ཞིན་ཞང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-02-25 15:11ལ་འགྲུབ།

ཞིན་ཞང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།

ཞིན་ཞང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།
ཞིན་ཞང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1950ལོའི་ཟླ1པོའི་ཚེས13ཉིན་བཙུགས་ཤིང་། ཞིན་ཞང་གྲོང་ཁྱེར་ཧྭ་ཀུང་ལམ་གྱི་ཨང438པར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新乡市中级人民法院
རྒྱབ་ཁབ།
ཀྲུང་གོ
བཙུགས་ལོ།
སྤྱི་ལོ1950ལོ།
སྦྲག་སྲིད་ཨང་རྟགས།
453000
གནས་ཡུལ།
ཞིན་ཞང་གྲོང་ཁྱེར་ཧྭ་ཀུང་ལམ་གྱི་ཨང438པ།
འགོ་ཁྲིད།
ཡོན་ཧུ་ཀང་།
རིགས་དབྱེ།
སྲིད་གཞུང་ལས་ཁུངས།
1 ངོ་སྤྲོད་མདོར་བསྡུས།

ཞིན་ཞང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1950ལོའི་ཟླ1པོའི་ཚེས13ཉིན་བཙུགས་པ་དང་། སྐབས་དེར་ཞིན་ཞང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ཟེར།

སྤྱི་ལོ1974ལོའི་ཟླ4བའི་ཚེས18ཉིན། ཞིན་ཞང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དེ་ཞིན་ཞང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་བསྒྱུར། ད་ཆ་སློབ་གླིང་ཡོངས་སུ་ལས་དོན་མི་སྣ368དང་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས266ཡོད་པ་དེས89.9%ཟིན་ཞིང་། འབུམ་རམས་པ1དང་ཁོངས་གཏོགས་ཚན་པ27ཡོད། དེའི་མངའ་འོག་ཏུ་གཞི་རིམ་མི་དམངས་ཁྲིམས་ཁང་བཅུ་གཉིས་དང་། མི་དམངས་ཁྲིམས་ར46ཡོད། དངོས་སུ་སྒྲིག་ཁོངས་སུ་ཡོད་པའི་ལས་བྱེད་པ་དང་ཉེན་རྟོག་པ་ཁྱོན་བསྡོམས1509ཡོད། ཞིན་ཞང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཞིན་ཞང་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་སྟངས་འཛིན་ནན་པོ་བྱས་ནས་འདྲི་གཅོད་དོ་དམ་ལམ་སྲོལ་གསར་གཏོད་གཏིང་ཟབ་བྱས་ཏེ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱབ་པ་དང་། ཁྲིམས་འཛིན་སྤྱོད་ཚུལ་ལེགས་སུ་གཏོང་བ། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཀུན་གྱིས་ཁྲིམས་འཛིན་ལ་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཞིན་ཞང་གྲོང་ཁྱེར་གྱི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཛུགས་སྐྲུན་གྱི་ཆེད་དུ་ཧུར་ཐག་སྒོས་ལེགས་སྐྱེས་འབུལ་ཡོད།

2 ལས་ཁུངས་སྒྲིག་འཛུགས།

ཞིན་ཞང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་གཞུང་ལས་ཁང་དང་། ཆབ་སྲིད་པུའུ། གྱོད་ཐོ་འགོད་པའི་ཁྲིམས་ར་དང་པོ། གྱོད་དོན་ཐོ་འགོད་བྱེད་པའི་ཁྲིམས་ར་གཉིས་པ། ཉེས་དོན་ཁྲིམས་ར་དང་པོ། ཉེས་དོན་ཁྲིམས་ར་གཉིས་པ།  དམངས་དོན་ཁྲིམས་ར་དང་པོ། དམངས་དོན་ཁྲིམས་ར་གཉིས་པ། དམངས་དོན་ཁྲིམས་ར་གསུམ་པ། དམངས་དོན་ཁྲིམས་ར་བཞི་པ། དམངས་དོན་ཁྲིམས་ར་ལྔ་པ། དངུལ་རྩའི་འདྲི་གཅོད་ཁྲིམས་ར། སྲིད་འཛིན་ཁྲིམས་ཁང་། འདྲི་གཅོད་ལྟ་སྐུལ་ཁྲིམས་ར་དང་ཁྲིམས་ཁང་དང་པོ། ལག་བསྟར་ཅུའུ། ལས་ཁུངས་དང་ཏང་ཨུ། ལས་ཁུངས་ཀྱི་ཞབས་ཞུ་ལྟེ་གནས། ཞིབ་འཇུག་ཁང་། ཁྲིམས་ལུགས་ཉེན་རྟོག་ཉིང་ལག་རུ་ཁག་སོགས་ནང་ཁུལ་དུ་བཙུགས་པའི་ལས་ཁུངས27བཅས་ཡོད།

