ཞིན་ཞང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-02-25 15:10ལ་འགྲུབ།

ཞིན་ཞང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།

ཞིན་ཞང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།
ཞིན་ཞང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ནི་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་འགོ་ཁྲིད་ལས་ཁུངས་ཡིན་ཞིང་། གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་འགོ་ཁྲིད་དང་ལེན་བྱས་ཏེ། གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་དགོས་པ་མ་ཟད་ལས་དོན་སྙན་ཞུ་ཡང་འབུལ་དགོས་པ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་དང་ལེན་བྱེད་དགོས། ད་ལྟ་ཞུས་ཞའོ་ཝེ་ཡིས་ཞིན་ཞང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་གྱི་འགན་བཞེས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新乡市人民检察院
ཕྱི་ཡིག་གི་མིང་།
Xinxiang People's Procuratorate
རྒྱབ་ཁབ།
ཀྲུང་གོ
འགོ་ཁྲིད།
ཞུས་ཞའོ་ཝེ།
ཁོངས་གཏོགས་ལས་ཁུངས།
ཧུ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་།
རིགས་དབྱེ།
སྲིད་གཞུང་ལས་ཁུངས།
1 ལས་ཁུངས་ངོ་སྤྲོད་མདོར་བསྡུས།

ཞིན་ཞང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་མངའ་ཁོངས་སུ་གཞུང་ལས་ཁང་དང་ཆབ་སྲིད་པུའུ། མྱུལ་ཞིབ་ལྟ་སྐུལ་ཁྲུའུ། གཞུང་གཏུག་ཅུའུ། མ་བཤེར་ཁྲུའུ་སོགས་ལས་ཁུངས20ཡོད་པ་དང་། དེའི་མངའ་འོག་ཏུ་ཧུ་ནན་ཞིང་ཆེན་ཞིབ་དཔྱོད་དཔོན་སློབ་གླིང་གི་ཞིན་ཞང་ཡན་ལག་ཁང་དང་མངགས་གཏོང་གསར་སྤེལ་ཁུལ་གྱི་ཞིབ་དཔྱོད་ཁང3དང་། མངག་གཏོང་གསར་སྤེལ་ཁུལ་གྱི་ཞིབ་དཔྱོད་ཁང1སྟེ་ཝེ་ཧོ་ས་ཁུལ་གྱི་མི་དམངས་ཞིབ་དཔྱོད་ཁང་བཙུགས་ཡོད། དེའི་ཁོངས་གཏོགས་ཀྱི་ཝེ་ཧེ་གྲོང་ཁྱེར་དང་། ཧེ་ཞན་གྲོང་ཁྱེར། ཞིན་ཞང་རྫོང་། ཧྲི་ཅ་རྫོང་། ཡན་ཅིན་རྫོང་། ཧྥེང་ཆོན་ཆུས་བཅས་ཀྱི་གཞི་རིམ་ཞིབ་དཔྱོད་ཁང12ཡོད་ལ།

གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་སུ་ད་ལྟ་ཞིབ་དཔྱོད་མི་སྣ1092ཡོད་ཅིང་། དེའི་ནང་དུ་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་མི169དང་། གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཁོངས་མི8ཡོད།

མིག་སྔར་ཞིན་ཞང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས“དཔུང་ཁག་ལ་དམ་འཛིན་དང་། ལས་སྒོ་ལ་སྐུལ་འདེད”བཅས་སྤྱིའི་བསམ་ཕྱོགས་དང“བརྩོན་ལེན་གཉིས་དང་གསར་གཏོད་གཅིག”སྤྱིའི་དམིགས་ཚད་དུ་བྱས་ནས་གནོན་ཤུགས་ཆེ་རུ་བཏང་ནས་འབད་འབུངས་ཡར་བརྩོན་དང་སྔོན་ཐོན་བརྩོན་ལེན་བྱས་ཏེ་ཧུར་ཐག་སྒོས་ཞང་གསར་པའི་ཞིབ་དཔྱོད་ལས་དོན་གྱི་རྣམ་པ་གསར་པ་བཏོད་པ་ཡིན།

2 སྒྲིག་གཞིའི་འགན་འཁྲི།

གཅིག ཁྲིམས་ལྟར་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་ལ་གྲོས་གཞི་འདོན་དགོས།

གཉིས། གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་ཁྲིམས་ཁང་གི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་དོན་ལ་འགོ་ཁྲིད་དང་སྒྲིག་འཛུགས་ལག་བསྟར་བྱེད་དགོས།

གསུམ། གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་སྒྲིག་འཛུགས་དང་འགོ་ཁྲིད་བྱས་ཏེ་ཁྲིམས་ལྟར་ཉེས་དོན་གཏུག་བཤེར་དང་སྲིད་འཛིན་གཏུག་བཤེར་ལ་བཅའ་ཁྲིམས་ཀྱིས་ལྟ་སྐུལ་བྱེད་དགོས།

