ཉིན་མོ་ཡིན་ཞེས་ངོས་འཛིན་བྱས་ཏེ་གོ་མིང་བྱིན་ཡོད། དེར་བརྟེན། ད་སྐབས་འཛམ་གླིང་གི་བུད་མེད་ཚོགས་པ་དང་སྲིད་གཞུང་ཚང་མས་གསུམ་པའི་ཚེས་བརྒྱད་ནི་རྒྱལ་སྤྱིའི་བུད་མེད་ཉིན་མོ་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱུན་འཛིན་བྱེད་པར་མ་ཟད་ཉིན་དེར་ལས་འགུལ་སྣ་ཚོགས་སྤེལ་ཏེ་བུད་མེད་ལ་བརྩི་མཐོང་བྱེད། དེ་བས་རྒྱལ་སྤྱིའི་བུད་མེད་ཉིན་མོ་དེ་རིམ་གྱིས་གཞུང་ཕྱོགས་ནས་གཏན་ལ་ཕབ་པའི་གུང་གསེང་ཞིག་ཏུ་ཆགས། མདོར་ན་དུས་ཆེན་འདི་ནི་ཨ་རི་ནས་དར་ཏེ་འཛམ་གླིང་ཕྱོགས་ཡོངས་ལ་ཁྱབ་པས་རྒྱལ་ཁབ་འདི་ཚོ་ཚང་མས་གུང་གསེང་གཏོང་གིན་ཡོད། །