ཏ་ཝུའུ་ཁོའུ་ཁུལ་མི་དམངས་ཞིབ་དཔྱོད་ཁང་།སྔ་མའི་པར་གཞི་དེ ཀླུ་བྷklumtso  ནས 2021-03-03 15:37ལ་འགྲུབ།

ཏ་ཝུའུ་ཁོའུ་ཁུལ་མི་དམངས་ཞིབ་དཔྱོད་ཁང་།

ཏ་ཝུའུ་ཁོའུ་ཁུལ་མི་དམངས་ཞིབ་དཔྱོད་ཁང་།
ཧྲི་ཙུའེ་ཧྲན་གྲོང་ཁྱེར་ཏ་ཝུའུ་ཁོའུ་ཁུལ་མི་དམངས་ཞིབ་དཔྱོད་ཁང་ནི་ཧྲི་ཙུའེ་ཧྲན་གྲོང་ཁྱེར་ཏ་ཝུའུ་ཁོའུ་ཁུལ་གྱི་མི་དམངས་ཞིབ་དཔྱོད་སྒྲིག་གཞི་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大武口区人民检察院
གནས་ཡུལ།
ཧྲི་ཙུའེ་ཧྲན་གྲོང་ཁྱེར་ཏ་ཝུའུ་ཁོའུ་ཁུལ།
ནང་ཁུལ་གྱི་སྒྲིག་གཞི།
5ཡོད།
སྒྲིག་ཁོངས་ཀྱི་ལས་བྱེད་མི་སྣ།
65ཡོད།
1 ​ནང་ཁུལ་གྱི་སྒྲིག་གཞི།

《ཉིང་ཞ་ཞིབ་དཔྱོད་ལས་ཁུངས་ཀྱི་ནང་ཁུལ་སྒྲིག་གཞི་སྒྱུར་བཅོས་ལག་བསྟར་ཇུས་གཞི》གཞིར་བཟུང་སྟེ། ཏ་ཝུའུ་ཁོའུ་ཁུལ་གྱི་མི་དམངས་ཞིབ་དཔྱོད་ཁང་དུ་ནང་ཁུལ་སྒྲིག་གཞི7བཙུགས་ཡོད་ལ། ད་ལྟ་ལས་ཐོག་སྒྲིག་ཁོངས་སུ་ཡོད་པའི་ལས་བྱེད་ཉེན་རྟོག་པ65ཡོད།

1_1 གཅིག ཞིབ་དཔྱོད་གྱོད་སྒྲུབ་སྡེ་ཁག

དང་པོ། མྱུལ་ཞིབ་ལྟ་སྐུལ་པུའུ(དེ་སྔའི་མྱུལ་ཞིབ་ལྟ་སྐུལ་ཚན་ཁག)

དེ་ཡིས་ཞིབ་དཔྱོད་ཁང་དེའི་ཉེས་དོན་ཉེས་གསོག་གྱོད་གཞིའི་ཉེས་གསོག་དོགས་ཡོད་མི་སྣ་ཞིབ་བཤེར་འཛིན་བཟུང་དང་གྱོད་དོན་ཐོ་འགོད་ལྟ་སྐུལ། མྱུལ་ཞིབ་བྱེད་སྒོར་ལྟ་སྐུལ། དེ་བཞིན་ཉེས་དོན་ཁྲིམས་འཛིན་དང་སྲིད་འཛིན་ཁྲིམས་འཛིན་ཕན་ཚུན་འབྲེལ་མཐུད་བཅས་ཀྱི་ལས་དོན་གྱི་འགན་འཁུར་དགོས་པ་དང་། གྱོད་གཞི་ཞིབ་གཅོད་བྱེད་པ་དང་ཟུང་འབྲེལ་བྱས་ནས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་དང་དེ་བཞིན་བཅའ་ཁྲིམས་ཀྱི་གཏན་འབེབས་སམ་ཞིབ་དཔྱོད་དཔོན་གྱིས་བསྒྲུབ་རྒྱུར་སྤྲད་པའི་ལས་དོན་གཞན་དག་ལ་ཞུགས་དགོས།

