ལུའོ་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-02-25 15:08ལ་འགྲུབ།

ལུའོ་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།

ལུའོ་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།
སྤྱི་ལོ1955ལོར་ལུའོ་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་བཙུགས། ལུའོ་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་ལུའོ་དབྱང་གྲོང་ཁྱེར་ལུའོ་ལུང་ཆུས་འགྲེམས་སྟོན་ལམ་གྱི་ཨང1པོར་གནས། ཁྲིམས་ཁང་གི་ཁོངས་གཏོགས་སུ་གཞི་རིམ་ཁྲིམས་ཁང16དང་གཞི་རིམ་ཁྲིམས་ཁང་གི་ཁོངས་གཏོགས་སུ་མི་དམངས་ཁྲིམས་ར45ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
洛阳市中级人民法院
རྒྱབ་ཁབ།
ཀྲུང་གོ
གནས་ཡུལ།
ལུའོ་དབྱང་གྲོང་ཁྱེར་ལུའོ་ལུང་ཆུས་འགྲེམས་སྟོན་ལམ་གྱི་ཨང1པོ།
བཙུགས་ལོ།
སྤྱི་ལོ1955ལོ།
སྦྲག་སྲིད་ཨང་རྟགས།
471000
འགོ་ཁྲིད།
ཆུས་ཧའེ་པུན།
1 ལས་ཁུངས་སྒྲིག་འཛུགས།

ལུའོ་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ད་ལྟ་གཞུང་ལས་ཁང་དང་། འདྲི་གཅོད་འགན་སྲུང་ཅུའུ། འདྲི་གཅོད་ལས་དོན་ལྟ་ཞིབ་ཅུའུ། ཆབ་སྲིད་པུའུ་དང་གྱོད་ཐོ་བཀོད་པའི་ཁྲིམས་ར། འདྲི་གཅོད་དོ་དམ་ཅུའུ། གྱོད་ཐོ་བཀོད་པའི་ཁྲིམས་ར་གཉིས་པ། ཉེས་དོན་འདྲི་གཅོད་ཁྲིམས་ར་དང་པོ། ཉེས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། ལོ་ཆུང་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ། དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ། ཤེས་བྱའི་ཐོན་དབང་འདྲི་གཅོད་ཁྲིམས་ར། ཁོར་ཡུག་ཐོན་ཁུངས་འདྲི་གཅོད་ཁྲིམས་ར། སྲིད་འཛིན་འདྲི་གཅོད་ཁྲིམས་ར། འདྲི་གཅོད་ལྟ་སྐུལ་ཁྲིམས་ར། ལག་བསྟར་ཅུའུ། ཞིབ་འཇུག་ཁང་། ཁྲིམས་འཛིན་ཉེན་རྟོག་ཉིང་ལག་རུ་ཁག ཁྲིམས་འཛིན་ལག་རྩལ་ཁྲུའུ། ལྟ་ཞིབ་ཁང་། ལས་ཁུངས་ཏང་ཨུ། ལས་འཁྱུར་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་ལས་དོན་ཁྲུའུ་སོགས་སྡེ་ཁག26ཡོད།

2 ཁྲིམས་ཁང་འཛུགས་སྐྲུན།

ད་ལོ་ནས་བཟུང་ལུའོ་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“རྒྱལ་ཡོངས་ཀྱི་ཁྲིམས་ཁང་རྩེ་གྲས”བརྩོན་ལེན་བྱ་རྒྱུ་དམིགས་འབེན་དུ་བཟུང་སྟེ།“དཔུང་ཁག་རྩེ་གྲས་དང་གྱོད་དོན་རྩེ་གྲས་ཀྱི་སྤུས་ཚད་དང་ཕན་འབྲས། འགན་སྲུང་ཆུ་ཚད་རྩེ་གྲས། ཁྲིམས་འཛིན་གྱི་ཡིད་ཆེས་བྱེད་ཚད་རྩེ་གྲས”བཅས་ནུས་ཤུགས་ཡོད་རྒུ་བཏོད་དེ་ཁྲིམས་ཁང་གི་ལས་དོན་ཁག་བདེ་བླག་ངང་སྤེལ་བར་སྐུལ་འདེད་བཏང་། གྱོད་ཐོ་འགོད་པའི་ལྷུ་ཚིགས་སུ“གཏུག་བཤེར་ཆེན་མོའི་ཞབས་ཞུ་ལྟེ་གནས”འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཞིང་། དབུ་བཞུགས་ཞབས་ཞུ་པ་དང་། ཁྲིམས་དཔོན་གྱི་འབྲེལ་གཏུག་མི་སྣ་ཁེ་ལས་སུ་མངགས་ནས་བཅའ་ཁྲིམས་ཀྱི་ཞབས་ཞུ་སྤེལ་ཏེ། ཁེ་ལས་ཀྱི་རང་བརྟེན་གསར་གཏོད་དང་། སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་རམ་འདེགས་བྱས་ཤིང་། “དམག་འབྲེལ་དབང་སྲུང་མཉམ་གྲོས་ཁྲིམས་ར”བཙུགས་ནས་གཞི་རིམ་གྱི་བཅའ་ཁྲིམས་ཁྱབ་གདལ་སློབ་གསོ་སྤེལ་ནས་རྒྱལ་སྲུང་གི་ཁེ་ཕན་དང་དམག་མི། དམག་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཆེད་འབད་བརྩོན་ཧུར་ཐག་བྱས་ཡོད།

3 གཟི་བརྗིད་མཚན་སྙན།

ཉེ་བའི་ལོ་ཤས་རིང་སྔ་རྗེས་སུ་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གཉིས་པ་བཞག་པར་ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་ཁྲིམས་ཁང་དང་རྒྱལ་ཡོངས་ཁྲིམས་ཁང་གི་བསམ་བློ་དྲིལ་བསྒྲགས་ལས་དོན་གྱི་སྔོན་ཐོན་ཚན་པ་སོགས་ཀྱི་མཚན་སྙན་ཐོབ།

སྤྱི་ལོ2020ལོའི་ཟླ3པར། ཧུ་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལུའོ་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཉེས་དོན་འདྲི་གཅོད་ཁྲིམས་ར་དང་པོའི“ཨ་ཧྥེ་རི་ཁ་དང་འབྲེལ་བ་བྱེད་པའི”ལས་དོན་གྱོད་གཞི་སྒྲུབ་གཉེར་ཚོགས་པ་ལི་ཆིང་ཅུན་ལུགས་ཀྱི་གྱོད་གཞི་སྒྲུབ་གཉེར་ཚོགས་པ་བཅུའི་གྲས་སུ་བཞག


དཔྱད་གཞིའི་ཡིག་ཆ།