ལུའོ་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-02-25 15:07ལ་འགྲུབ།

ལུའོ་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།

ལུའོ་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།
ལུའོ་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ནི་སྐབས་དེར་ཞིབ་དཔྱོད་འགོ་འཛིན་དང་ཞིབ་དཔྱོད་འགོ་འཛིན་གཞོན་པ། ཞིབ་དཔྱོད་པ། ཞིབ་དཔྱོད་རམ་འདེགས་པ་བཅས་ལས་གྲུབ་པ་ཡིན་ཞིང་། སྤྱི་ལོ1954ལོར《རྩ་ཁྲིམས》ཀྱི་གཏན་འཁེལ་ལྟར། ལུའོ་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཧྲུའུ་ཡི་མིང་དེ་ལུའོ་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཞེས་པར་བསྒྱུར། ལོ་བཅུའི་ཟིང་འཁྲུག་གི་སྐབས་སུ། ལུའོ་དབྱང་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ལ་གཏོར་བརླག་ཚབས་ཆེན་ཐེབས། སྤྱི་ལོ1968ལོར་དམག་དོན་དོ་དམ་ལག་བསྟར་བྱས། སྤྱི་ལོ1975ལོར་མེད་པར་བཟོས། སྤྱི་ལོ1979ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《རྩ་ཁྲིམས》གསར་པའི་གཏན་འབེབས་གཞིར་བཟུང་ལུའོ་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་སླར་གསོ་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
洛阳市人民检察院
སྔར་མིང་།
ལུའོ་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཧྲུའུ།
རྒྱབ་ཁབ།
ཀྲུང་གོ
བཙུགས་ལོ།
སྤྱི་ལོ1951ལོ།
ཁོངས་གཏོགས་ལས་ཁུངས།
གཞི་རིམ་ཞིབ་དཔྱོད་ཁང16ཡོད།
རིགས་དབྱེ།
སྲིད་གཞུང་ལས་ཁུངས།
1 ངོ་སྤྲོད་མདོར་བསྡུས།

ལུའོ་དབྱང་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པུའུ་རིམ་པ་གཉིས་ཀྱི་ཞིབ་དཔྱོད་ལས་ཁུངས་ལ་ཁྱོན་བསྡོམས་མི1303ཡོད་པའི་ནང་སྲིད་འཛིན་སྒྲིག་ཁོངས་མི་གྲངས959དང་། དངོས་ཡོད་མི་གྲངས1004ཡོད། བྱ་གཞག་སྒྲིག་ཁོངས་མི་གྲངས252ཡོད་ལ། དངོས་ཡོད་མི་གྲངས299ཡོད། ཞིབ་དཔྱོད་འགོ་འཛིན85 ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན116 ཞིབ་དཔྱོད་པ498 ཞིབ་དཔྱོད་རམ་འདེགས་པ22 དྲུང་ཡིག94 ཁྲིམས་འཛིན་ཉེན་རྟོག་པ118  འབུམ་རམས་པའི་ཞིབ་འཇུག་སློབ་མ2 རབ་འབྱམས་ཞིབ་འཇུག་སློབ་མ55  སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་མ997 དངོས་གཞིའི་ཚན་ཁག་ཡན་གྱི་མི་སྣས་ཞིབ་དཔྱོད་མི་སྣའི་བསྡོམས་འབོར་གྱི81.2%བཟུང་ཡོད།

2 ནང་བཙུགས་ལས་ཁུངས།

ལུའོ་དབྱང་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཁོངས་གཏོགས་སུ་གཞི་རིམ་ཞིབ་དཔྱོད་ཁང16ཡོད་པའི་ནང་རྫོང་རིམ་པའི་གྲོང་ཁྱེར་ཞིབ་དཔྱོད་ཁང1དང་རྫོང་ཞིབ་དཔྱོད་ཁང8 གྲོང་ཁུལ་གྱི་ཞིབ་དཔྱོད་ཁང7བཅས་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་གཉིས་ཀྱི་ཞིབ་དཔྱོད་ལས་ཁུངས་ལ་ཁྱོན་བསྡོམས་ལས་བྱེད་པ་དང་ཉེན་རྟོག་པ1124ཡོད་དང་དེའི་ནང་མི་གྲངས་གཏན་འཁེལ་བྱས་པའི་ཞིབ་དཔྱོད་དཔོན32ཡོད། གྲོང་ཁྱེར་ཞིབ་དཔྱོད་ཁང་ལ་ཁྱོན་བསྡོམས་ལས་བྱེད་པ་དང་ཉེན་རྟོག་པ178ཡོད་ཅིང་། དེའི་ནང་ནས་མི་གྲངས་གཏན་འཁེལ་བྱས་པའི་ཞིབ་དཔྱོད་དཔོན58ཡོད། ཁྱོན་ཁོངས་གཏོགས་སྡེ་ཚན20དང་།མངགས་གཏོང་ཞིབ་དཔྱོད་ཁང1 བྱ་གཞག་ཚན་པ2བཅས་ཡོད། 

3 ད་ལྟའི་འགོ་ཁྲིད།

ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཞིབ་དཔྱོད་ཀྲང་། ཝུའུ་ཀྲི་ཅུན།

4 གཟི་བརྗིད་མཚན་སྙན།

སྤྱི་ལོ2011ལོའི་ཟླ12པར་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི“ཁག་གསུམ་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ།


དཔྱད་གཞིའི་ཡིག་ཆ།