གཉིས་པ། གཞུང་ཕྱོགས་གཏུག་བཤེར་པུའུ།

དེ་ཡིས་གྱོད་གཞིའི་ཞིབ་བཤེར་ཁྲིམས་སྦྱོར་དང་མྱུལ་ཞིབ་བྱེད་སྒོའི་ལྟ་སྐུལ། ཁྲིམས་རར་ཞུགས་ནས་གཞུང་ཕྱོགས་ཞུ་སྦྱོར་དང་ཉེས་དོན་འདྲི་གཅོད་ལ་ལྟ་སྐུལ་བཅས་བྱེད་པའི་འགན་འཁུར་དགོས་པ་དང་། ཁྲིམས་ཁང་དེས་བདག་སྤྲོད་བྱས་པའི་ཉེས་དོན་གྱོད་གཞི་ཚང་མར་ཞིབ་བཤེར་ཁྲིམས་སྦྱོར་དང་བསྐྱར་གཅོད་ཡོང་རེ་ཞུ་བ། ཞིབ་བཤེར་ཆོག་མཆན་སྤྲད་ནས་ཁྲིམས་སྦྱོར་བདའ་འདེད་གཏོང་བ། ཞིབ་བཤེར་ཆོག་མཆན་ཞུས་ནས་ཁྲིམས་སྦྱོར་བདའ་འདེད་གཏོང་བ་སོགས་ཀྱི་གྱོད་གཞི་གཅིག་གྱུར་ཐོག་ཞིབ་གཅོད་བྱེད་པ། ལས་ཀའི་སྒྲིག་སྲོལ་ཞིབ་ཕྲ་དང་གཏན་འབེབས་ཞིབ་འཇུག་དང་གཏན་འབེབས་བཅས་བྱེད་དགོས།

གསུམ་པ། ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་པུའུ།

དེ་ཡིས་ན་སོ་དར་ལ་མ་བབས་པའི་མིའི་ཉེས་དོན་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཞིབ་བཤེར་འཛིན་བཟུང་ཆོག་མཆན་དང་ཞིབ་བཤེར་ཞུ་གཏུག ཁྲིམས་རར་ཞུགས་ནས་གཞུང་གཏུག་དང་མྱུལ་ཞིབ་ལྟ་སྐུལ། འདྲི་གཅོད་ལྟ་སྐུལ་བཅས་ཀྱི་ལས་དོན་སྒྲུབ་འགན་འཁུར་དགོས་པ་དང་། ན་སོ་དར་ལ་མ་བབས་པའི་མིའི་ཞུ་གཏུག་རྒྱུ་མཚན་ཞུ་འབུལ་ཞིབ་དཔྱོད་དང་དམངས་དོན་ཞིབ་དཔྱོད། སྲིད་འཛིན་ཞིབ་དཔྱོད། ཉེས་དོན་ལག་བསྟར་ཞིབ་དཔྱོད་སོགས་ཀྱི་གྱོད་གཞི་དང་བཅའ་ཁྲིམས་ལྟ་སྐུལ་ལས་ཀ་སྒྲུབ་འགན་འཁུར་དགོས་ལ། དེ་མིན་ན་སོ་དར་ལ་མ་བབས་པའི་མིར་སློབ་གསོ་དང་རོགས་རམ། རྟོག་ཞིབ། ཡོ་བསྲང་། ཁྲིམས་སྐྱོང་སློབ་གསོ་དང་དྲིལ་བསྒྲགས། ཉེས་གསོག་སྔོན་འགོག་བཅས་ཀྱི་ལས་དོན་སྤེལ་དགོས་པ་དང་། ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་དོན་དག་གལ་ཆེན་ནང་ཞུགས་དགོས་ཚེ། དགོས་ངེས་སྐབས་སྤྱི་ཕན་གཏུག་བཤེར་བྱེད་པའམ་ཡང་ན་མཛུབ་སྟོན་བྱེད་པ། འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ནས་ན་སོ་དར་ལ་མ་བབས་པའི་མིའི་གྱོད་གཞི་སྒྲུབ་གཉེར་དང་སྤྱི་ཚོགས་ཅན་གྱི་རྒྱབ་སྐྱོར་མ་ལག་འཛུགས་པ། ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་ཀའི་འབྲེལ་ཡོད་གཏན་འབེབས་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས།

