ཅའོ་ཙུའོ་གྲོང་ཁྱེར་སྤྱི་བདེ་ཅུའུ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-02-25 15:07ལ་འགྲུབ།

ཅའོ་ཙུའོ་གྲོང་ཁྱེར་སྤྱི་བདེ་ཅུའུ།

ཅའོ་ཙུའོ་གྲོང་ཁྱེར་སྤྱི་བདེ་ཅུའུ།
ཅའོ་ཙུའོ་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་ཧུ་ནན་ཞིང་ཆེན་ཅའོ་ཙའོ་གྲོང་ཁྱེར་བཅིངས་འགྲོལ་དཀྱིལ་ལམ་གྱི་ཨང358པར་ཡོད་ཅིང་། མངའ་འོག་ཏུ་རྫོང་སྤྱི་བདེ་ཅུའུ་དྲུག་དང་གྲོང་ཁུལ་ཡན་ལག་ཅུའུ་བདུན་ཡོད། དེའི་ནང་དུ་ཉེན་རྟོག་པའི་རིགས་ཀྱི་ཡན་ལག་རུ་ཁག་དང་། ཁའོ། ཁག རུ་ཁག32ཡོད་པ་དང་། ཁྱོན་བསྡོམས་མི་དམངས་ཉེན་རྟོག་པ་བཞི་སྟོང་ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
焦作市公安局
རྒྱབ་ཁབ།
ཀྲུང་གོ
རིགས་དབྱེ།
སྲིད་གཞུང་ལས་ཁུངས།
རྣམ་པ།
ཞིང་ཆེན་ཁོངས་གཏོགས་ཀྱི་གྲོང་ཁྱེར་སྤྱི་བདེ་ཅུའུ།
ཁོངས་གཏོགས་ལས་ཁུངས།
སྤྱི་བདེ་ཅུའུ་དྲུག་དང་གྲོང་ཁུལ་ཡན་ལག་ཅུའུ་བདུན་ཡོད།
གནས་ཡུལ།
ཧུ་ནན་ཞིང་ཆེན་ཅའོ་ཙའོ་གྲོང་ཁྱེར་བཅིངས་འགྲོལ་དཀྱིལ་ལམ་གྱི་ཨང358པ།
འགོ་ཁྲིད།
ལུའུ་ཝུན་མིང་།
1 ངོ་སྤྲོད་མདོར་བསྡུས།

ཉེ་བའི་ལོ་ཤས་རིང་ཅའོ་ཙུའོ་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་ཅའོ་ཙའོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འགན་ནུས་སྡེ་ཚན་གལ་ཆེན་དང་རྒྱལ་ཁབ་ཀྱི་ཉེས་དོན་ཁྲིམས་འཛིན་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཅའོ་ཙུའོ་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གི་ཚད་མཐོ་བའི་མཐོང་ཆེན་དང་ཐད་ཀའི་འགོ་ཁྲིད་འོག ཞིང་ཆེན་སྤྱི་བདེ་ཐིང་དང་གོང་རིམ་འབྲེལ་ཡོད་སྡེ་ཁག་གི་ཤུགས་ཆེན་གྱི་མཛུབ་སྟོན་དང་རོགས་རམ་འོག “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ་རང་རྟོགས་ཀྱིས་ལག་ཏུ་བསྟར་ནས། “ངེས་པར་དུ་བྱེད་དགོས་པ་གཉིས”ཞེས་པར་བརྩོན་ལེན་བྱས། ཏང་གི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་བཅོ་ལྔ་བ། བཅུ་དྲུག་པ་བཅས་ཀྱི་དགོངས་དོན་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་ནས། གུང་ཁྲན་ཏང་གི་སྲིད་སྐྱོང་གོ་གནས་སྲུང་སྐྱོང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་ཏན་ཏིག་བྱས། མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བའི“ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་གསུམ”ལ་འགན་ལེན་ཀྱང་བྱས་ནས། ས་གནས་དེ་གའི་ཆབ་སྲིད་བརྟན་ལྷིང་དང་བདེ་འཇགས་ཁྱོན་ཡོངས་ནས་སྲུང་སྐྱོང་བྱ་རྒྱུ་དེ་རང་གི་ལས་འགན་དུ་བརྩིས། ད་དུང“དུས་བདེ་རྙོག་བཟོ”འཛུགས་སྐྲུན་བྱེད་པའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས། འགན་སྲུང་ནུས་ལྡན་གྱི་ཚད་གཞི་ཁྱོན་ཡོངས་ནས་སྤྱི་བདེའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་ནུས་ཤུགས་ཆེ་རུ་གཏོང་བའི་དུས་མཚུངས་སུ་རྒྱུན་མི་ཆད་པར་བདེ་འཇགས་དོགས་ཟོན་སྤྱི་ཚོགས་ཅན་དུ་འགྱུར་བའི་ལས་གྲྭར་སྐུལ་སྤེལ་བཏང་སྟེ་མི་བསད་པའི་གྱོད་གཞིའི་འགག་སྒྲོལ་དང་། བདེ་འཇགས་སྔོན་འགོག གཞི་རིམ་གྱི་རྨང་གཞི་འཛུགས་སྐྲུན། སྤྱི་བདེའི་ཚན་རྩལ། དྲ་རྒྱའི་ལྟ་ཞིབ། སྤྱི་བདེའི་དྲིལ་བསྒྲགས་སོགས་ཀྱི་སྤྱི་བདེའི་ལས་དོན་ཚང་མ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པས་རིམ་པ་ཁག་གི་ཏང་ཨུ་དང་། སྲིད་གཞུང་།  སྤྱི་བདེ་པུའུ། ཞིང་ཆེན་སྤྱི་བདེ་ཐིང་བཅས་ཀྱི་འགོ་ཁྲིད་ཀྱིས་ཁས་ལེན་གང་ལེགས་དང་རྒྱ་ཁྱང་ངང་གྲོང་ཁྱེར་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ།

