ཨན་ཏིང་ཁུལ་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ ཀླུ་བྷklumtso  ནས 2021-03-03 15:30ལ་འགྲུབ།

ཨན་ཏིང་ཁུལ་མི་དམངས་ཁྲིམས་ཁང་།

ཨན་ཏིང་ཁུལ་མི་དམངས་ཁྲིམས་ཁང་།
ཏིང་ཞི་གྲོང་ཁྱེར་ཨན་ཏིང་ཁུལ་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1949ལོའི་ཟླ11པར་བཙུགས་པ་དང་། དེ་སྔའི་ཏིང་ཞི་རྫོང་མི་དམངས་ཁྲིམས་ཁང་ཡིན་ལ། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་ད་ལྟ་ཨན་ཏིང་ཁུལ་དམངས་གཙོའི་ནུབ་ལམ་དུ་གནས་ཡོད། ཁྲིམས་ཁང་ཡོངས་སུ་ད་ཆ་མི104དང་དངོས་གཞིའི་ཚན་ཁག་གི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མི90ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི86.55%ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
定西市安定区人民法院
གནས་ཡུལ།
0932-8360665
གནས་ཁུལ།
ཏིང་ཞི་གྲོང་ཁྱེར་ཨན་ཏིང་ཁུལ།
བཙུགས་ལོ།
སྤྱི་ལོ1949ལོའི་ཟླ11པ
གནས་ཡུལ།
ཨན་ཏིང་ཁུལ་དམངས་གཙོའི་ནུབ་ལམ།
མི་གྲངས།
མི104
སྦྲག་སྲིད་ཨང་གྲངས།
743000
ཡོན་ཀྲང་།
ཞུའུ་ཡོན་ཞུའེ།
1 ​ཁྲིམས་ཁང་གི་གནས་ཚུལ།

ཏིང་ཞི་གྲོང་ཁྱེར་ཨན་ཏིང་ཁུལ་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1949ལོའི་ཟླ11པར་བཙུགས་པ་དང་། དེ་སྔའི་ཏིང་ཞི་རྫོང་མི་དམངས་ཁྲིམས་ཁང་ཡིན་ལ། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་ད་ལྟ་ཨན་ཏིང་ཁུལ་དམངས་གཙོའི་ནུབ་ལམ་དུ་གནས་ཡོད། ཁྲིམས་ཁང་ཡོངས་སུ་ད་ཆ་མི104ཡོད་པ་དང་དངོས་གཞིའི་ཚན་ཁག་གི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མི90ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི86.522%ཟིན་པ་དང་། སྲིད་ཁྲིམས་རིགས་ཀྱི་ཆེད་ལས་ཡིན་པའི་མི་གྲངས83ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི79.844%ཟིན་ཡོད་ཅིང་། ཁྲིམས་ཁང་གི་དཔུང་སྡེར་ཤེས་ཡོན་ལྡན་པ་དང་ཆེད་ལས་ཅན་གྱི་ཁྱད་ཆོས་མངོན་ཡོད།

2 སྒྲིག་གཞིའི་སྒྲིག་བཀོད།

ཨན་ཏིང་ཁུལ་གྱི་ཁྲིམས་ཁང་དུ་ད་ལྟ་གྱོད་དོན་ཐོ་འགོད་ཀྱི་ཁྲིམས་ར་དང་ཉེས་དོན་འདྲི་གཅོད་ཀྱི་ཁྲིམས་ར། དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ར་གཉིས་པ། སྲིད་འཛིན་འདྲི་གཅོད་ཁྲིམས་ར། ལག་བསྟར་ཅུའུ(ཁྲིམས་ར)བཅས་དང་། ནེ་ཀོན་དབྱིན་དང་ཁྲན་ཁོའུ། ཉིང་ཡོན། ཞི་ཀུང་དབྱི། ཀུ་ཅ་ཁྲ། ཞང་ཆོན། ལུའུ་ཅ་ཀོའུ་བཅས་ཀྱི་མི་དམངས་ཁྲིམས་ར7 གཞན་འདྲི་གཅོད་དོ་དམ་གཞུང་ལས་ཁང་དང་གཞུང་ལས་ཁང་། ཆབ་སྲིད་ལས་དོན་ཁང་། སྒྲིག་ཁྲིམས་ཞིབ་དཔྱོད་ཁང་། ལྟ་བཤེར་ཁང་། ཡིག་སྐུར་ངོ་གཏུག་གཞུང་ལས་ཁང་། འདྲི་གཅོད་ལྟ་སྐུལ་ཁང་། སྲིད་འཛིན་ཉེན་རྟོག་རུ་ཆེན་སོགས་ཁྱོན་བསྡོམས་སྡེ་ཁག21བཙུགས་ཡོད།