བཞི་བ། གཏུག་བཤེར་ལྟ་སྐུལ་པུའུ།

དེ་ཡིས་དམངས་དོན་ལག་བསྟར་ལྟ་སྐུལ་དང་དམངས་དོན་འདུམ་འགྲིག་ལྟ་སྐུལ་གྱི་གྱོད་གཞི་སྒྲུབ་འགན་འཁུར་དགོས་པ་དང་། རང་རེའི་ཞིབ་དཔྱོད་ཁང་གིས་བདག་སྤྲོད་བྱས་པའི་སྲིད་འཛིན་གཏུག་བཤེར་ལྟ་སྐུལ་དང་སྤྱི་ཕན་གཏུག་བཤེར། སྲིད་འཛིན་བཙན་ཤེད་བྱེད་ཐབས་ལྟ་སྐུལ། སྲིད་འཛིན་ལག་བསྟར། གྱོད་དོན་ཐོ་འགོད་ལྟ་སྐུལ། གཏུག་བཤེར་མ་ཡིན་པའི་སྲིད་འཛིན་ལག་བསྟར་གྱོད་དོན་ལྟ་སྐུལ་དང་། དེ་བཞིན་སྲིད་འཛིན་གྱི་ལས་དོན་མི་སྒྲུབ་པ་དང་གང་བྱུང་དུ་ལྟ་སྐུལ་བྱེད་པ་སོགས་ཀྱི་གྱོད་དོན་ཞིབ་གཅོད་བྱེད་དགོས་པ་རེད། གཞན་ཡང་རིམ་པ་གཅིག་མཚུངས་ཀྱི་མི་དམངས་ཁྲིམས་ཁང་གི་བཅའ་ཁྲིམས་ཀྱི་ནུས་པ་ཐོན་ཟིན་པ་དང་དངོས་གནས་ནོར་འཁྲུལ་ཡོད་པའི་དམངས་དོན་དང་སྲིད་འཛིན་གྱི་དཔྱད་མཚམས་དང་བཀའ་བཅད་ལ་འདྲི་གཅོད་ལ་ལྟ་སྐུལ་བྱེད་པའི་གོ་རིམ་ལྟར་གོང་རིམ་མི་དམངས་ཞིབ་དཔྱོད་ཁང་ལ་བསྐྱར་གཅོད་ཡོང་རེ་ཞུ་དགོས་པ། དེ་མིན་འདི་ག་ཁྲིམས་ཁང་གིས་སྒྲུབ་པའི་དམངས་དོན་གཏུག་བཤེར་ལྟ་སྐུལ་དང་སྲིད་འཛིན་ལྟ་སྐུལ་ལས་དོན་ཁྲོད་ཀྱི་གལ་ཆེ་རིགས་དང་དཀའ་གནད་ཆེ་བའི་གནད་དོན་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་ཏེ་ལས་ཀའི་ཐབས་ཇུས་འདོན་པ་དང་ལས་ཀའི་ལམ་སྲོལ་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས།

ལྔ་བ། ཞུ་གཏུག་དང་རྒྱུ་མཚན་ཞུ་འབུལ་ཞིབ་དཔྱོད་པུའུ།

འཕྲིན་ཡིག་དང་ངོ་གཏུག་ཏུ་ཡོང་བ་ཐག་གཅོད་བྱེད་པ་དང་། ཞུ་གཏུག་དང་ཐེར་འདོན་གོང་ཞུ། རྒྱུ་མཚན་ཞུ་འབུལ་བཅས་བདག་སྤྲོད་དང་ཉེས་བསགས་དོགས་ཡོད་མི་སྣའི་རང་ཉེས་རང་ཞུ་དང་ལེན་བྱེད་པ། དེ་མིན་ཐེར་འདོན་ཁུངས་སྣེར་དོ་དམ་དང་ཐེར་འདོན་ཁུངས་སྣེར་ཐོག་མའི་ཞིབ་དཔྱད། གྱོད་དོན་ཐོ་འགོད་མི་བྱེད་པའི་ཐེར་འདོན་ཁུངས་སྣེར་ཞིབ་བཤེར་བཅས་བྱེད་དགོས་ལ། སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་བཅས་གསུམ་དང་དེའི་ལས་བྱེད་མི་སྣས་དག་འབུད་བྱེད་མཁན་དང་གཏུག་བཤེར་ལས་ཚབ་པས་བཅའ་ཁྲིམས་ལྟར་གཏུག་བཤེར་དབང་ཆ་སྤྱོད་པར་བཀག་འགོག་བྱེད་པའི་ཞུ་གཏུག་གམ་རྒྱུ་མཚན་ཞུ་འབུལ་ཞིབ་བཤེར་བྱས་ནས་སྒྲུབ་དགོས། གཞན་ཡང་རང་རེའི་ཞིབ་དཔྱོད་ཁང་གིས་གྱོད་དོན་སྒྲུབ་པའི་ཁྲོད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞུ་གཏུག་གམ་ཞུ་གཏུག་བྱེད་པར་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་དང་། ཉེས་དོན་ཞུ་སྦྱོར་དང་རྒྱལ་ཁབ་ཀྱི་སྐྱིན་གསབ་གྱོད་དོན་སྒྲུབ་གཉེར་དང་ཁྲིམས་འཛིན་རོགས་སྐྱོབ་ལས་ཀ་སྤེལ་དགོས།