3 ཁྲིམས་ཁང་གི་འཛུགས་སྐྲུན།

ཉེ་བའི་ལོ་ཤས་རིང་ཞིན་ཞང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་རེར་ཆ་སྙོམས་སུ་གྱོད་གཞི་ཆིག་ཁྲི་ལྷག་ཙམ་ཞིབ་བཤེར་མཇུག་སྒྲིལ་བྱས་ཏེ། ཀྲུང་ཡོན་དཔལ་འབྱོར་ཁུལ་གྱི་གྲོང་ཁྱེར་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ཁྲིམས་འཛིན་འགན་སྲུང་དང་བཅའ་ཁྲིམས་ཀྱི་ཞབས་ཞུ་ནུས་ལྡན་འདོན་སྤྲོད་བྱས་ཡོད། ཞིན་ཞང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་བྱེད་སྒོ་གོ་སྐབས་སུ་བཟུང་ནས། “སྤྱོད་ཚུལ་དམ་འཛིན་དང་སྒྲིག་ཁྲིམས་ལེགས་འཛུགས། དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད། འདྲི་གཅོད་དོ་དམ་དམ་འཛིན་དང་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་ལ་སྐུལ་འདེད། སྲིད་དོན་གཙང་སྐྱོང་དམ་འཛིན་དང་རུལ་སུངས་འགོག་འགོག གཏུག་བཤེར་དང་འབྲེལ་བ་ཡོད་པའི་ཡིག་སྐུར་ངོ་བཅར་དམ་འཛིན་དང་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད། ཁྲིམས་འཛིན་ཡོངས་བསྒྲགས་ལ་དམ་འཛིན། དམངས་བདེ་དམངས་ཕན་དམ་འཛིན་དང་མི་དམངས་ཀྱི་བློ་ལ་འབབ་པར་སྐུལ་འདེད”བཅས་རང་འགུལ་ངང་གྲོང་ཁྱེར་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ལ་ཞུགས་ནས། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྲུང་སྐྱོང་དང་། འདྲི་གཅོད་དབང་ཆ་སྤྱོད་པའི་ནང་རྐྱེན་ཚད་ལྡན་དུ་གཏོང་བ། དབང་ཆ་ལག་བསྟར་ཡང་དག་པ་བྱེད་པར་འགན་སྲུང་སྔར་ལས་ལྷག་པར་བྱེད་པ། ཁྲིམས་འཛིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བར་བྱེད་པ། ཧུར་ཐག་གིས་འཚོལ་ཞིབ་བྱེད་པ། བསྒྱུར་བཅོས་གསར་གཏོད་ལ་སྐུལ་སྤེལ་བཅས་བྱས་པས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ནུས་ལྡན་སྒོས་སྲུང་སྐྱོང་བྱས་ནས་ཁྲིམས་འཛིན་གྱི་གཟུགས་བརྙན་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་མངོན་གསལ་མཐོ་རུ་ཕྱིན་ཡོད།

4 གཟི་བརྗིད་མཚན་སྙན།

ཞིན་ཞང་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ2009ལོར་རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པར་བདམས་པ་དང་ལོ་དགུར་བསྟུད་མར་རྒྱལ་ཡོངས་ཀྱི་ཁྲིམས་ཁང་གི་བསམ་བློ་དྲིལ་བསྒྲགས་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས་ཤིང་། ཐེངས་གཉིས་ལ་ཁྲིམས་འཛིན་དྲིལ་བསྒྲགས་ལས་དོན་གྱི་གྲུབ་འབྲས་འབུར་དུ་ཐོན་པའི་མི་དམངས་ཁྲིམས་ཁང་དུ་བདམས། ཐེངས་གཉིས་ལ་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས། རྣམ་གྲངས་རྐྱང་པའི་ལས་དོན་མང་པོ་ཞིག་ལ་ཞིང་ཆེན་དང་གྲོང་ཁྱེར་གྱི་སྔོན་ཐོན་མཉམ་སྡེབ་ཀྱི་མཚན་སྙན་ཐོབ།

སྤྱི་ལོ2020ལོའི་ཟླ3པར། ཧུ་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིན་ཞང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་དམངས་དོན་འདྲི་གཅོད་རུ་ཁག་དང་པོའི་ལི་ཆིན་ཅུན་གྱི་གྱོད་གཞི་སྒྲུབ་པའི་རུ་ཁག་བཅུའི་གོ་གནས་སྤྲད།


དཔྱད་གཞིའི་ཡིག་ཆ།