བཞི། གྱོད་དོན་སྙན་ཞུ་དང་ཞུ་གཏུག རྒྱུ་མཚན་ཞུ་འབུལ། ཐེར་འདོན་གོང་ཞུ། དེ་བཞིན་ཉེས་བསགས་དོགས་གནད་ཆེ་བའི་སྐྱེ་བོ་བཅས་ཀྱི་བྱས་ཉེས་རང་ཞུ་བདག་སྤྲོད་བྱེད་པ།

ལྔ། གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་ཐོག་ཉེས་གསོག་སྔོན་འགོག་བྱེད་རྒྱུའི་ལས་དོན་སྤེལ་རྒྱུར་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་ཏེ་བརྟག་ཞིབ་དང་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་དགོས།

དྲུག གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་དཔྱོད་ལག་རྩལ་དང་དངོས་དཔང་ཞིབ་བཤེར། གསལ་འབྱེད། སྦྱོང་བརྡར། ཆ་འཕྲིན་བདེ་འཇགས་བཅས་ཀྱི་ལས་ཀར་ཁྲིད་སྟོན་བྱེད་པ།

བདུན། གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་ཁྲོད་བཅའ་ཁྲིམས་དངོས་སུ་སྤྱོད་པའི་གནད་དོན་ལ་བཅའ་ཁྲིམས་དང་སྲིད་ཇུས་ཞིབ་འཇུག་བྱེད་པ།

བརྒྱད། གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་། བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་སྒྲིག་འཛུགས་དང་དེར་ཁྲིད་སྟོན་བྱ་རྒྱུ་དང་། ཞིབ་དཔྱོད་དཔོན་དང་ཞིབ་དཔྱོད་མི་སྣ་གཞན་དག་ལ་ཁྲིམས་ལྟར་དོ་དམ་བྱེད་དགོས་ལ། གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་བྱེད་པར་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་བྱེད་པའི་ལས་ཀར་སྒྲིག་འཛུགས་དང་ཁྲིད་སྟོན་བྱེད་པ།

དགུ། གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ནོར་དོན་སྒྲིག་ཆས་ཀྱི་ལས་ཀར་འཆར་འགོད་དང་ཁྲིད་སྟོན་བྱེད་པ། 

3 ད་ལྟའི་འགོ་ཁྲིད།

ཞུས་ཞའོ་ཝེ་ཡིས་ཞིན་ཞང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་།ཞིབ་དཔྱོད་འགོ་འཛིན།རིམ་པ་གཉིས་པའི་མཐོ་རིམ་ཞིབ་དཔྱོད་དཔོན་གྱི་འགན་བཞེས།

པུའུ་ཞའོ་ཅུན་དང་ལི་ཞིན་ཆང་གིས་ཞིན་ཞང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་། ཞིབ་དཔྱོད་འགོ་འཛིན་གཞོན་པའི་འགན་བཞེས།

ཁྲེན་ཧྲུན་ཀྲི་ཡིས་ཞིན་ཞང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་གཞོན་པའི་འགན་བཞེས།

ཀྲའོ་ལི་ཡིས་ཞིན་ཞང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་གྱི་འགན་བཞེས།

ཕང་ཅིན་ཀོང་གིས་ཞིན་ཞང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་། གྲོང་ཁྱེར་སྒྲིག་ཨུ། ཞིན་ཞང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་གི་ཙུའུ་ཀྲང་བཅས་ཀྱི་འགན་བཞེས།

4 གཟི་བརྗིད་མཚན་སྙན།

སྤྱི་ལོ2015ལོའི་ཟླ2པར་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས“སྐབས་བཞི་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ། 

སྤྱི་ལོ2020ལོའི་ཟླ7པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས“ཁྲིམས་སྐྱོང་སློབ་གྲྭར་སྤེལ་བ”ཞེས་པའི་རྒྱལ་ཡོངས་ཀྱི་སྐོར་སྐྱོད་གཏམ་བཤད་བྱེད་སྒོའི་མཚོན་ཚུལ་ཚན་པར་བདམས། 

སྤྱི་ལོ2020ལོའི་ཟླ12པའི་ཚེས15ཉིན“སྤྱི་ལོ2019ལོ་ནས་སྤྱི་ལོ2020ལོའི་བར་གྱི་གྲོན་ཆུང་རྣམ་པའི་སྤྱི་པའི་སྒྲིག་གཞིའི་དཔེ་སྟོན་ཚན་པར”གཏན་འཁེལ་བྱས།


དཔྱད་གཞིའི་ཡིག་ཆ།