1_2 གཉིས། ཕྱོགས་བསྡུས་ལས་སྒོའི་སྡེ་ཁག

ལས་སྒོ་དོ་དམ་པུའུ(དེ་སྔའི་གྱོད་གཞི་དོ་དམ་གཞུང་ལས་ཁང་དང་ཞིབ་དཔྱོད་ཨུ་ལྷན།)ཡིས་རང་རེའི་ཞིབ་དཔྱོད་ཁང་གིས་ཐད་ཀར་གྱོད་དོན་ཐོ་འགོད་དང་དོ་དམ་བྱེད་ཁོངས་ཀྱི་གྱོད་གཞིར་གཅིག་གྱུར་སྒོས་བདག་སྤྲོད་བྱེད་པ་དང་། ཞིབ་དཔྱོད་ཁང་དེ་གའི་གྱོད་སྒྲུབ་ལས་དོན་གྱི་འཁོར་སྐྱོད་རྣམ་པར་ཕྱོགས་བསྡུས་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་ཁ་གཏད་གཅོག་ཐབས་དང་གྲོས་འགོ་འདོན་དགོས་ལ། ཞིབ་དཔྱོད་ཁང་དེ་གའི་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་རྒྱུན་ལྡན་ལས་ཀ་སྒྲུབ་འགན་ཡང་འཁུར་དགོས། དེ་མིན་འབྲེལ་ཡོད་ཞིབ་དཔྱོད་ལས་ཀའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གྲོས་གཞི་འདྲི་རྩད་བསམ་འཆར་ལས་ཀ་སྒྲུབ་འགན་འཁུར་བ་དང་ཁྲིམས་ཁང་གི་ལས་སྒོ་དོ་དམ་བྱ་བའི་སྒྲིག་སྲོལ་ཞིབ་ཕྲ་དང་གཏན་འབེབས་བྱེད་དགོས། གཞན་ཡང་ཞིབ་དཔྱོད་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ལས་དོན་གྱི་འགན་འཁུར་ནས་རྒྱལ་ཁབ་ཀྱིས་ཁྱབ་བསྒྲགས་བྱས་པའི་ཞིབ་དཔྱོད་ལས་དོན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་ལག་བསྟར་བྱས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་ཞིབ་དཔྱོད་དཔོན་གྱིས་ཇུས་ཐག་གཅོད་པར་བསམ་འཆར་འདོན་དགོས།

1_3 གསུམ། ཁྲིམས་འཛིན་སྲིད་འཛིན་སྡེ་ཁག

ཆབ་སྲིད་ལས་དོན་གྱི་འགན་འཁྲི། ཞིབ་དཔྱོད་ཁང་ཡོངས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་བྱ་བར་འགན་འཁུར་དགོས་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱི་ལས་བྱེད་པའི་དཔྱད་ཞིབ་དང་བསྐོ་འཐེན། བཀོད་སྒྲིག་དང་མི་དོན་ཡིག་ཚགས་དོ་དམ། མི་དོན་བསྡོམས་རྩིས་བཅས་ཀྱི་ལས་ཀ་དང་ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་སྤྲོད་པའི་ལས་ཀའི་འགན་འཁུར་དགོས། དེ་མིན་ཞིབ་དཔྱོད་གསར་འགྱུར་དྲིལ་བསྒྲགས་ཀྱི་ལས་ཀ་དང་གོང་རིམ་ཞིབ་དཔྱོད་ཁང་གིས་བཀོད་སྒྲིག་བྱས་པའི་ཆེད་དོན་བྱེད་སྒོ་སྒྲིག་འཛུགས་དང་སྤེལ་བའི་འགན་འཁུར་དགོས་ལ། སྡེ་ཁག་སོ་སོས་བཅའ་ཁྲིམས་ཁྱབ་གདལ་ལས་དོན་སྤེལ་བར་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་པ་དང་ཞིབ་དཔྱོད་ཁང་དེ་གའི་ཏང་རྩ་འཛུགས་དང་ཏང་ཀྲི་པུའུ། བཟོ་ཚོགས་དང་གཞོན་ནུ། བུད་མེད་བཅས་ལ་གཞོགས་འདེགས་བྱས་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་། ཞིབ་དཔྱོད་རིག་གནས་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་དགོས། གཞན་ཡང་ཏང་གི་བསམ་བློ་དང་རྩ་འཛུགས། སྤྱོད་ཚུལ་བཅས་འཛུགས་སྐྱོང་དང་སྒྲིག་ཁྲིམས་ཞིབ་བཤེར་གྱི་ལས་ཀ་བྱེད་འགན་ཡང་འཁུར་དགོས།

