ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ཐུན་མོང་མ་ཡིན་པའི་མཐུ་རྣམ་པ་གསུམ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2021-03-03 16:29ལ་འགྲུབ།

ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ཐུན་མོང་མ་ཡིན་པའི་མཐུ་རྣམ་པ་གསུམ།

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བའི་ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ཐུན་མོང་མ་ཡིན་པའི་མཐུ་རྣམ་པ་གསུམ་བསྟན་ཡོད།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་སྣ་ཚོགས་ཆོ་པ》ཤ212བ4ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།

1.ཆ་ཕྲ་བ་ནི། དེ་བཞིན་གཤེགས་པའམ་བྱང་ཆུབ་སེམས་དཔའ་ནི་མཐུའི་ཐབས་དཔག་ཏུ་མེད་པ་གྲངས་མེད་པས་ཇི་ལྟར་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་རྣམས་ཀྱི་དོན་མཛད་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་གང་ཡིན་པའོ༎

2.རྣམ་པ་ནི། མངོན་པར་ཤེས་པའི་མཐུ་དང་། ཆོས་ཀྱི་མཐུ་དང་ལྷན་ཅིག་སྐྱེས་པའི་མཐུ་རྣམ་པ་ཐམས་ཅད་དང་ལྡན་པ་གང་ཡིན་པའོ༎

3.ཁམས་ནི། འཇིག་རྟེན་པའི་ཁམས་ཐམས་ཅད་དང་། སེམས་ཅན་གྱི་ཁམས་ཐམས་ཅད་དེའི་མཐུའི་ཡུལ་དུ་གྱུར་པ་གང་ཡིན་པ་སྟེ་དེ་ནི་ཐུན་མོང་མ་ཡིན་པའི་མཐུ་ཞེས་བྱའོ༎