ཉན་ཐོས་རྣམ་པར་བཞག་པའི་རྒྱུ་གསུམ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2021-03-03 16:30ལ་འགྲུབ།

ཉན་ཐོས་རྣམ་པར་བཞག་པའི་རྒྱུ་གསུམ།

རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བའི་ཉན་ཐོས་རྣམ་པར་བཞག་པའི་རྒྱུ་གསུམ་རྒྱས་བར་བསྟན་ཡོད།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་སེམས་ཙམ་ཟི་པ》ཤ15བ5ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

སྤྲུལ་བ། སྨོན་ལམ། ཆོས་ཉིད་བཅས་སོ༎

2 རྒྱས་འགྲེལ།

རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།

1.སྤྲུལ་བ་ནི། འདུལ་བའི་དབང་གིས་དེ་བཞིན་གཤེགས་པས་དེ་དང་དེར་ཉན་ཐོས་སྤྲུལ་པ་སྤྲུལ་པར་མཛད་པ་གང་ཡིན་པའོ༎

2.སྨོན་ལམ་ནི། དེ་ལ་གང་ཟག་ཉན་ཐོས་ཀྱི་ཐེག་པར་སྨོན་ལམ་བཏབ་པ། ཉན་ཐོས་ཞེས་བྱ་བར་རྣམ་པར་འཇོག་པར་མཛད་པ་གང་ཡིན་པའོ༎

3.ཆོས་ཉིད་ནི། གང་ཟག་གང་རང་བཞིན་གྱིས་སྙིང་རྗེ་ཆུང་བ་དང་། སྡུག་བསྔལ་གྱིས་འཇིགས་པ་དེ་རྒྱུ་དེ་གཉིས་ཀྱི་གཞན་གྱི་དོན་གང་ཀྱང་མི་འདོད་ལ། གཞན་དག་གི་དོན་དུ་འཁོར་བ་ཡང་མི་འདོད་པས་དེ་ལ་ཆོས་ཉིད་དེས་ཉན་ཐོས་སུ་འདོགས་པར་མཛད་པ་སྟེ། དེ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཆོས་ཅན་ཡིན་ཡང་རྣམ་པར་གཞག་པའི་བདེན་པ་དག་ལ་སྐྲག་པའི་རྣམ་པས་ཤས་ཆེར་འཇུག་པས་དེས་ན་དེ་ཡང་དག་པར་འགྲུབ་པར་བྱེད་དོ༎ ཉན་ཐོས་ཇི་ལྟ་བ་བཞིན་དུ་རང་སངས་རྒྱས་རྣམས་ཀྱང་དེ་བཞིན་ཏེ། དེ་ནི་སངས་རྒྱས་རྣམས་འབྱུང་བ་མེད་ཀྱང་དེ་བཞིན་ཏེ། དེ་ནི་སངས་རྒྱས་རྣམས་འབྱུང་བ་མེད་ཀྱང་མངོན་པར་རྫོགས་པ་བྱང་ཆུབ་པར་འགྱུར་བས་ཁྱད་པར་དུ་འཕགས་པ་ཡིན་ནོ༎ བྱང་ཆུབ་སེམས་དཔའ་ནི་དེ་ལས་བཟློག་པའི་རྒྱུ་གསུམ་ཁོ་ནས་བལྟ་བར་བྱའོ༎