སྲིད་འཛིན་དོ་དམ་བྱ་བའི་འགན་འཁྲི། རང་རེའི་མི་དམངས་ཞིབ་དཔྱོད་ཁང་གི་ཡིག་ཆ་གལ་ཆེན་གྱི་འཆར་ཟིན་འགོད་པ་དང་། ཆ་འཕྲིན་གནད་བསྡུས་རྩོམ་སྒྲིག་དང་འགྲེམས་སྤེལ། ཡིག་ཆ་རྒྱུན་འཁོར་སོགས་ཀྱི་དྲུང་ཡིག་བྱ་བའི་འགན་འཁུར་དགོས་ལ། ཕྱོགས་བསྡུས་རང་བཞིན་གྱི་གྲོས་ཚོགས་ཀྱི་སྟ་གོན་དང་འབྲེལ་གཏུག ཚོགས་འདུའི་ལས་དོན་སོགས་ཀྱི་ལས་ཀ་སྒྲིག་འཛུགས་བྱེད་འགན་འཁུར་དགོས། དེ་མིན་ཡིག་ཚགས་དོ་དམ་དང་གསང་གནད་གསང་སྲུང་ལས་ཀ་བྱེད་པའི་འགན་འཁུར་དགོས་པ་དང་། ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཀྱིས་ཞིབ་དཔྱོད་སྲིད་དོན་ཐག་གཅོད་བྱེད་པར་གཞོགས་འདེགས་དང་ལས་ཀའི་བཀོད་སྒྲིག་གལ་ཆེན་དང་ཐབས་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྒྲིག་འཛུགས་བྱེད་དགོས། གཞན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་དང་འབྲེལ་གཏུག་བྱེད་པའི་འགན་འཁུར་དགོས་པ་དང་ཞིབ་དཔྱོད་ཁང་ནང་གི་ལས་དོན་གལ་ཆེན་བཀོད་སྒྲིག་དང་ཐབས་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་པ་དང་འབྲེལ་ལྟ་སྐུལ་ཡང་བྱེད་དགོས་ལ། དེ་མིན་ད་དུང་ཕྱི་ཕྱོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་འགན་འཁུར་ནས་ཞིབ་དཔྱོད་ཀྱི་ཡོངས་བསྒྲགས་ལས་དོན་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་དགོས་པ་དང་། ལས་ཁུངས་ཀྱི་ནོར་དོན་དང་རྒྱབ་ཕྱོགས་ཞབས་འདེགས། ཕྱོགས་བསྡུས་འགན་སྲུང་བཅས་ཀྱི་ལས་དོན་སྒྲུབ་འགན་འཁུར་དགོས།

