ཁའེ་ཧྥེང་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-03-03 17:04ལ་འགྲུབ།

ཁའེ་ཧྥེང་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཁྲིམས་འཛིན་ཅུའུ།

ཁའེ་ཧྥེང་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཁྲིམས་འཛིན་ཅུའུ།
ཁའེ་ཧྥེང་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཁྲིམས་འཛིན་ཅུའུ་ནི་ཁའེ་ཧྥེང་གྲོང་ཁྱེར་ཀུའུ་ལོའུ་ཆུས་མི་དམངས་སྲིད་གཞུང་གི་ལས་དོན་སྡེ་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
开封市鼓楼区司法局
ཁོངས་གཏོགས་ས་ཁུལ།
ཁའེ་ཧྥེང་གྲོང་ཁྱེར་ཀུའུ་ལོའུ་ཆུས།
ཁོངས་གཏོགས་ལས་ཁུངས།
ཁའེ་ཧྥེང་གྲོང་ཁྱེར་ཀུའུ་ལོའུ་ཆུས་མི་དམངས་སྲིད་གཞུང་།
ལས་ཐོག་འགོ་ཁྲིད།
ཚའེ་ལིན་ཀྲེན།(ཅུའུ་ཀྲང)
1 ​འགན་འཁྲི་གཙོ་བོ།

(གཅིག)རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ལག་བསྟར་མཐར་ཕྱིན་བྱེད་རྒྱུ་དང་། ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་དུས་ཡུན་རིང་བའི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་བཟོ་རྒྱུ་མ་ཟད་ལག་བསྟར་བྱེད་རྒྱུའི་སྒྲིག་འཛུགས་བྱེད་དགོས། 

(གཉིས)ཆུས་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་དང་། གྲོང་ཁྱེར་གྱི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་རྒྱུན་ཤེས་དང་ཁྲིམས་སྲོལ་སྒྲིག་འཛུགས་དང་ལག་བསྟར་བྱེད་རྒྱུའི་འགན་འཁུར་དགོས། 

(གསུམ)ཁྲིམས་རོགས་པའི་ལས་སྒྲུབ་ལས་ཁུངས་དང་ཁྲིམས་རོགས་པའི་ལས་གཉེར་བྱས་འཐུས་ཀྱི་ལག་ཁྱེར་ལོ་རེར་ཞིབ་དཔྱད(ཞིབ་དཔྱོད)གྱི་ཐོ་འགོད་ལས་ཀ་བྱེད་པར་འགན་འཁུར་རྒྱུ། 

(བཞི)ས་ཁུལ་གྱི་བཅའ་ཁྲིམས་བློ་འདྲིའི་ལས་དོན་དང་སྤྱི་ཚོགས་ཀྱི་བཅའ་ཁྲིམས་ཞབས་ཞུའི་སྒྲིག་གཞིར་དོ་དམ་དང་མཛུབ་ཁྲིད་བྱས་ནས“148”བཅའ་ཁྲིམས་བློ་འདྲིའི་ལས་དོན་གྱི་འགན་འཁུར་རྒྱུ། 

(ལྔ)ཆུས་ཡོངས་ཀྱི་མི་དམངས་འདུམ་འགྲིག་དང་ཁྲིམས་འཛིན་ལས་རོགས་པའི་ལས་ཀར་མཛུབ་ཁྲིད་བྱས་ཏེ་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་ནང་ཞུགས་དགོས། 

(དྲུག)སྲང་ལམ་གྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀར་དོ་དམ་བྱ་རྒྱུ། 

(བདུན)ཁྲིམས་ཆད་འཁུར་ཡུན་ནས་གློད་འགྲོལ་བཏང་བ་དང་ངལ་རྩོལ་ལས་གྲོལ་བའི་མི་སྣ་བར་བརྒལ་རང་བཞིན་གྱི་བཀོད་སྒྲིག་དང་རོགས་རམ་སློབ་གསོ་གཏོང་བའི་ལས་ཀ་བསྒྲུབ་པར་འགན་འཁུར་རྒྱུ། 

(བརྒྱད)ཉེས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ། ཁག་ཐེག་བཙུགས་ནས་བཙོན་ཁང་གི་ཕྱི་རོལ་དུ་སྨན་བཅོས་བྱེད་དུ་འཇུག་པ། བཙོན་ཁང་གི་ཕྱི་རོལ་དུ་ཁྲིམས་ཆད་འཁུར་བའི་ཉེས་ཅན་དང་ངལ་རྩོལ་དུ་ཚུད་མཁན་ལ་ལྟ་སྐུལ་དོ་དམ་དང་རྟོག་ཞིབ་བྱེད་པའི་ལས་ཀར་ཞུགས་དགོས།

(དགུ)ཁྲིམས་འགལ་གྱི་ན་གཞོན་དང་ལོ་ཆུང་ལ་ཁྲིམས་ལུགས་སློབ་གསོ་གཏོང་བའི་ལས་ཀ་བསྒྲུབ་པར་འགན་འཁུར་རྒྱུ། 

(བཅུ)རང་ཁོངས་ས་ཁུལ་གྱི་བཅའ་ཁྲིམས་རོགས་སྐྱོར་ལས་ཀར་འགན་འཁུར་དགོས་པ་མ་ཟད། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། 

(བཅུ་གཅིག)ཆུས་སྲིད་གཞུང་གིས་སྤྲད་པའི་ལས་ཀ་གཞན་དག་བསྒྲུབ་རྒྱུ།

2 ནང་ཁུལ་སྒྲིག་གཞི།

ཕྱོགས་བསྡུས་གཞུང་ལས་ཁང་དང་སྡེ་ཁུལ་ཡོ་བསྲང་གཞུང་ལས་ཁང་། གཞི་རིམ་དོ་དམ་གཞུང་ལས་ཁང་། ཁྲིམས་ལྟར་བཅོས་སྐྱོང་གཞུང་ལས་ཁང་བཅས་ཚན་ཁག་བཞི་ཡོད་ལ། གཞི་རིམ་གྱི་ཁྲིམས་འཛིན་སོའོ8དང་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས1 བཅའ་ཁྲིམས་རོགས་སྐྱོར་ལས་སྒྲུབ་ས་ཚིགས68 ཁྲིམས་རོགས་པའི་ལས་གཉེར་ཁང1 ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞི3 འདུམ་འགྲིག་ཨུ་ཡོན་ལྷན་ཁང་སྣ་ཚོགས53བཅས་ཡོད། 

3 ལས་ཐོག་འགོ་ཁྲིད།

ཁའེ་ཧྥེང་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཁྲིམས་འཛིན་ཅུའུ་ཅུའུ་ཀྲང་། ཚའེ་ལིན་ཀྲེན།

ཁའེ་ཧྥེང་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཁྲིམས་འཛིན་ཅུའུ་ཅུའུ་ཀྲང་གཞོན་པ། ཀའོ་ཡུས་ལན། 

ཁའེ་ཧྥེང་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཁྲིམས་འཛིན་ཅུའུ་ཅུའུ་ཀྲང་གཞོན་པ། ཀྲའོ་ལི། 

ཁའེ་ཧྥེང་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཁྲིམས་འཛིན་ཅུའུ་ཅུའུ་ཀྲང་གཞོན་པ། ཧོང་ཧྲན། 

ཁའེ་ཧྥེང་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཁྲིམས་འཛིན་ཅུའུ་སྒྲིག་བཤེར་ཙུའུ་ཀྲང་། ལི་མིན། 

དཔྱད་གཞིའི་ཡིག་ཆ།