2 ལས་འགན།

གཅིག སྤྱི་བདེའི་ལས་ཀའི་བྱེད་ཕྱོགས་དང་སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་། ས་གནས་ཀྱི་རང་བཞིན་ལྡན་པའི་སྤྱི་བདེའི་ཁྲིམས་སྲོལ་དང་སྒྲིག་སྲོལ་བཟོ་འགོད་བྱེད་པ།

གཉིས། ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་སྣ་ཚོགས་ལ་སྔོན་འགོག་དང་རྡུང་རྡེག མྱུལ་ཞིབ་བཅས་བྱེད་པ།

གསུམ། སྤྱི་ཚོགས་ཀྱི་བདེ་སྐྱོང་སྒྲིག་ལམ་སྲུང་སྐྱོང་བྱེད་པ།

བཞི། འགྲིམ་འགྲུལ་གྱི་བདེ་འཇགས་དང་འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་སྐྱོང་། འགྲིམ་འགྲུལ་གྱི་བྱུར་རྐྱེན་ཐག་གཅོད་བྱེད་པ།

ལྔ། གྲོང་ཁྱེར་ཡོངས་ཀྱི་རྒྱལ་མཚམས་ནས་འགྲོ་འོང་དང་བདེ་འཇགས། ཐེམ་ཐོ་དོ་དམ་བཅས་ཀྱི་ལས་དོན་ལ་དོ་དམ་བྱེད་པ།

དྲུག གྲོང་ཁྱེར་ཡོངས་ཀྱི་བཙོན་ཁང་ལས་དོན་ལ་ཁྲིམས་ལྟར་དོ་དམ་དང་མཛུབ་ཁྲིད་བྱེད་པ།

བདུན། ལས་ཁུངས་དང་ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ཀྱི་བདེ་འཇགས་སྲུང་སྐྱོང་ལས་ཀ་དང་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་སྤྱི་བདེ་སྲུང་སྐྱོང་རྩ་འཛུགས་འཛུགས་སྐྱོང་གི་བྱ་བར་མཛུབ་ཁྲིད་དང་དོ་དམ། ལྟ་སྐུལ་བཅས་བྱེད་པ།

བརྒྱད། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཆེད་དམིགས་མི་སྣ་རྣམས་ལ་ཉེན་ཟོན་སྲུང་སྐྱོབ་བྱེད་པ།

དགུ། གྲོང་ཁྱེར་ཡོངས་ཀྱི་རྩིས་འཁོར་གྱི་ཆ་འཕྲིན་མ་ལག་གི་བདེ་འཇགས་སྲུང་སྐྱོང་བྱ་བར་ལྟ་སྐུལ་དང་དོ་དམ་བྱེད་པ།

བཅུ། མེ་གསོད་མེ་འགོག་གི་ལས་ཀ་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ་དང་། མེ་གསོད་མེ་འགོག་བྱས་ཚུལ་ལ་ལྟ་སྐུལ་བྱེད་པ།

བཅུ་གཅིག གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་རྩ་འཛུགས་འཛུགས་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་པ།

བཅུ་གཉིས། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་སྒྱུར་བྱེད་སྒོར་མཛུབ་ཁྲིད་དང་ཞིབ་བཤེར།ལྟ་སྐུལ་བཅས་བྱེད་པ།

བཅུ་གསུམ། གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་སྲིད་གཞུང་། གོང་རིམ་སྤྱི་བདེ་ལས་ཁུངས་བཅས་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་དོན་དག་གཞན་དག་བསྒྲུབ་དགོས་པ་བཅས་སོ།།


དཔྱད་གཞིའི་ཡིག་ཆ།