སྒྲིག་བཤེར་ལྟ་ཞིབ་ཁང་གིས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཞིབ་དཔྱོད་དཔོན་ལ་གཞོགས་འདེགས་བྱས་ནས་ཞིབ་དཔྱོད་ཁང་དེའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་དམ་འཛིན་ཡག་པོ་བྱེད་པ་དང་། ཞིབ་དཔྱོད་ཁང་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་འཁྲིའི་ལམ་ལུགས་ཀྱི་རྒྱུན་གཏན་ལས་དོན་དང་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་གཅུན། ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད། ལས་རིགས་ཀྱི་ཚུལ་མིན་སྤྱོད་ཡན་ཡོ་བསྲང་བཅས་ལས་འགན་གསུམ་སྒྲིག་འཛུགས་དང་མཐུན་སྦྱོར་ལས་ཀའི་འགན་འཁུར་དགོས། དེ་མིན་ལས་རིགས་ཀུན་སྤྱོད་དང་ལས་རིགས་སྒྲིག་ཁྲིམས་ཀྱི་སློབ་གསོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ནས་དུས་དང་བསྟུན་ནས་ཀུན་སྤྱོད་དག་ཐེར་བྱེད་དགོས་ལ། ཞིབ་དཔྱོད་ཁང་ཡོངས་ཀྱི་ལས་དོན་མི་སྣས་ཁྲིམས་འཛིན་དྲང་གཞག་དང་ཡ་རབས་ཁྲིམས་འཛིན། སྤྱོད་གཙང་ཁྲིམས་འཛིན་བཅས་ལ་སློབ་གསོ་ནན་པོ་དང་ལྟ་སྐུལ་བྱེད་དགོས་པ་དང་ཞིབ་དཔྱོད་ལས་དོན་གྱི་ལྟ་སྐུལ་ཞིབ་བཤེར་ལས་དོན་སྒྲིག་འཛུགས་བྱེད་དགོས།

ལག་རྩལ་བྱ་བའི་འགན་འཁྲི། རང་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ལག་རྩལ་དང་ཆ་འཕྲིན་ཅན་གྱི་བཀོལ་སྤྱོད་བྱ་བའི་འགན་འཁུར་དགོས་པ་དང་། ཞིབ་དཔྱོད་ཁང་དེ་གའི་གཙོ་ཆེའི་དྲ་ཚིགས་དང་ཞིབ་དཔྱོད་ཆེད་དོན་དྲ་བའི་ཆ་འཕྲིན་སྲུང་སྐྱོང་དང་དེ་བཞིན་དྲ་རྒྱའི་གླེང་ཕྱོགས་ལྟ་སྐུལ་ཚོད་འཛིན་ལས་དོན་གྱི་འགན་འཁུར་དགོས།

ཁྲིམས་འཛིན་ཉེན་རྟོག་པའི་འགན་འཁྲི། ཁྲིམས་འཛིན་ཉེན་རྟོག་པ་དོ་དམ་བྱེད་པའི་སྒྲིག་སྲོལ་ལམ་ལུགས་བཟོ་རྒྱུ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱེད་པ་དང་། ཁྲིམས་འཛིན་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་དོ་དམ་དང་གསོ་སྐྱོང་སྦྱོང་བརྡར་བྱེད་པ་དང་ཁྲིམས་འཛིན་ཉེན་རྟོག་གི་སྒྲིག་ཆས་ལ་དོ་དམ་བྱེད་པ། དེ་མིན་ས་ཁོངས་བརྒལ་བའི་ཉེན་རྟོག་བྱེད་སྒོ་གལ་ཆེན་མཐུན་སྦྱོར་དང་ཞིབ་དཔྱོད་ཁང་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་གྱོད་གཞི་སྒྲུབ་ཁུལ་གྱི་དོ་དམ་ལས་དོན་གྱི་འགན་འཁུར་ནས་ཉེན་རྟོག་ལས་དོན་བེད་སྤྱོད་དང་མཁོ་འདོན་བྱེད་པ། ཞིབ་དཔྱོད་འགོ་འཛིན་གྱིས་སྤྲད་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱེད་དགོས།

2 གཟི་བརྗིད་མཚན་སྙན།

རྒྱལ་ཡོངས་ཤེས་དཔལ་སྣེ་ལེན་ཁང་དང་ཁུལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཞིབ་དཔྱོད་ཁང་། ཁུལ་ཡོངས་ཀྱི་ཞིབ་དཔྱོད་རིག་གནས་འཛུགས་སྐྱོང་དཔེ་སྟོན་ཁང་། ཁུལ་ཡོངས་ཀྱི་དུག་འགོག་ལས་དོན་གྱི་སྔོན་ཐོན་ཐུན་མོང་། རང་སྐྱོང་ཁུལ་གྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་སྔོན་ཐོན་ཐུན་མོང་། གྲོང་ཁྱེར་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཞིབ་དཔྱོད་ཁང་། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་སྐྱོང་གྲོང་ཁུལ་གྱི་སྔོན་ཐོན་ཚན་པ་སོགས་ཐུན་མོང་གི་གཟི་བརྗིད་མཚན་སྙན་བཅས་ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།