3  ཁྲིམས་ཁང་འཛུགས་སྐྲུན།

ཉེ་བའི་ལོ་ཤས་རིང་ཨན་ཏིང་ཁྲིམས་ཁང་གིས་ལོ་རེར་གྱོད་གཞི3800ལྷག་བདག་སྤྲོད་བྱེད་བཞིན་ཡོད་ལ། འདྲི་གཅོད(ལག་བསྟར)བྱེད་ཚད97%ཡན་ཟིན་ཡོད། ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ“བླ་ན་མེད་པ་གསུམ”གྱི་མཛུབ་སྟོན་བསམ་བློ་མཐའ་འཁྱོངས་བྱས་ཏེ་ཁྲིམས་འཛིན་གྱི་བསམ་གཞིགས་བྱེད་སྟངས་དང་ལས་ཀ་བྱེད་སྟངས་བསྒྱུར་གང་ཐུབ་བྱས་ཏེ། ཧུར་ཐག་སྒོས་ཁྲིམས་དཔོན་གྱི་ཆབ་སྲིད་དང་བྱེད་སྒོའི་བྱང་ཚད་གཉིས་ཀ་མཐོ་རུ་གཏོང་བ་དང་ཁྲིམས་ཁང་གི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་པས། རྨང་གཞིའི་འཛུགས་སྐྱོང་དང་ཁྲིམས་འཛིན་བསྒྱུར་བཅོས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། དེ་མིན་ཨན་ཏིང་ཁྲིམས་ཁང་གིས་འགོ་ཁྲིད་ཚན་པ་འཛུགས་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་ཁྲིམས་ཁང་དང་ཏང་རྩ་འཛུགས་ཀྱི་ཁོངས་མི་རྣམས་ཀྱིས་ཆབ་སྲིད་ཐོག་བློ་བརྟན་འགྱུར་མེད་དང་སྤྱོད་ཚུལ་ཐད་བློ་བརྟན་ནུས་ལྡན། ལས་ཀའི་ཐད་སྣེ་ཁྲིད་དཔེ་སྟོན། འཚོ་བའི་ཐད་རང་གཅུན་ནན་པོ་བཅས་བྱས་ཏེ་འགོ་ཁྲིད་ཚན་ཁག་རྩེ་གྲ་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་། དཔུང་ཁག་རྩེ་གྲ་སྣེ་ཁྲིད་བྱས་ཏེ་རྒྱལ་ཁབ་ཀྱིས་སྤྲད་པའི་ཁྲིམས་འཛིན་ལས་ཀའི་འགན་འཁྲི་ལེགས་པར་བསྒྲུབས་ཏེ་ཏང་གི་བློ་སེམས་བདེ་མོ་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་པར་བྱས་ཡོད། གཞན་ཡང་ཉེ་བའི་ལོ་འགའི་རིང་ཨན་ཏིང་ཁྲིམས་ཁང་གིས་དཔུང་ཁག་འཛུགས་སྐྱོང་དམ་འཛིན་ཤུགས་ཆེན་བྱེད་པའི་རྨང་གཞིའི་ཐོག་མི་དམངས་འདུམ་འགྲིག་གྲོས་མཐུན་མ་བྱས་གོང་གི་ཁྲིམས་འཛིན་ངོས་འཛིན་ཧུར་ཐག་སྒོས་ཁྱབ་སྤེལ་བཏང་བས། མི་དམངས་འདུམ་འགྲིག་དང་སྲིད་འཛིན་འདུམ་འགྲིག གཏུག་བཤེར་འདུམ་འགྲིག་བཅས་ཕན་ཚུན་འབྲེལ་མཐུད་དང་ཁ་གསབ་བྱས་ཏེ། འདུམ་འགྲིག་ཆེན་པོའི་རྣམ་པ་ཆགས་པས་རྩོད་གཞི་མགྱོགས་མྱུར་ཐག་གཅོད་བྱས་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་ཅིང་། གྱོད་དོན་ཐག་གཅོད་ཀྱི་བྱེད་ནུས་མཐོར་འདེགས་བྱུང་ནས་གྱོད་པའི་བློ་ཡིད་ཚིམ་པར་བྱས།

4 གཟི་བརྗིད་མཚན་སྙན།

ལས་ཀའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བརྟེན་ཉེ་བའི་ལོ་ཤས་རིང་། ཨན་ཏིང་ཁུལ་མི་དམངས་ཁྲིམས་ཁང་ལ་སྔ་རྗེས་སུ་ཞིང་ཆེན་ཡོངས་ཀྱི“ཁྲིམས་ར་གཉིས”འཛུགས་སྐྲུན་གྱི་སྔོན་ཐོན་ཚན་པ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཁྲིམས་འཛིན་འབྲེལ་གཏུག་པའི་སྔོན་ཐོན་ཐུན་མོང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་བློ་ཡིད་ཚིམ་པའི་ཁྲིམས་ཁང་ལེགས་པོ། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ཉེན་རྟོག་པའི་ཚད་ལོན་སྔོན་ཐོན་ཐུན་མོང་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། དེ་མིན་རྒྱལ་ཡོངས་ཀྱི་ཁྲིམས་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཀའི་སྔོན་ཐོན་མི་སྒེར་ཡན་ཨའེ་ཅུན་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གི་གྱོད་གཞི་སྒྲུབ་གཉེར་དཔེ་སྟོན་མི་སྣ་ལི་ཧུང་ཡོན། ཞིང་ཆེན་ཡོངས་ཀྱི་ཁྲིམས་ལུགས་དང་གཏུག་བཤེར་ལས་ཀའི་སྔོན་ཐོན་མི་སྒེར་ཧྲི་ཞིའུ། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན་ཁང་ཏེན་ཀྲུང་དང་ལེ་ཡུན་ཀྱིས་ཚབ་མཚོན་བྱས་པའི་ཕུལ་བྱུང་ཁྲིམས་དཔོན་གྱི་དཔུང་སྡེ་བྱུང་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།