རྗེས་འཇུག་གི་ནང་གསེས་དྲིལ་ཚུལ་གསུམ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2021-03-03 17:05ལ་འགྲུབ།

རྗེས་འཇུག་གི་ནང་གསེས་དྲིལ་ཚུལ་གསུམ།

《གསེར་ཏོག་སུམ་རྟགས》ལས་བྱུང་བའི་རྗེས་འཇུག་གི་ནང་གསེས་དྲིལ་ཚུལ་གསུམ་རྒྱས་བར་བསྟན་ཡོད།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《གསེར་ཏོག་སུམ་རྟགས》དེབ་ཤ257.8ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

1.རྗེས་འཇུག་ཕོ་ཡིག་གི་ནང་གསེས་དྲིལ་ཚུལ་གསུམ་སྟེ།

(1)སྐྱེས་བུ་རབ་ཡང་འཇུག་ཅན་གྱི་ག་ཡིག

(2)སྐྱེས་བུ་འབྲིང་ཡང་འཇུག་ཅན་གྱི་བ་ཡིག

(3)སྐྱེས་བུ་ཐ་མ་ཡང་འཇུག་མེད་པའི་ག་བ་གཉིས་དང་ད་ས་བཅས་བཞི།

2.རྗེས་འཇུག་མ་ཡིག་གི་ནང་གསེས་དྲིལ་ཚུལ་གཉིས་ཏེ།

(1)མོ་ཙམ་གྱི་ཡི་གེ་ཡང་འཇུག་ཡོད་པའི་ང་མ་གཉིས།

(2)ཤིན་ཏུ་མོའི་ཡི་གེ་ཡང་འཇུག་མེད་པའི་ང་མ་གཉིས་དང་འ་བཅས་གསུམ།

3.རྗེས་འཇུག་མ་ནིང་གི་ནང་གསེས་དྲིལ་ཚུལ་གསུམ་ཏེ།

(1)འགྱུར་བ་མ་ནིང་ནི། ན་ར་ལ་གསུམ་མིང་གཞི་ཕོ་ཡིག་གི་མཐར་ཡང་འཇུག་ཡོད་མེད་གཉིས་ཀ་དང་། མིང་གཞི་མོ་ཡིག་གི་མཐར་ཡང་འཇུག་མེད་པ་ཁོ་ནའོ༎

(2)མཚན་གཉིས་མ་ནིང་ནི། ན་ར་གཉིས་མིང་གཞི་ཕོ་ཡིག་གི་མཐར་ད་དྲག་ཡོད་མེད་གཉིས་ཀ་དང་། མིང་གཞི་མོ་ཡིག་གི་མཐར་ཡང་འཇུག་མེད་པ་ཁོ་ན་དང་། མིང་གཞི་མོ་ཡིག་གི་མཐར་ཡང་འཇུག་ཡོད་པ་དང་གསུམ།

(3)མཚན་མེད་མ་ནིང་ནི། ན་ར་ལ་གསུམ་མིང་གཞི་མ་ནིང་གི་མཐར་ཡང་འཇུག་ཡོད་མེད་གཉིས་ཀའོ༎ (སྐབས་འདིར་ཡང་འཇུག་ཡོད་མེད་དང་། མིང་གཞི་གང་ཕྲད་སྐོར་གསལ་པོ་ཡོང་ཆེད་ཁ་སྐོང་བྱས་པ་ཡིན)