རྗེས་སུ་མཐུན་པའི་བཟོད་པ་གསུམ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2021-03-03 17:42ལ་འགྲུབ།

རྗེས་སུ་མཐུན་པའི་བཟོད་པ་གསུམ།

འཕགས་པ་དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས་བྱུང་བའི་རྗེས་སུ་མཐུན་པའི་བཟོད་པ་གསུམ་རྒྱས་བར་བསྟན་ཡོད།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་ཉ་པ》ཤ395ན3ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འཕགས་པ་དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས་བྱུང་བ་སྟེ།

1.ཆུང་ངུར་རྗེས་སུ་མཐུན་པའི་བཟོད་པ་ནི། ཤུགས་དང་ལྡན་པའི་ཏིང་ངེ་འཛིན་དུ་བཤད་པར་བྱའོ༎

2.འབྲིང་དུ་རྗེས་སུ་མཐུན་པའི་བཟོད་པ་ནི། ཞི་གནས་ཀྱི་ཏིང་ངེ་འཛིན་དུ་བཤད་པར་བྱའོ༎

3.ཆེར་རྗེས་སུ་མཐུན་པའི་བཟོད་པ་ནི། ཆོས་ཐམས་ཅད་ལ་དབང་བྱེད་པའི་ཏིང་ངེ་འཛིན་དུ་བཤད་པར་བྱའོ༎

ཅིའི་ཕྱིར་ཞེ་ན། ཆུང་ངུར་རྗེས་སུ་མཐུན་པའི་བཟོད་པ་ལས་ནི་དགེ་བའི་རྩ་བའི་ཤུགས་སྐྱེའོ༎ འབྲིང་དུ་རྗེས་སུ་མཐུན་པའི་བཟོད་པ་ལས་ནི་རབ་ཏུ་ཞི་བ་དམིགས་པར་འགྱུར་རོ༎ ཆེར་རྗེས་སུ་མཐུན་པའི་བཟོད་པ་ལས་ནི་རབ་ཏུ་སྣང་བ་ལ་སེམས་འཇུག་སྟེ། དེའི་དམིགས་པ་ཐམས་ཅད་ཡོངས་སུ་རྟོགས་པར་འགྱུར་རོ༎ ཆོས་ཉིད་ལ་རབ་ཏུ་གནས་པར་འགྱུར་རོ༎ ཆོས་ཉིད་ལ་རབ་ཏུ་གནས་པས་ན། དོན་རྣམས་ལེགས་པར་ཡོངས་སུ་ཟིན་པར་འགྱུར་རོ༎