ཉན་ཐོས་ཀྱི་ཐོག་མ་དང་།བར་དང་།ཐ་མར་དགེ་བ་གསུམ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2021-03-03 14:05ལ་འགྲུབ།

ཉན་ཐོས་ཀྱི་ཐོག་མ་དང་།བར་དང་།ཐ་མར་དགེ་བ་གསུམ།

འཕགས་པ་དཀོན་མཆོག་ཟ་མ་ཏོག་གི་མདོ་ལས་བྱུང་བའི་ཉན་ཐོས་ཀྱི་ཐོག་མ་དང་། བར་དང་། ཐ་མར་དགེ་བ་གསུམ་རྒྱས་བར་བསྟན་ཡོད།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་ཇ་པ》ཤ433བ5ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འཕགས་པ་དཀོན་མཆོག་ཟ་མ་ཏོག་གི་མདོ་ལས་བྱུང་བ་ལྟར་ན་ཁག་ལྔ་ཡོད།

1_1 ཁག་དང་པོ།

1.ཉན་ཐོས་དག་གི་ཐོག་མར་དགེ་བ་ནི། ལུས་ཀྱི་ལེགས་པར་སྤྱོད་པ་དང་། ངག་གི་ལེགས་པར་སྤྱོད་པ་དང་། ཡིད་ཀྱི་ལེགས་པར་སྤྱོད་པའོ༎

2.བར་དུ་དགེ་བ་ནི། ལྷག་པའི་ཚུལ་ཁྲིམས་དང་། སེམས་དང་། ཤེས་རབ་ལ་བསླབ་པར་བྱའོ༎

3.ཐ་མར་དགེ་བ་ནི། རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ༎

1_2 ཁག་གཉིས་པ།

1.ཐོག་མར་དགེ་བ་ནི། འདུན་པ་དང་། བརྩོན་འགྲུས་དང་། བག་ཡོད་པའོ༎

2.བར་དུ་དགེ་བ་ནི། དྲན་པ་དང་། ཏིང་ངེ་འཛིན་དང་། སེམས་རྩེ་གཅིག་པའོ༎

3.ཐ་མར་དགེ་བ་ནི། ཤེས་རབ་དང་། ལྷག་མཐོང་དང་། ཡེ་ཤེས་སོ༎

1_3 ཁག་གསུམ་པ།

1.ཐོག་མར་དགེ་བ་ནི། སངས་རྒྱས་ལ་མི་ཕྱེད་པར་དད་པའོ༎

2.བར་དུ་དགེ་བ་ནི། ཆོས་ལ་མི་ཕྱེད་པར་དད་པའོ༎

3.ཐ་མར་དགེ་བ་ནི། འཕགས་པའི་དགེ་འདུན་ལ་མི་ཕྱེད་པར་དད་པས་འབྲས་བུ་ཐོབ་པའོ༎

1_4 ཁག་བཞི་པ།

1.ཐོག་མར་དགེ་བ་ནི། གཞན་ལས་ཉན་པའོ༎

2.བར་དུ་དགེ་བ་ནི། ཚུལ་བཞིན་ཡིད་ལ་བྱེད་པའོ༎

3.ཐ་མར་དགེ་བ་ནི། འཕགས་པའི་ཡང་དག་པར་ལྟ་བའོ༎

1_5 ཁག་ལྔ་པ།

1.ཐོག་མར་དགེ་བ་ནི། སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་བ་སྤང་བའོ༎

2.བར་དུ་དགེ་བ་ནི། ལམ་བསྒོམ་པའོ༎

3.ཐ་མར་དགེ་བ་ནི། འགོག་པ་མངོན་སུམ་དུ་བྱེད་པའོ༎